བཀའ་ཁྲིའི་དམ་འབུལ་མཛད་སྒོ།

ཉིན་དེའི་ཞོགས་པ་ཆུ་ཚོད་༧ པ་ནས་བཀའ་ཁྲི་བློ་བཟང་སེང་གེས་གནས་ཆུང་དང་དགའ་གདོང། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་བཅས་སུ་མཆོད་མཇལ་ལ་ཕེབས་པ་དང་། ཆུ་ཚོད་༨།༤༥ ཐོག་མཛད་སྒོ་དངོས་སུ་འགོ་འཛུགས་ཀྱིས་མཛད་གཙོ་རྣམ་པས་༧གོང་ས་མཆོག་ལ་མཇལ་དར་དང་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས། བོད་ཀྱི་ཟློས་གར་ཚོགས་པ་ནས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་འབུལ་བཞིན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྒྱལ་དར་སྒྲེང་འཛུགས་གནང་ཡོད་པ་རེད།
ཕྱི་ཟླ་༨ པའི་ཚེས་༨ ཆུ་ཚོད་༩ སྐར་མ་༩ སྐར་ཆ་༩ ཐོག་མི་མང་གི་དགའ་སྤྲོའི་ཐལ་སྒྲའི་ཁྲོད་བཀའ་ཁྲི་གསར་པ་བློ་བཟང་སེང་གེས་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་མཆོག་གི་མདུན་ནས་ལས་ཁུར་དང་གསང་རྒྱའི་དམ་འབུལ་གནང་ཏེ། དམ་དེབ་ཐོག་དངོས་སུ་མཚན་རྟགས་བཀོད་ཡོད་པ་རེད།

Share this:
༧༡ ཀློག་གྲངས།