ཧིན་དྷུའི་བླ་ཆེན་སཱ་ཨི་བྷ་བྷའི་སྡོད་ཁང་ནས་རྒྱུ་ནོར་མང་པོ་ཐོན་པ།

གསེར་གྱི་རིན་ཐང་དེ་ཧིན་སྒོར་ལ་ཕབ་ན་དུང་ཕྱུར་༢༠ ཡིན་པ་དང། དངུལ་གྱི་རིན་ཐང་དེ་ཧིན་སྒོར་ལ་ཕབ་ན་དུང་ཕྱུར་༡ དང་བྱེ་བ་༦ ཡིན་པ་རེད། སཱ་ཨི་བྷ་བྷ་མ་གྲོངས་པའི་སྐབས་སུ་ཁོང་གི་སྡོད་ཁང་ནང་དུ་སུ་ཡང་གཏོང་གི་མེད་ཅིང། ཁོང་འདས་པའི་རྗེས་སུ་ཕོ་བྲང་གི་ནང་དུ་ཅ་དངོས་གང་ཞིག་ཡོད་མེད་དེ་ནི་གསང་བ་ཆེན་པོ་ཞིག་ཆགས་ཡོད་པ་རེད། གོང་ཚེས་ཉིན་སཱ་ཨི་བྷ་བྷའི་ཚོགས་པའི་རྒྱུན་ལས་རྣམས་ཀྱིས་སྡོད་ཁང་ནང་དུ་སྔོག་བཤེར་བྱས་པའི་སྐབས་རྒྱུ་ནོར་དེ་རྣམས་ལག་ཏུ་སོན་ཡོད་པ་རེད། དེ་བཞིན་དེའི་སྐབས་སུ་གསེར་ལས་བཟོས་པའི་ལྷ་ཀྲིཥ་ན་དང། ར་མཱ་ཎ། ཧ་ནུ་མན་བཅས་ཀྱི་སྐུ་འདྲ་ཆེན་པོ་འགའ་ཡང་ལག་སོན་བྱུང་ཡོད་འདུག།

དངུལ་རྐྱང་དེ་རྣམས་ནི་སཱ་ཨི་བྷ་བྷའི་ཚོགས་པའི་མིང་ཐོག་ཡོད་པའི་དངུལ་ཁང་གི་བཅུག་ཁྲའི་ནང་དུ་བཅོལ་ཟིན་ཡོད་ཅིང། སྔོག་བཤེར་སྐབས་རྒྱ་གར་གཞུང་གི་ཡོང་འབབ་དཔྱ་ཁྲལ་བསྡུ་རུབ་བྱེད་མཁན་གྱི་མི་སྣ་ཡང་མཉམ་དུ་ཡོད་འདུག། ཡ་མཚན་པ་ཞིག་ལ་བླ་ཆེན་སཱ་ཧི་བྷ་བྷ་ལ་གཉེན་ཉེ་དུ་སོགས་མང་པོ་ཡོད་ཀྱང་གོང་དུ་ལག་སོན་བྱུང་བའི་རྒྱུ་ནོར་དེ་དག་རྣམས་ནི་སུ་གང་གི་མོང་ཐོག་ཏུ་བཟོས་མེད་པ་རེད། སཱ་ཨི་བྷ་བྷ་ནིི་འདི་ལོའི་ཕྱི་ཟླ་༣ ནང་སྐུ་གྲོངས་ཤིང། ཁོང་གི་ཚོགས་པའི་རྒྱུན་ལས་རྣམས་ཀྱིས་བརྗོད་པ་ལྟར་ན། ཕྱི་ཟླ་༧ ཚེས་༡༥ ཉིན་ནས་ཁོང་གི་རྗེས་འབྲང་པ་རྣམས་ལ་ཕོ་བྲང་གི་ནང་དུ་མཇལ་ཁ་གཏོང་རྒྱུ་ཡིན་པ་རེད་འདུག །

Share this:
༡༥ ཀློག་གྲངས།