ཆབ་མདོ་རུ་ཆོས་ཕྱོགས་ཀྱི་བྱེད་སྒོ་བཀག་སྡོམ།

དེ་ཡང་གོང་ཚེས་ཉིན་བོད་ལྗོངས་ཆབ་མདོ་ས་ཁུལ་ཆབ་མདོ་རྫོང་སྲིད་གཞུང་གིས་ཆབ་མདོ་རྫོང་ཁོངས་སུ་ཡོད་པའི་དགོན་སྡེ་ཁག་གི་འཐུས་མི་རྣམས་ལ་ཚོགས་འདུ་ཞིག་འཚོགས་ཡོད་པ་དང་། ཚོགས་འདུ་དེའི་ཐོག་གཙོ་བོ་ཏཱ་ལའི་ཁ་བྲལ་རིང་ལུགས་པར་འབྲེལ་བ་གཏན་ནས་བྱེད་མི་ཆོག་པ་མ་ཟད། ཕྱི་ཟླ་༧ པའི་ཚེས་ཚེས་༡ ནས་བཟུང་ཟླ་གཅིག་རིང་དགོན་སྡེ་སོ་སོས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཆེ་ཆུང་གང་ཡིན་རུང་སྣ་གཅིག་ཀྱང་སྤེལ་མི་ཆོག་པའི་བཙན་བཀའ་བཏང་བ་དང། ཕྱི་རྒྱལ་ཁག་ལ་དངོས་ཤུགས་གང་ནས་ཀྱང་འབྲེལ་བ་བཟོ་མི་ཆོག་པ་སོགས་གང་ལྟར་ཟླ་ངོ་གཅིག་རིང་གོང་གསལ་གནས་ཚུལ་ཁག་དང་འབྲེལ་བའི་དོན་རྐྱེན་བྱུང་ཚེ་རྡུང་རྡེག་ཚ་ནན་དང་། དོ་དམ་བཙོན་འཇུག་བྱ་ངེས་ཡིན་ཚུལ་གྱི་བསྒྲགས་གཏམ་སྤེལ་ཡོད་པ་མ་ཟད། དགོན་པ་རེ་རེ་བཞིན་རྒྱ་གཞུང་གི་ཉེན་རྟོག་མི་སྣ་ཡོང་ནས་ཞིབ་འཇུག་བྱེད་རྒྱུ་ཡིན་པ་སོགས་ཆོས་ལུགས་དད་པ་རང་མོས་མེད་པའི་བདེན་དཔང་གསལ་སྟོན་བྱས་ཡོད་འདུག།།

Share this:
༤༠ ཀློག་གྲངས།