དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་དབུ་འཛུགས།

དགའ་ལྡན་ཤར་བྱང་གཉིས། སེ་ར་བྱེས་སྨད་གཉིས། དེ་བཞིན་བཀྲིས་ལྷུན་པོ་དང་རྭ་སྟོད་བཅས་གྲྭ་ཚང་ཁག་གི་མཁན་རིན་པོ་ཆེ་དང་མཁན་ཚབ་རྣམ་པ། རྒྱུགས་ཞིབ་པ་དང་རྒྱུགས་སྤྲོད་པ་ཡོངས་མཉམ་འཛོམས་ཐོག་ཤར་པ་ཆོས་རྗེ་མཆོག་གིས་གཙོས་གྲྭ་ཚང་ཁག་གི་མཁན་པོ་དང་མཁན་ཚབ་རྣམ་པས་རིམ་བཞིན་ལམ་སྟོན་གསུང་བཤད་གནང་ཡོད་པ་རེད།

geluk pa  2011  9   2སྐབས་དེར་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་འདི་༧གོང་ས་སྐྱབས་མགོན་མཆོག་གི་དགོངས་གཞི་གཞིར་བཟུང་ཐོག་ཕྱི་ལོ་༡༩༧༥ ནས་དངོས་སུ་སྒྲིག་གཞི་གཏན་འབེབས་ལག་བསྟར་བྱས་པ་ཞིག་ཡིན་པ་དང་། དགེ་ལུགས་རྒྱུགས་སྤྲོད་འདི་ནི་རྒྱུགས་སྤྲོད་གཞན་དང་མི་འདྲ་བར། ཐུགས་ལྷོད་གཡེང་དུ་མ་སོང་བར་རྩོད་རྒྱུགས་དང་རྩོམ་རྒྱུག  བྲིས་རྒྱུགས་སོགས་ཕྱོགས་གང་ཐད་ནས་འཐུས་ཤོར་དང་ཆུད་ཟོས་སུ་མི་འགྲོ་བར་གཟབ་ནན་གྱི་སྒོ་ནས་རྒྱུགས་འབྲས་ཡག་པོ་ཞིག་ལེན་ཐབས་ལ་འབད་རྩོན་བྱེད་དགོས་པ་ནི་རི་བོ་དགེ་ལྡན་པའི་ཆོས་བརྒྱུད་ཙམ་དུ་མ་ཟད་ནང་བསྟན་སྤྱི་དང་། ལྷག་པར་དུ་བོད་གངས་ཅན་པའི་རྒྱལ་བསྟན་འདི་ཉམས་རྒུད་ཀྱི་གཡང་ས་ནས་མྱུར་སྐྱོབ་བྱེད་རྒྱུ་སོགས་བསྟན་དང་འགྲོ་བ་སྤྱིའི་དོན་ལ་དམིགས་ནས་རྒྱུགས་འབྲས་གཟེངས་སུ་ཐོན་པ་ཞིག་ལེན་ཐུབ་བྱ་རྒྱུ་དང་།  རྒྱུགས་ཞིབ་པ་ཚོས་ངོས་ནས་ཀྱང་བརྒྱ་ཆ་ཇི་ཐོབ་གསོལ་བསྩལ་ཙམ་མ་ཡིན་པར་རྒྱུགས་སྤྲོད་འདིའི་ཐོག་མཐའ་བར་གསུམ་ཀུན་དུ་དོ་དམ་ཞིབ་ཚགས་གནད་སྨིན་བྱེད་རྒྱུར་སྐྱབས་འཇུག་མི་དམན་པ་ཞུ་རྒྱུ་བཅས་མདོར་ན། དེ་རིང་འདིར་ཕེབས་པའི་རྒྱུགས་སྤྲོད་པ་དང་རྒྱུགས་ཞིབ་པ་ཡོངས་ཀྱིས་ཤིན་ཏུ་གལ་གནད་ཆེ་བའི་རྒྱུགས་སྤྲོད་འདི་ཉིད་ཚགས་ཚུད་ལེགས་འགྲུབ་ཡོང་བར་དགོངས་བཞེས་ལྷུག་པོར་གནང་སྐྱོང་ཡོང་ཐབས་དགོས་སྐོར་སོགས་ལམ་སྟོན་གནང་མཁན་རྣམ་པས་གསུངས་ཡོད་པ་རེད།

དེ་ཡང་དངོས་གཞིའི་རྒྱུགས་སྤྲོད་དེ་ཟླ་འདིའི་ཚེས་༣ ནས་༢༡ བར་ཡིན་པ་དང་། དེ་བཞིན་ད་ཐེངས་ཀྱི་དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་རྒྱུགས་ཞུགས་གནང་མཁན་གདན་ས་གསུམ་དང་བཀྲ་ཤིས་ལྷུན་པོ་རྭ་སྟོད་བཅས་ནས་དགེ་འདུན་པ་ཞལ་གྲངས་༦༠༢ དངོས་སུ་རྒྱུགས་ཞུགས་གནང་ཡོད་འདུག
རྒྱ་གར་ལྷོ་ཕྱོགས་མོན་གྷོ་ནས་ས་གནས་གསར་འགོད་པ་ཐུབ་བསྟན་བཀྲིས་ཀྱིས།

Share this:
༦༡ ཀློག་གྲངས།