དྲན་གདུང་།

ཕ་ཡུལ་དང་ཕ་མ་རྒྱབ་ཏུ་བསྐྱུར་ཡོད

ཁྱེད་རང་གཅིག་བུར་བསྒོམས་པས

ལེའུ་ཁྲི་ཕྲག་འདོམ་ལ་འཇལ་ནས་མི་ཡུལ་འགྲིམ

 

ལག་གི་དབྱིན་སྒོར་སྔོ་ལེབ་དེ་ཡི་ཆེད་དུ་མ་རེད

ཁྱོད་ཀྱི་ཚ་ལྷམ་ལྷམ་གྱི་ཁ་ཤ་སྲབ་མོ་དེ་རེད

གནས་སའི་གྲོག་ཚང་གི་གྲོང་ཁྱེར་དེ་ཡང་མ་རེད

ཁྱོད་ཀྱི་བྲང་གཞུང་ལེབ་མོར་འཁོར་བའི་བརྩེ་བ་དེ་རེད

སེམས་དང་བསམ་པའི་ངོས་ཀྱི་ཡིད་ཆེ་དེ་རེད

 

ལོ་དང་ཟླ་བ་འདེི་ཡི་ནང

 

དྲན་གདུང་གི་མིག་ཆུ་ནི

ཆར་དུས་ཀྱི་ཆུ་རྒྱུན་བཞུར་བཞིན

 

དྲན་གདུང་གི་ན་ཟུག་གིས་སེམས་ཁོག་མནར

མནར་་ནས་སྙིང་རྩ་འདར

ཁྱོད་ཀྱིས་འོ་སྤྱོར་བའི་འོ་སྒྲ་ནི་བདུད་རྩི་ཡིན

Share this:
༨༡ ཀློག་གྲངས།