བསྟན་འཛིན་བདེ་སྐྱིད།

ཉེ་ཆར་བོད་རྒྱ་འབྲེལ་མོལ་ཐེངས་བདུན་པའི་སྐབས་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་སྔ་བར་ཕྱི་གསུམ་དུ་འགྱུར་བ་གཏན་ནས་མེད་པར་བརྗོད་ཡོད་པ་རེད། གུས་མོའི་མཐོང་ཚུལ་དང་ཐོས་ཚུལ་ལ་རྒྱ་དམར་གྱི་སྐུ་ཚབ་ཀྱིས་བོད་ཀྱི་སྐུ་ཚབ་རྣམས་ལ་མི་རིགས་ཤིག་གི་སྐུ་ཚབ་ཀྱི་ཚད་ཅིག་ལྟ་ཅི། ཐ་ན་མཐོང་ཆུང་ཁྱད་གསོད་ཀྱང་བྱས་པ་མ་ཟད། བོད་ཡུལ་སྟོད་སྨད་གང་ས་ནས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་བྱེད་སྐབས་ལྕགས་ཁྲབ་འཁོར་ལོ་སོགས་དེང་རབས་ཀྱི་དམར་དམག་གིས་དམག་ཆེན་ཞིག་ལངས་པ་ལྟར། དྲག་གནོན་བྱས་ནས། མི་གསོད་ཁྲག་སྦྱོར་ཚད་ལས་འདས་པ་བྱས་ནས་འུ་ཅག་གི་སྤུན་ཟླ་རྣམས་བཙོན་ཁང་དང༌། ཕྱི་མིའི་ལམ་དུ་བརྫངས་སོང་བ་རེད། དེར་བརྟེན་ང་ཚོ་བོད་མི་ཚང་མས་ྋགོང་ས་སྐྱབས་མགོན་ཆེན་པོའི་བཀའ་དགོངས་སྙིང་ལ་བཅངས་ཏེ། དེང་དུས་ཀྱི་ཤེས་ཡོན་ཚན་རིག་དང་ཆབ་སྲིད་སོགས་ཕྱོགས་གང་ས་ནས་རང་སྐྱ་ཐུབ་པ་ཞིག་བྱེད་དགོས་རྒྱུ་གལ་ཆེན་མཐོང་སོང༌། དེང་སང་གི་དུས་རབས་ཉི་ཤུ་རྩ་གཅིག་པ་དེ་ལ་རྒྱལ་ཁབ་ཡར་རྒྱས་འགྲོ་བ་དང༌། སྟོབས་ཆེན་རྒྱལ་ཁབ་ཆགས་དགོས་ན། རྒྱལ་ཁབ་དེའི་ཚན་རིག་Science and technology འཕྲུལ་རིག་སོགས་ཀྱི་གནས་ཚད་ཚང་མ་ཡར་རྒྱས་འགྲོ་དགོས་པ་རེད། ང་ཚོས་དམིགས་བསལ་གྱིས་སློབ་སྦྱོང་བྱེད་དགོས་པ་རེད། སློབ་སྦྱོང་ལ་འབད་བརྩོན་ཧུར་ཐག་བྱས་ནས་ཕྱོགས་ཐམས་ཅད་ཀྱི་ས་ནས་རྒྱ་དམར་གྱི་ཁ་གཏད་སློབ་སྦྱོང་གིས་གཅོག་ཐུབ་པ་དང༌། རྗེས་སུ་རྒྱ་ནག་གིས་ཚུར་ལ་རེ་བ་བྱ་དགོས་ཐུག་པ་ཞིག་བྱེད་རྒྱུ་བྱུང་ན། རྒྱ་མི་དང་བོད་ཀྱི་སྐུ་ཚབ་མཉམ་དུ་བཀའ་མོལ་གནང་ན་གྲུབ་འབྲས་ཡག་པོ་ཞིག་འབྱུང་གི་རེད།།

Share this:
༥༣ ཀློག་གྲངས།