མང་གཙོའི་འཕེལ་རིམ་སྐོར་ལ་སློབ་མའི་གཏམ་གླེང་འགྲན་སྡུར།

སྲུང་བརྩི་བྱེད་པའི་ལས་འཆར་ནང་སློབ་གྲྭ་ཁག་ལ་མང་གཙོའི་འཕེལ་རིམ་དང་འབྲེལ་བའི་འབྲི་རྩོམ་དང་གཏམ་བཤད། བགྲོ་གླེང་སོགས་གོ་སྒྲིག་ཐོག་གཞི་རིམ་སྤྱི་ཚོགས་ཁྲོད་མང་གཙོའི་གོ་རྟོགས་སྤེལ་རྒྱུའི་འཆར་གཞི་ཡོད་པ་རེད།

student_17_7_2011ཟླ་འདིའི་ཚེས་༡༧ ཉིན་རྒྱབ་སུ་ཇཱ་བོད་ཁྱིམ་ཚོགས་ཁང་ནང་སྤྱི་འཐུས་ལྷན་ཁང་ནས་སློབ་མའི་གཏམ་གླེང་འགྲན་སྡུར་ཞིག་གོ་སྒྲིག་བྱས་འདུག སྐབས་དེར་སྐུ་མགྲོན་གཙོ་བོར་སྤྱི་ཟུར་ཟླ་བ་ཕུན་སྐྱིད་ལགས་དང། སུ་ཇ་བོད་ཁྱིམ་གྱི་ངེས་སྟོན་པ་དང་། སློབ་སྤྱི་གཞན་ཡང་ས་གནས་འཐུས་ཚོགས་དང་སློབ་གྲྭ་ཁག་གི་སྐུ་ཚབ་སོགས་ཕེབས་ཡོད་པ་རེད།

བགྲོ་གླེང་འགྲན་སྡུར་གྱི་བརྗོད་གཞི་ནི། “བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་དགེ་སྐྱོན།” སྐོར་ཡིན་པ་དང་། ཉེ་འཁོར་གྱི་སློབ་གྲྭ་ཅོན་ཏ་ར་སམ་བྷོ་ཊ། རྡ་སྟེང་བོད་ཁྱིམ། རྡ་ཤོད་བོད་ཁྱིམ། ཅོན་ཏ་ར་བོད་ཁྱིམ། སུ་ཇ་བོད་ཁྱིམ། གྷོ་པ་པུར་བོད་ཁྱིམ་བཅས་ནས་བུ་གཅིག་དང་བུ་མོ་གཅིག་བཅས་སློབ་མ་བཅུ་གཉིས་མཉམ་ཞུགས་བྱས་ཡོད་པ་རེད།

བགྲོ་གླེང་འགྲན་སྡུར་གྱི་མཐའ་མིའི་ཨང་རིམ་རྩེ་བཏོག་དང་པོ་ཅོན་ཏ་ར་བོད་ཁྱིམ་ལ་བྱ་དགའ་གསོལ་རས་ཧིན་སྒོར་༣༠༠༠ དང། ཨང་རིམ་གཉིས་པ་དྷ་སྟེང་བོད་ཁྱིམ་དང་རྡ་ཤོད་བོད་ཁྱིམ་ལ་ཧིན་སྒོར་༡༧༠༠ ཐོབ་ཡོད་པ་རེད།
གཞན་ཡང་སྤྱི་འཐུས་ལྷན་ཁང་ནས་བཙན་བྱོལ་བོད་མིའི་སློབ་གྲྭ་ནང་ཁུལ་རི་མོ་འགྲན་སྡུར་གནང་བ་དང། རི་མོ་ཨང་དང་པོ་དེ་ཅོན་ཏ་ར་བོད་ཁྱིམ་གྱི་འཛིན་རིམ་དྲུག་པའི་ནང་སློབ་སྦྱོང་གནང་བཞིན་པའི་སློབ་ཕྲུག་ཟླ་བ་ལགས་སུ་བྱ་དགའ་ཧིན་སྒོར་༡༠༠༠ ཐོབ་ཡོད་པ་རེད། །

{jcomments on}

Share this:
༦༤ ཀློག་གྲངས།