ཉིས་སྟོང་བརྒྱད་ལོའི་འཛམ་གླིང་མཛངས་མ།

མཐའ་མའི་འགྲན་བསྡུར་གྱི་ཁྲོད་དུ། ཨུ་རུ་སུའི་མཛངས་མ་སུ་ཀིའི་ནོ་ཝཱ་ལ་ཉིས་སྟོང་བརྒྱད་ལོའི་འཛམ་གླིང་མཛངས་མ་རུ་འདེམས་ཐོན་བྱུང་བ་དང༌། ལོ་སྔོན་མའི་འཛམ་གླིང་མཛངས་མ་ཐོབ་མཁན་རྒྱ་ནག་གི་མཛངས་མ་ཀྲང་ཙི་ལིང་གིས་དབུ་རྒྱན་གཡོགས་ཡོད་པ་རེད། མཐའ་མའི་རྒྱལ་ཁ་དེ་མ་ཐོབ་པའི་སྔོན་དེར། མོས་མི་གཞན་དག་ལ་རོགས་རམ་བྱེད་ཐུབ་སྐོར་དང་མཛངས་མའི་དབུ་རྒྱན་དེ་མོ་རང་ལ་ཐོབ་ཚེ་ལས་ཀ་དེ་དག་འགོ་འཛུགས་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག ཐེངས་འདིའི་འཛམ་གླིང་མཛངས་མའི་འགྲན་སྡུར་ནི་ཐེངས་༥༩ པ་དེ་ཆགས་ཡོད་པ་དང༌། འཛམ་གླིང་མཛངས་མའི་འགྲན་སྡུར་དུ་ཞུགས་པའི་ལོ་ཚད་ནི་༡༧ ནས་༢༥ བར་ཡིན་པ་རེད། མཛངས་མ་རྩེ་ཕུད་ལྔའི་གྲས་སུ་ཨུ་རུ་སུ་དང༌། རྒྱ་གར་དང༌། ལྷོ་ཨ་ཧཕི་རི་ཁ། ཨང་གྷོ་ལཱ།ཏོ་བྷ་གྷོ་བཅས་ཀྱི་མཛངས་མ་རྣམས་ཚུད་ཡོད་པ་རེད།

Share this:
༣༡ ཀློག་གྲངས།