དྷ་སར་རྒྱ་མི་ཞིག་འཇུ་བཟུང་དང་གསང་ཉུལ་བའི་དོགས་གཞི།

དེ་མ་ཐག་བདེ་སྲུང་ལས་ཁུངས་ལ་སྙན་སེང་ཞུས་རྗེས། རྒྱ་གར་སྐོར་སྲུང་བ་སླེབས་ཡོད་ནའང༌། མི་དེ་ཚོ་གར་སོང་མ་ཤེས་པ་རེད་ཅེས་དངོས་ཡོད་གནས་ཚུལ་ཡིན་མིན་ཇི་ལྟར་མང་ཚོགས་ཁ་ཤས་ཀྱིས་གླེང་སློང་བྱེད་ཀྱི་ཡོད་པར་བརྟེན། དེའི་སྐོར་གསལ་པོ་ཤེས་རྟོགས་ཆེད། འདི་ག་གསར་ཁང་གིས་བོད་གཞུང་བདེ་སྲུང་ལས་ཁུངས་ཀྱི་དྲུང་ཆེའི་ལས་ཚབ་ལ་བཅར་འདྲི་ཞུས་པར། ཁོང་གིས་ཁ་ཉིན་དྷ་སར་མཚན་མོ་མི་གཉིས་འཇུས་པའི་སྐད་ཆ་འདུག་མོད། དེ་རྒྱ་གར་སྐོར་སྲུང་བས་འཇུས་པ་ཡིན་པས། དེའི་སྐོར་གསར་འགོད་པར་གང་ཡང་བཤད་རྒྱུ་མེད་སྐོར་འགྲེལ་བརྗོད་གནང་བ་ཙམ་ལས་སྐད་ཆ་ཁ་གསལ་འདྲི་རྒྱུའི་གོ་སྐབས་རག་མ་སོང༌།།

Share this:
༡༠༤ ཀློག་གྲངས།