རྫ་དགོན་གསར་དགོན་གྱི་གྲྭ་པ་གཉིས་ལ་ཁྲིམས་ཆད།

རྒན་ཨ་དོན་ཡོད་ནི་ལོ་འདིར་རྒྱ་ནག་གཞུང་གིས་རང་བཙན་སྦྱར་ཡིག་བཀྲམ་པའི་ཉེས་མིང་འོག་ལོ་དྲུག་གི་དུས་བཀག་དང༌། ཁོང་གིས་དགོན་པའི་གྲྭ་ཆུང་མི་ཉུང་བ་ཞིག་ལ་བོད་ཡིག་འབྲི་ཀློག་དང་ཆོ་ག་ཕྱག་ལེན་སོགས་སློབ་བཞིན་ཡོད་ལ། དགོན་པའི་ཁྲི་ཟུར་བླ་མ་བཀྲ་རྒྱལ་ནི་དགོན་པའི་ལས་སྣེ་རྣམས་ཀྱིས་རྒྱ་གཞུང་གི་འདོད་མོས་ལ་མིང་རྟགས་མ་བཀོད་པ་དང་མི་འདོད་པའི་རྣམ་འགྱུར་བསྟན་པ་སོགས་ཀྱི་རྐྱེན་པས་མི་མང་ལ་ངན་སྐུལ་སོགས་ཉེས་མིང་འདྲ་མིན་འོག་ནས་ལོ་གསུམ་གྱི་དུས་བཀག་བཙོན་འཇུག་བྱས་འདུག ཁོང་ནི་གཅིག་དགུ་བརྒྱད་ཅུའི་ནང་རྒྱ་གར་དུ་ཕེབས་ནས་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་དུ་ཕྱག་དཔེ་ལོ་བཅུ་གཉིས་ལྷག་གཟིགས་རྗེས་རྫ་ཆོས་རྗེ་རིན་པོ་ཆེས་ཐད་ཀར་དགོན་པའི་ཁྲི་པར་མངགས་ནས་བོད་ནང་རང་དགོན་གྱི་ཁྲི་བ་ལོ་བཞི་ཁུར་ནས་ད་ལྟ་སྤང་དུང་དགོན་པའི་དབུ་འཛིན་གྱི་མཛད་ཁུར་བཞེས་པ་ཡིན་འདུག། གནས་ཚུལ་མཁོ་སྤྲོད་པ་ཡིད་ལྷུང་ཚེ་རིང་ཡེས་ཤེས།

Share this:
༡༤༥ ཀློག་གྲངས།