འཇང་དགུན་ཆོས་ཆེན་མོ་དགའ་ལྡན་དུ་འཚོགས་པ།

ཆོས་ར་ཡར་འཚོགས་ཉིན་མོ་ཁྲིམས་བདག་དགེ་སྐོས་མཆོག་གིས་འཇང་དགུན་ཆོས་ཆེན་མོར་ཕེབས་པའི་འདུས་མང་ཡོངས་ལ་ཕྱི་འདུལ་བའི་ཀུན་སྤྱོད་དང་ནང་གསང་སྔགས་ཀྱི་ཉམས་ལེན་གནང་ཕྱོགས་སོགས་བཀའ་སློབ་ལམ་སྟོན་གནང་ཡོད་པ་དང༌། ལོ་འདིའི་འཇང་དགུན་ཆོས་ཆེན་མོ་ནི་དགེ་འདུན་འདུས་ཚོགས་ནམ་རྒྱུན་ལས་མང་བ་དང་ལོ་སྔོན་མ་བཞིན་དམ་ཚིག་གཙང་དང་མི་གཙང་སོགས་ཀྱིས་རྙོག་གླེང་གང་ཡང་མེད་པར། ཐུགས་མཐུན་ཁྲིམས་གཙང་གི་སྒོ་ནས་དགེ་འདུན་པ་སྟོང་ཕྲག་མང་པོས་བརྒལ་བརྟག་རིགས་ལམ་གྱི་རྩེ་དགའ་ངོམ་བཞིན་འདུག།

Share this:
༡༠༨ ཀློག་གྲངས།