དཀར་མཛེས་རྫོང་ཐོག་ཏུ་བཙུན་མ་འཇུ་བཟུང་།

བོད་ནང་གི་ཆུ་ཚོད་༨ ཡས་མས་ལ་འདུ་འཛོམ་ཆེ་བའི་ཁྲོམ་གཞུང་ནས་༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ལ་རང་དབང་རང་བཙན་གཙང་མ་དགོས།  རྒྱ་དམག་དམར་པོ་བོད་ནས་ལོག་དགོས་ཞེས་པའི་སྐད་འབོད་དང་ཡིག་ཆ་སྦྱར་འགྲེམས་བྱེད་སྐབས་རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པས་ཁོང་ཚོར་ཉེས་རྡུང་ཚད་མེད་བཏང་བ་མ་ཟད། འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་རེད། ད་ལྟའི་ཆར་ཁོང་ཚོའི་ནང་མི་ཚོར་འབྲེལ་གཏུགས་བྱེད་བཅུག་མེད་པ་ལས། གཞན་ཁོང་རྣམས་ཀྱི་གནས་སྟངས་གསལ་བོ་ཤེས་རྟོགས་གང་ཡང་བྱུང་ཡོད་པ་མ་རེད།  རྒྱ་གར་ལྷོ་ཕྱོགས་འབྲས་བློ་གླིང་ཏྲེ་ཧོར་ཁམས་ཚན་གྱི་གྲྭ་བློ་བཟང་ཆོས་ལྡན་ནས་མཁོ་སྤྲོད་བྱས་སོང་།

Share this:
༩༢ ཀློག་གྲངས།