སི་རི་ཡའི་ནང་མི་མང་གི་ངོ་རྒོལ་སྐད་འབོད།

ད་ལྟ་བར་སི་རི་ཡའི་ནང་མི་མང་གིས་གཞུང་ལ་ངོ་རྒོལ་རིམ་པ་ཞིག་བྱས་ཡོད་ཀྱང་། དེ་དག་གི་ཐོག་ལ་གཞུང་ནས་རྒོལ་རྡུང་དྲག་པོ་བཏང་བར་བརྟེན་མི་མང་གི་མངོན་འདོད་དེ། སྲིད་འཛིན་ བྷ་ཤཱར་ཨ་སཌ་ཡི་ནང་མི་ནས་སི་རི་ཡའི་ནང་དུ་ཛ་དྲག་གི་ཁྲིམས་གཞི་བཀལ་ཏེ་ལོ་བཅུ་ཕྲག་བཞིའི་རིང་གཞུང་ལ་བདག་དབང་བྱེད་པ་དེ་མཚམས་འཇོག་དང་། མི་མང་ནས་གཞུང་ལ་དབང་འཛིན་བྱེད་པའི་ཐོབ་ཐང་དགོས་ཞེས་པ་བཅས་ཡིན་པ་རེད། ད་རེའི་ངོ་རྒོལ་དེ་མ་བྱུང་སྔོན་དུ་ཕྱི་ཟླ་ ༦ ཚེས་ ༢༧ ཉིན་སི་རི་ཡའི་ཕྱོགས་འགལ་ཚོགས་པ་རྣམས་འདུ་འཛོམས་ཆོག་པའི་གཞུང་ནས་ཆོག་མཆན་ཏེ་ཚོགས་འདུ་ཞིག་སྐོང་འཚོག་གནང་ཡོད་པ་རེད། དེའི་རྗེས་སུ་སྔར་བས་ལྷག་མི་མང་གི་ངོ་རྒོལ་ཆེན་པོ་ཞིག་བྱུང་དེས་སྲིད་འཛིན་ བྷ་ཤཱར་ཨ་སཌ་ཡི་གཞུང་ལ་མི་མང་ཆེ་བས་མི་འགའ་བའི་རྣམ་འགྱུར་མཚོན་གྱི་ཡོད་པ་རེད།།

Share this:
༢༠ ཀློག་གྲངས།