རྒྱ་ནག་ལྷོ་རྒྱ་མཚོའི་ཐོག་གི་རྙོག་གྲ།

དེའི་ནང་ནས་གལ་ཏེ་ཛ་དྲག་གི་གནད་དོན་བྱུང་ཚེ་རྒྱལ་ཁབ་གཉིས་ཀའི་དབང་ཆ་ལྡན་པའི་དཔོན་རིགས་གཉིས་ལོ་གཅིག་ལ་ཐུག་འཕྲད་ཐེངས་གཉིས་བྱེད་དགོས་ཞེས་བཀོད་ཡོད།
རྒྱ་ནག་ལྷོ་རྒྱ་མཚོ་དེའི་ནང་ལ་རྡོ་སྣུམ་དང་སོལ་རླུང་ཕོན་ཆེན་ཡོད་པ་མ་ཟད་མཚོ་ཐོག་སྐྱེལ་འདྲེན་བྱེད་སའི་འགྲོ་ལམ་གལ་ཆེན་པོ་ཞིག་ཀྱང་ཡིན་པ་རེད། ཡིན་ནའང་རྒྱ་མཚོའི་འདབ་འབྲེལ་གྱི་ས་མཚམས་དེ་རྒྱལ་སྤྱིའི་ཁྲིམས་ལུགས་གཞི་ལ་བཞག་ནས་ཆེས་མཐའ་མཇུག་གི་གྲོས་མཐུན་དེ་འཇོག་དགོས་ཀྱི་ཡོད་པ་དང་། དེ་ཡང་རྒྱལ་ཁབ་གཉིས་ཕན་ཚུན་གྱིས་ཁས་ལེན་དུ་ཐུབ་པ་ཞིག་དགོས་ཀྱི་རེད་ཅེས་འབྲེལ་བ་བྱེད་མཁན་ཞིག་གིས་བརྗོད་ཡོད་འདུག

ཚན་རིག་དང་མཐུན་པའི་ཞིབ་འཇུག་བྱས་པའི་ཐོག་ནས་བཤད་པ་ཡིན་ན་ལྷོ་རྒྱ་མཚོའི་ཐོག་ལ་རྒྱལ་ཁབ་གཉིས་ཀྱིས་ད་དུང་མཉམ་ལས་མང་ཙམ་གནང་དགོས་ཀྱི་ཡོད་པ་རེད། ཡིན་ན་ཡང་དེ་ཚོ་ཚང་མ་ཁ་ནས་བཤད་པ་ཙམ་མ་གཏོགས་དོན་དངོས་ལག་ལེན་བསྟར་ཐུབ་པ་དཀའ་ལས་ཁག་པོ་རེད།།

httpv://www.youtube.com/watch?feature=player_embedded&v=D9kyP32_wEU

Share this:
༥༦ ཀློག་གྲངས།