༄༅། །ཕྱི་ནང་གནས་བཞུགས་རྒྱ་ཆེ་བོད་ཀྱི་གསོ་བ་རིག་པའི་རྒྱུན་འཛིན་སྨན་པ་ཡོངས་ཀྱི་གསེར་སྙན་དུ།

གཞུང་འབྲེལ་རྒྱལ་སྤྱིའི་ཚོགས་ཆེན་འདི་ནི་བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་ནང་དེ་སྔ་དུས་རབས་བརྒྱད་པའི་ནང་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་དཔལ་བསམ་ཡས་གཙུག་ལག་ཁང་དུ་བོད་ཀྱི་གསོ་བ་རིག་པའི་བགྲོ་གླེང་ཚོགས་ཆེན་ཐེངས་དང་པོ་བསྐོང་ཚོགས་གནང་བ་དེའི་རྗེས་འབྲེལ་དུ་ད་ལན་ཕྱི་ནང་གནས་བཞུགས་བོད་ཀྱི་གསོ་བ་རིག་པའི་མཁས་དབང་སུམ་ཅུ་ཙམ་གདན་འདྲེན་ཞུས་ཐོག་བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་དང༌། གཞི་རྩའི་ལྟ་གྲུབ། ནད་བཅོས་ཉམས་མྱོང༌། གཏར་སྲེག་སོགས་ནད་ཐོག་ལག་ལེན་དམར་འཁྲིད། སྨན་དང་སྨན་སྦྱོར་ལག་ལེན་སོགས་ཀྱི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ་ཡིན། གཞན་ཡང་བོད་ཀྱི་གསོ་བ་རིག་པའི་སྨན་པ་བགྲེས་གཞོན་དབར་འབྲེལ་འདྲིས་ཉམས་མྱོང་སྤེལ་རེས་དང་ལྷག་པར་གསོ་བ་རིག་པའི་ཐོག་དཔྱད་རྩོམ་སྒྲོགས་སྦྱང་གནང་རྒྱུའི་གོ་སྐབས་ཀྱང་འབུལ་རྒྱུ་ཡིན་པས་ཚོགས་ཆེན་ཐོག་ཚོགས་བཅར་དང་དཔྱད་རྩོམ་སྒྲོགས་སྦྱང་གནང་འདོད་ཡོད་པ་རྣམས་ནས་གཤམ་གསལ་གྱི་ཁ་བྱང་ཐོག་ངེས་པར་འབྲེལ་བ་གནང་རོགས་ཞུ། ཚོགས་ཆེན་གྱི་དོད་རིམ་པ་གསུམ་དུ་ཕྱེ་ཡོད་པས་དེབ་སྐྱེལ་སྔ་མ་ནི་ཕྱི་ལོ་༢༠༡༡ ཟླ་༡༠ ཚེས་༣༡ དང་བར་མ་ཕྱི་ལོ་༢༠༡༢ ཟླ་༣ ཚེས་༢༥ བར་དེབ་སྐྱེལ་ཕྱི་མའམ་ཚོགས་ཐོག་དེབ་སྐྱེལ་བཅས་སོ་སོའི་དོད་ཀྱང་རིམ་པར་ཕྱེ་ཡོད་པས་འབྲེལ་ཡོད་ནས་ཚོགས་བཅར་དེབ་སྐྱེལ་གང་སྔ་གནང་རྒྱུའི་འབད་བརྩོན་གནང་རོགས།

དཔྱད་རྩོམ་སྒྲོགས་སྦྱང༌།  Paper Presentation

བོད་ཀྱི་གསོ་བ་རིག་པའི་བརྗོད་གཞིའི་ཐོག་དཔྱད་རྩོམ་གནང་འདོད་ཡོད་པ་རྣམས་ནས་ཕྱི་ལོ་༢༠༡༢ ཟླ་༣ ཚེས་༢༥ འགྱངས་མེད་རང་ཉིད་ཀྱི་དཔྱད་རྩོམ་འབུལ་ཚར་བ་དགོས། དཔྱད་རྩོམ་གྱི་བསྡུ་དོན་ཤོག་བུ་གཅིག་སྟེ་སྐར་མ་བཅུའི་ནང་སྒྲོག་སྦྱང་གནང་ཚར་བ་དགོས་པ་དང་དཔྱད་རྩོམ་རྒྱས་པ་ཤོག་བུ་བཅུ་ལས་མི་མང་བ་དགོས། དཔྱད་རྩོམ་འབྱོར་བ་རྣམས་ལ་ཚོགས་ཆུང་ནས་ཞིབ་འཇུག་གིས་སྒྲོགས་སྦྱང་ཞུ་འོས་པ་རྣམས་ལ་བརྡ་ལན་འབུལ་རྗེས་དཔྱད་རྩོམ་དེ་ཐ་མའི་ཚོགས་ཆེན་གྱི་དེབ་ཆུང་ནང་བཀོད་སྒྲིག་བྱ་རྒྱུ་ཡིན། འདེམས་སྒྲུག་ཟིན་པའི་དཔྱད་རྩོམ་པ་རྣམས་ནས་རང་ཉིད་ཀྱི་ལོ་རྒྱུས་མདོར་བསྡུས་ཤིག་འབུལ་དགོས་པ་ཡིན།
ཚོགས་ཆེན་གྱི་ལས་རིམ་སོགས་རྒྱས་པ་སྨན་ལྷན་དྲ་རྒྱ་དང་དེ་བཞིན་བོད་གཞུང་སྨན་རྩིས་ཁང་གི་དྲ་རྒྱ། ལྕགས་པོ་དྲན་རྟེན་བོད་སྨན་སློབ་གཉེར་ཁང་གི་དྲ་རྒྱའི་ནང་གཟིགས་རྒྱུ་ཡོད་པས་འབྲེལ་ཡོད་ཚང་མས་དེ་དོན་དགོངས་པར་མངའ་གནང་ཡོང་བ་ཞུ། བཅས་ཚོགས་ཆེན་གྱི་གོ་སྒྲིག་ཚོགས་ཆུང་ནས་ཕྱི་ལོ་༢༠༡༡ ཟླ་༦ ཚེས་༡ ལ།།

འབྲེལ་ཡུལ་ཁ་བྱང༌།

Organizing Committee
International Conference on Tibetan Medicine
C/O Central Council of Tibetan Medicine
Gangchen Kyishong Dharamsala-176215 Distt.
Kangra (H.P.) INDIA

Telephone: +91-1892-223483
Tele Fax: +91-1892-226462
Website: www.tibmedcouncil.org
Email ID:  2012ictm@gmail.com

Share this:
༤༨ ཀློག་གྲངས།