བལ་ཡུལ་དུ་ས་ཡོམ་ཁྲོད་མི་བརྒྱད་ཙམ་རྐྱེན་འདས་སུ་སོང་འདུག

གནས་ཚུལ་ལྟར་ན། ས་ཡོམ་ཁྲོད་རྒྱལ་ས་ཀཱ་ཐ་མན་ཀྲུ་ན་ཡོད་པའི་དབྱིན་ཇི་གཞུང་ཚབ་ཁང་གི་ར་སྐོར་གྱང་རྙིང་རྡིབ་ནས་བུ་མོ་ལོ་ན་༨ ཅན་གཅིག་ཐེ་བའི་མི་གསུམ་དང་། མཐའ་མཚམས་དྷ་རན་ཕྱོགས་ནས་མི་གཉིས་སོགས་བསྡོམས་པས་ད་བར་ཉུང་མཐར་མི་གྲངས་བརྒྱད་ཙམ་གྱི་ཚེ་སྲོག་ཤོར་བ་དང་། མི་གྲངས་བཅུ་ཕྲག་ཁ་ཤས་ལ་རྨས་སྐྱོན་ཕོག་ཡོད་པ་རེད། མང་པོ་ཉེན་ཡོལ་ཆེད་བྲོས་ཏེ་ཁང་པ་དང་སྒེའི་ཁུང་ནས་མཆོང་བ་སོགས་བྱས་ནས་རྨས་སྐྱོན་ཕོག་ཡོད་འདུག།བལ་ཡུལ་དུ་ལོ་རྒྱུས་ཐོག་དེ་སྔོན་༡༩༣༤ ལོར་འགུལ་ཚད་རིམ་པ་༨༌༤ ཅན་གྱི་ས་ཡོམ་བརྒྱབ་ནས་མི་གྲངས་༨༠༠༠ ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་རེད་འདུག།

བལ་ཡུལ་གསར་འགོད་པས།

Share this:
༥༢ ཀློག་གྲངས།