ཆར་ཞོད་ཆེ་བའི་ཉིན་མོ།

རྡ་སའི་གྲང་རླུང་འུར་འུར།། ཐོལ་གྱི་གཡུགས་ཐང་རེ་ལ།།

སེམས་པ་ཆུ་བོས་ཁུར་སོང་། ཆུ་བོའི་གཞུང་ནས་སྐྱོ་སོང་།

ཆུ་ལ་སེམས་པ་ཡོད་ན།། རྡ་སའི་རི་ནས་མ་བཞུར།།

ང་དང་སེམས་ཀྱི་འཁྱམ་པོ།། ལས་དབང་རྒྱང་ལ་ཁུར་འགྲོ།།

ཨ་སྔོན་དགོང་གི་ཆར་ཆུ།། ཐོལ་གྱིས་ཤག་ཤག་བཞུར་སྐབས།།

སྐྱོ་གྲོགས་མེད་པའི་བུ་ང་།། རྡ་སའི་རི་ནས་སྐྱོ་སོང་།།

སེམས་མེད་གནམ་རྒན་སྨྱོན་པ།། དྲག་ཆུ་བར་མེད་ཕབ་པ།།

སུ་ཡིས་བཀའ་ཆད་ཡིན་ནམ།། ངོ་ཤེས་ངོས་ཟིན་ཡོད་དམ།།

ཆར་སྒྲ་ལྷོག་ལྷོག་ལྡིར་སྐབས།། སེམས་པ་ལྷུང་ལྷུང་གྲང་བ།།

སེམས་གཏིང་འོད་ཀྱི་དྲོད་ཁོལ།། ཆར་ཆུའི་ཁ་ལ་གཡེང་སོང་།

དྲག་ཆར་རླབས་སྒྲའི་ཁྲོད་ནས།། ལུས་ཟུང་ཆར་བས་རླན་སོང་།།

རྡ་སའི་རི་ནས་གྲང་རླུང་།། མི་སེམས་དཀྲུགས་པའི་མཚོན་ཆ།།

སྐྱོ་གདུང་སེར་བུའི་ཁྲོད་ནས།། ལས་དབང་སྡོང་ལོའི་ལྗོན་པ།།

ཕར་ཁུར་ཚུར་ཁུར་ཁྲོད་ནས།། རྡ་སའི་རི་ནས་གྲང་སོང་།།

གསེར་སྨྱོན་བུ་ངའི་མྱོང་བའི།། ཚོར་རླབས་རྣོན་པོའི་གདུང་སེམས།།

སྣ་འཛོམ་ཟ་ཁང་ནང་ནས།། རྩིས་འཕྲུལ་གདོང་ལ་ཕབ་ཤོར།།

ཁར་རྩངས་རྡ་སའི་རི་གྲོང་ནས་དྲག་ཆར་ཐོག་མེད་འབབ་སྐབས་སེམས་པ་           གྲང་རླུང་གིས་ཁུར་སྐབས་ཤིག་ལ་གསེར་རྟའི་ལྡོམ་བུ་བསོད་ནམས་ཕུན་ཚོགས་སམ་གསེར་འབྲོང་སྲས་སུ་འབོད་པས་སྣ་འཛོམས་ཟ་ཁང་ནང་ནས་རྩིས་འཕྲུལ་ངོས་སུ་    ཁ་ཐུག་ལ་བྲིས་སོ།། ༢༠༠༡༡ ༩ ༢༩

Share this:
༤༠༢ ཀློག་གྲངས།