བཙུན་མ་གཉིས་ཀྱིས་དཀར་མཛེས་རྫོང་དུ་ངོ་རྒོལ་སྐད་འབོད།

སྐད་འབོད་བྱེད་ཞོར་དུ་བོད་ལ་རང་དབང་དགོས་སོགས་བྲིས་པའི་ཡིག་ཆ་འགྲེམ་སྤེལ་བྱས་པར། སྐར་ཆ་ཁ་ཤས་རྗེས་ནས་རྒྱ་གཞུང་གི་ཉེན་རྟོག་པས་ལྕགས་རྒྱུགས་སོགས་ཀྱིས་ཉེས་རྡུང་ཚད་མེད་བཏང་ནས་འཛིན་བཟུང་བྱས་ཡོད་པ་རེད། ད་ལྟའི་ཆར་ནང་མི་ཉེ་འབྲེལ་སུ་གཅིག་དང་ཐུག་འཕྲད་བྱེད་འཇུག་གི་མེད་པ་ཟད། ཟས་གོས་སྐྱེལ་ས་ཡང་རག་གི་མེད་པ་རེད།

བཙུན་མ་ཆོས་བཟང་ནི། སྐྱེས་ཡུལ་དཀར་མཛེས་རྫོང། རོང་པ་ཚ་ཆུས། ཞི་ཆེ་ཤང། གཡར་ནང་གྲོང། ཆུས་ནང་ཚང་གི་ཕ་སྐལ་དགའ་དང། མ་དངོས་གྲུབ་སྒྲོལ་མ་གཉིས་སུ་སྐྱེས། ད་སྐབས་རང་ལོ་༣༧ ཡིན་འདུག བཙུན་མ་དཔལ་ཕྲུག་ནི། སྐྱེས་ཡུལ་དཀར་མཛེས་རྫོང། ཞི་སེར་ཤང། རི་མདའ་གྲོང། ཕ་མིང་མ་ངེས་པ་དང། མ་མིང་ལ་བདེ་ཆེན་དབྱངས་མཚོ་འབོད་ཀྱི་ཡོད་ཅིང། ད་སྐབས་རང་ལོ་༣༤ ཡིན་པ་རེད།།

གནས་ཚུལ་མཁོ་སྤྲོད་གནང་མཁན་དཀར་མཛེས་དར་རྒྱས་ནས་ཡིན་པའི་གྲྭ་བྱམས་པ་ཕུན་ཚོགས།

Share this:
༧༠ ཀློག་གྲངས།