༧གོང་ས་མཆོག་གི་ཐུགས་གསོའི་གསུང་འཕྲིན་བསྩལ་བ།

གསུང་འཕྲིན་དེའི་ནང་འཁོད་དོན། “ནོར་ཝེའི་རྒྱལ་ས་ཨོ་སི་ལོའི་ནང་འབར་གས་ཀྱི་དོན་རྐྱེན་བྱུང་བ་དང་། གཞོན་ནུའི་འདུ་འཛོམས་ཀྱི་སྡོད་སྒར་དུ་མེ་མདའ་བརྒྱབ་པའི་དོན་རྐྱེན་བྱུང་བར་བརྟེན། མི་མང་པོའི་ཚེ་སྲོག་ཤོར་བར་ངོས་རང་ལ་བློ་འཚབ་དང་བློ་ཕམ་ཧ་ཅང་ཆེན་པོ་བྱུང་།  ནོར་ཝེ་མི་མང་དང་བོད་མི་རྣམས་ཀྱི་དབར་སེམས་ཐག་ཉེ་བའི་མཛའ་བརྩེའི་འབྲེལ་བ་དམིགས་བསལ་ཞིག་ཡོད་པར་བརྟེན། ནོར་ཝེ་སྲིད་བློན་མཆོག་བརྒྱུད་ངོས་ཀྱིས་ནོར་ཝེ་མི་མང་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་དང་། སྙིང་སྟོབས་ལྡན་པའི་ནོར་ཝེ་མི་མང་རྣམས་ཀྱིས་དཀའ་ངལ་འདི་ལས་རིམ་བཞིན་རྒྱལ་ཏེ་གོམ་པ་མདུན་བསྐྱོད་བྱ་རྒྱུ་ཡིན་པར་ངོས་ལ་ཡིད་ཆེས་གཙང་མ་ཡོད།     དོན་རྐྱེན་དེའི་འོག་རྐྱེན་འདས་སུ་གྱུར་བ་རྣམས་ལ་ངོས་ཀྱིས་སྨོན་ལམ་ཞུ་རྒྱུ་དང་། རྗེས་ཤུལ་ནང་མི་སྤུན་མཆེད་དང་འབྲེལ་ཡོད་ཚང་མར་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན།” ཞེས་སོགས་འཁོད་ཡོད་པ་བཅས།།

Share this:
༡༦ ཀློག་གྲངས།