མཚོ་རླུང་གི་ཧྥི་ལིན་པེན་དུ་་གནོད་སྐྱོན།

དེ་དང་ཕྱོགས་མཚུངས་ ཕྱི་ཚེས་༢༨་རེས་གཟའ་ལྷག་པ་ཉིན་ཕི་ལི་པིན་ནང་ལ་ཏཱའི་ཕིན་མཚོ་རླུང་གིས་ཤུགས་དྲག་ཆེན་པོའི་གནོད་འཚེ་རྐྱེན་པས་ཉུང་མཐའ་ཡང་མི་གྲངས་༣༡་ལྷག་ཙམ་ཚེ་སྲོག་ཤོར་ཡོད་པ་དང་དུད་ཚང་༦༠༌༠༠༠ ལྷག་གནས་སྤོ་དགོས་པར་བཟོས་པ་དང་། སྟོན་ཐོག་དང་ཁང་པ་སོགས་འཛུགས་སྐྲུན་ལ་གྱོང་གུད་འབུམ་$༢༢་ལྷག་ཙམ་ཡིན་པ་རེད་ཅེས་ས་གནས་ལས་བྱེད་པས་བརྗོད་འདུག

དེ་བཞིན་མཚོ་རླུང་དེའི་ཁ་ཕྱོགས་ད་ལྟ་རྒྱ་ནག་གི་ལྷོ་ཕྱོགས་སུ་རྒྱག་རྒྱུ་ཡིན་སྐོར་གནམ་གཤིས་སྔོན་བརྡའི་ལས་ཁུངས་ནས་བརྗོད་ཡོད་པ་རེད། ད་ལྟ་བྱང་ཕྱོགས་སུ་ཡོད་པའི་ཧྤི་ལི་པིན་གྱི་འགྲོ་ལམ་མང་པོ་ཞིག་ཆད་དེ་ལམ་ཁ་འགག་པ་དང་། ས་ཆ་འགའ་ཤས་ལ་ད་དུང་གློག་ཡང་མེད་པར་ལྷག་ཡོད་པ་རེད།

Share this:
༦༡ ཀློག་གྲངས།