ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་༩༠འཁོར་པར་རྟེན་འབྲེལ་ཞུ་བའི་རིག་རྩལ་དགོང་ཚོགས་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ།

ཟླ༦པའི་ཚེས༢༩ཉིན་གྱི་དགོང་མོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ90འཁོར་པར་རྟེན་འབྲེལ་ཞུ་བའི་རིག་རྩལ་དགོང་ཚོགས་ང་ཚོའི་དར་ཆ་ཞེས་པ་དེ་པེ་ཅིང་ནས་གཟབ་རྒྱས་ངང་འཚོགས། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཧུའུ་ཅིན་ཐའོ་དང་བུའུ་པང་གོ  བུན་ཅ་པའོ། ཅ་ཆིང་ལིན། ལི་ཁྲང་ཁྲུན། ཞི་ཅིན་ཕེན། ལི་ཁེ་ཆང་། ཧི་གོ་ཆང་། ཀྲོའུ་ཡུང་ཁང་བཅས་རྒྱལ་སའི་ལས་རིགས་ཁག་གི་མང་ཚོགས་དང་ལྷན་དུ་འཛོམས་ཏེ། མཉམ་དུ་ཏང་གི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས།
དགོང་ཚོགས་ཧྲིལ་བོ་བརྩེ་བས་ཁེངས་བ་དང་། བརྗིད་ཉམས་ལྡན་པ་ཞིག་ཡིན་ལ། སྒྱུལ་རྩལ་གྱི་ལམ་ནས་བློ་མཐུན་མའོ་ཙེ་ཏུང་དང་ཏིང་ཞའོ་ཕེན། ཅང་ཙེ་མེན་བཅས་སྲོག་ཤིང་ཡིན་པའི་ཏང་གི་རབས་གསུམ་པའི་ཀྲུང་དབྱང་མགོ་ཁྲིད་ཐུན་མོང་དང་བློ་མཐུན་ཧུའུ་ཅིན་ཐའོ་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་རང་རྒྱལ་གྱི་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་ལས་དོན་དེ་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་སྐྱོད་པར་ཡར་སྐུལ་བཏང་བའི་རླབས་ཆེན་ལོ་རྒྱུས་བརྒྱུད་རིམ་ཡང་བསྐྱར་མངོན་པ་དང་། ཀྲུང་གོ་གུང་ཁྲན་ཏང་མིས་མེས་རྒྱལ་དང་མི་དམངས་ཀྱི་དོན་དུ་རང་སྲོག་འབེན་འཛུགས་དང་། དཔའ་མཛངས་བརྟུལ་ཕོད། གསར་གཏོད་བརྩོན་ལེན། ཡོད་ཚད་བློས་གཏོང་ཕོད་པ་བཅས་ཀྱི་བླ་མེད་གཤིས་བཟང་ལ་བསྔགས་བརྗོད། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་ཏིང་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། ཚན་རིག་གི་འཕེལ་རྒྱས་ལྟ་བ་ལག་བསྟར་ཟབ་མོ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་མཛེས་སྡུག་གི་མ་འོངས་བའི་ཕྱོགས་སུ་དཔའ་ངར་གྱིས་བསྐྱོད་པའི་ཡིད་ཆེས་བརྟན་པོ་མཚོན་གང་ལེགས་བྱས།
དགོང་ཚོགས་དེ་ནི་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་། རིག་གནས་པུའུ། རྒྱང་སྒྲོག་སྤྱི་ཁྱབ་ཅུའུ། བཅིངས་འགྲོལ་དམག་སྤྱིའི་ཆབ་སྲིད་པུའུ། པེ་ཅིན་གྲོང་ཁྱེར་བཅས་ཀྱིས་མཉམ་དུ་བསྒྲུབས་པ་ཡིན་ལ། ཀྲུང་དབྱང་དང་ས་གནས། དམག་དཔུང་བཅས་ནས་ཡོང་བའི་རྒན་དར་གཞོན་གསུམ་གྱི་རིག་རྩལ་བྱ་བ་སྒྲུབ་མཁན་སྟོང་གཅིག་དང་ལྔ་བརྒྱ་ལྷག་འཁྲབ་སྟོན་ལ་ཞུགས།

 

7月1日,庆祝中国共产党成立90周年大会在北京人民大会堂隆重举行。这是全国先进基层党组织和优秀共产党员、优秀党务工作者代表在主席台上。
7月1日,庆祝中国共产党成立90周年大会在北京人民大会堂隆重举行。这是全国先进基层党组织和优秀共产党员、优秀党务工作者代表在主席台上。摄影:饶爱民

在欢快的乐曲声中,胡锦涛、吴邦国、温家宝、贾庆林、李长春、习近平、李克强、贺国强、周永康等中央领导同志,向全国先进基层党组织和优秀共产党员、优秀党务工作者代表颁奖。

在热烈的掌声中,胡锦涛发表重要讲话。讲话深入总结了我们党90年的光辉历程和宝贵经验,深刻回答了新形势下加强和改进党的建设的新课题,全面阐述了坚持和发展中国特色社会主义的新要求。胡锦涛指出,全党同志要牢记历史使命,坚定不移沿着中国特色社会主义道路奋勇前进,更加奋发有为地团结带领全国各族人民创造自己的幸福生活和中华民族的美好未来。

 

Share this:
༡༠༡ ཀློག་གྲངས།