ལྡི་ལི་ཤེས་རིག་དཔར་ཁང་ལ་ཆོད་གན་ཐོག་ལས་བྱེད་གཅིག་དགོས་ངེས་གསལ་བསྒྲགས།

འཚང་སྙན་ནང་སོ་སོའི་ཞལ་པར་ཨང་དང༌། ཨི་མེལ་ཁ་བྱང༌། མྱུར་འཕྲིན་བཅས་ངེས་པར་འཁོད་དགོས་རྒྱུ། གོང་འཁོད་དུས་བཀག་རྗེས་འཚང་སྙན་ཕུལ་འབྱོར་རིགས་རང་བཞིན་གྱིས་རྩིས་མེད་འགྲོ་རྒྱུ། ཆ་རྐྱེན་ཚང་བའི་སྙན་འབུལ་བ་ཁག་ལ་བོད་ཡིག། དབྱིན་ཇི། ཀམ་པུ་ཌར་བཅས་འབྲི་རྒྱུགས་དང༌།  ངག་རྒྱུགས་ཕྱི་ལོ་ ༢༠༡༡ ཟླ་བ་ ༡༠  ཚེས་ ༢༦ ཉིན་ལྡི་ལིར་ས་གནས་གང་དུ་ཐུགས་གཏན་འཁེལ་མིན་སྐབས་མཚམས་དོ་བདག་ལ་འབྲེལ་བ་ཞུ་ཆོག་དང༌། འབྲི་རྒྱུགས་དང་ངག་རྒྱུགས་གཉིས་ཀྱིས་ལམ་ནས་འདེམས་སྒྲུག་བྱ་རྒྱུ་དང༌། འཚང་རྒྱུགས་དངོས་གཞིའི་ཉིན་ཞིབ་འཇུག་ཆེད་ལག་འཁྱེར་ངོ་མ་མཉམ་འཁྱེར་དགོས་རྒྱུ། རྒྱུགས་སྤྲོད་དུ་ཕེབས་སྐབས་ཀྱི་འགྲོ་གྲོན་ཆ་ཚང་དོ་བདག་རང་ངོས་ནས་གཏོང་དགོས་པ་ཡིན།

དགོས་ངེས་ཆ་རྐྱེན།
༡༽ བོད་ཀྱི་ཡུལ་མི་ཡིན་པ། ༢༽ ལས་འཕེར་ཡིན་པ་སྨན་པའི་ལག་འཁྱེར་ངོ་མ།     ༣༽ རང་ལོ་ ༥༠ ལས་མ་བརྒལ་བ། ༤༽ ལས་ཀ་བྱེད་བཞིན་པ་ཡིན་ན་ལས་ཡུལ་ནས་དགག་བྱ་མེད་པའི་ངོ་སྦྱོར་དགོས། ༥༽ ཉུང་མཐར་ཚེ་ལྡན་མཐོ་སློབ་ཐོན་པ་དང༌། དེ་དང་མཉམ་པ།  ཌི་ཀྲི་པི་ D.T.P) ཀམ་པུ་ཌར་བཅས་ལེགས་པ་ཐོན་པའི་ཤེས་ཚད་ལག་འཁྱེར་དགོས། ༦༽ དཔར་བསྐྲུན་གྱི་ཉམས་མྱོང་ཡོད་ན་གང་ལེགས། ༧༽ བོད་དབྱིན་གཉིས་ཀྱི་ཀམ་པུ་ཌར་ཐོག་རང་རྐྱ་ཕེར་བ་དགོས་རྒྱུ།  ༨༽ དྭང་བླང་དཔྱ་ཁྲལ་འབུལ་ཆད་མེད་པའི་ཤོག་ངོས་དང་པོ་དང་མཐའ་མའི་འདྲ་བཤུས། ༩༽ བོད་མིའི་སྐྱབས་བཅོལ་ལག་འཁྱེར་དུས་འགྱངས་ཞུས་པའི་ངོ་ཤོག་དང་པོ་དང་མཐའ་མའི་འདྲ་བཤུས། ༡༠༽ གོང་གསལ་ལག་འཁྱེར་དང་ཡིག་ཆ་ཁག་གི་ཐོག་དབུས་སྒྲིག་འཛུགས་ལས་ཁུངས་གང་རུང་གི་ཟུང་དྲུང་ཡན་ཡང་ན་ས་གནས་འགོ་འཛིན་གང་རུང་ནས་ངོ་འདྲ་ཧེ་བག་མེད་པའི་དག་མཆན་ངེས་པར་འཁོད་དགོས། ༡༡༽ ཕོགས་རིམ་དྲུག་པ་ཟླ་རེར་ཕྱོགས་བསྡོམས་གླ་ཕོགས་ཧིན་སྒོར། ༡༠༢༧༡།༠༠ ཐོབ་རྒྱུ་དང་སྦྲགས་ཤེས་དཔར་ཆོད་གན་སྒྲིག་གསལ་ལྟར་ཐོབ་རྒྱུ། བཅས་ལྡི་ལི་ཤེས་དཔར་དབུས་ཡིག་ཚང་ནས་ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༢༤ ལ།

Share this:
༡༡༡ ཀློག་གྲངས།