ཨ་རིའི་ཕྲུ་གུ་གསར་སྐྱེས་ནང་མི་རིགས་དཀར་པོ་གྲངས་ཉུང་ཆགས་པ།

ཡང་སྔོན་འགྲོའི་མི་འབོར་གྲངས་བཤེར་བྱས་པ་ལ་གཞིག་ན་ཨ་རིའི་མི་རིགས་ནག་པོའི་ཁྱིམ་སྐྱོང་བའི་ཨ་མ་སྤྱི་ཡོངས་ཀྱི་ཨ་རིའི་མི་རིགས་ནག་པོའི་བཟའ་ཚང་ལས་མང་བ་ཡོད་པ་དེ་ནི། ཕོ་མོ་གཉེན་སྒྲིག་བྱེད་པའི་ཚད་གཞི་དེ་ཉུང་དུ་ཕྱིན་ཡོད་པའི་ར་འཕྲོད་བྱུང་ཡོད་པ་རེད། སྤྱིར་མི་རིགས་ནག་པོའི་གཞོན་སྐྱེས་ཚོ་ལ་ཕའི་ལྟ་སྐྱོང་མེད་པའི་དཀའ་ངལ་དེ་རྒྱུན་ཆད་མེད་པར་ཡོང་གི་ཡོད་པ་རེད་འདུག

ད་ཐེངས་མི་འབོར་གྲངས་ཤེར་བྱས་པའི་སྙན་ཐོ་དེ་ནི་ཕྱི་ལོ་༢༠༡༠ ནང་ཨ་རིི་གཞུང་གིས་བཏོན་ཞིང། དེའི་ནང་དུ་ཨ་རིའི་མི་སེར་ཚོའི་ལོ་ཚད་དང། མི་རིགས་ཀྱི་དབྱེ་བ་ཁག བཟའ་ཚང་གི་འབྲེལ་ལམ་སོགས་པའི་གནས་ཚུལ་རྣམས་རྒྱས་པར་བཀོད་ཡོད་པ་རེད། ད་ལོའི་དབྱར་ཁར་སྙན་ཐོ་དེ་འགྲེམ་སྤེལ་གནང་རྒྱུ་ཡིན་པ་རེད། སྙན་ཐོ་དེ་ལ་གཞིག་པ་ཡིན་ན། ཨ་རིའིི་མི་རིགས་དཀར་པོ་ཕུད་པའི་གྲངས་ཉུང་མི་རིགས་རྣམས་ཕྱི་ལོ་༢༠༥༠ མཚམས་སུ་མི་འབོར་མང་པོ་ཆགས་རྒྱུ་ཡིན་པ་རེད།།

Share this:
༤༧ ཀློག་གྲངས།