ལེགས་ཚོགས་རྒྱ་མཚོའི་གསལ་བསྒྲགས།

༢ མེ་སོར་ས་གནས་ཁྲིམས་ཞིབ་ཁང་གི་ཁ་མཆུ་དང་པོའི་བཅད་ཁྲ་འདྲ་བཤུས་རང་བདེན་ཚོགས་ཆུང་དུ་གནང་འདུག་ཀྱང༌། སྐུ་ཉིད་ཀྱིས་བླངས་ཏེ་ཚོགས་ཆུང་ལ་མ་སྤྲད་པར་སྒེར་ཉར་བྱས

༣ དཔལ་ལྡན་ཁྲིམས་བཟོ་ལྷན་ཚོགས་ཀྱིས་སྒྲིག་གཞི་བསྐྱར་བཅོས་གནང་བའི་ནང་གསེས་ ༢༠༠༥།༡༠།༣ ནས་ལས་དོད་བརྒྱ་ཆ་སྤྲད་དགོས་འཁོད་འདུག་མོད། ཁ་གསལ་ཡོད་མེད་བསྙད་དེ་བརྒྱ་ཆ་མ་སྤྲད་པར་ས་གནས་རྩིས་ཞིབ་ལས་ཁུངས་ཀྱི་ལས་བྱེད་ཚོས་རང་ཚོགས་རྩིས་ཞིབ་སྐབས་ལས་དོད་བརྒྱ་ཆ་སྤྲོད་དགོས་གསལ་བཤད་བྱས་ནའང༌། ཁ་གསལ་མི་འདུག་བཤད་དེ་མ་སྤྲད།

༤ རང་བདེན་ཚོགས་ཆུང་གི་ལས་ཤོག་དང་ལས་དམ་སྔོན་ནས་སྡོད་གནས་སུ་མཉམ་འཁྱེར་བྱེད་པ། ༢༠༠༨།༣།༡༨ འཁོད་པའི་ཚོགས་དྲུང་ལས་ཁུངས་ནས་ཚོགས་གཙོས་ལས་ཤོག་དང་ལས་དམ་ནང་དུ་མཉམ་འཁྱེར་གྱི་ཕྱག་ལས་གནང་བ་འགྲིག་མིན་ཁར། ལས་དོད་བརྒྱ་ཆ་ཁྲིམས་སྒྲིག་གཞིར་བཟུང་ཇི་ཐོབ་བསྡུ་ལེན་དགོས་སྐོར་བཀའ་ཕེབས་དགོངས་དོན་ལྟར། ད་དུང་ལག་བསྟར་མ་བྱས་པ།

གསལ་བཤད། གོང་ཞུས་བཀའ་ཡིག་སྐུ་ཉིད་ལ་སྔར་ཡང་ཕུལ་ཡོད་ལ། ད་ལྟ་ཡང་བསྐྱར་ཟུར་འབུལ་ཞུས་ཡོད། མཐའ་བསྡོམས། གོང་གསལ་ཡིག་ཆ་ཁག་གཉིས་འདི་ཟླའི་ཕྱི་ཚེས་༢༥ ཉིན་ནས་ཚོགས་ཆུང་ལ་སྤྲོད་དགོས་པ་དང༌། ལས་ཤོག་དང་ལས་དམ་ཡང་དེ་ནས་བཟུང་ནང་དུ་མཉམ་འཁྱེར་བྱེད་པ་མཚམས་འཇོག་བྱ་དགོས་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན། ལས་དོད་བརྒྱ་ཆ་སྒྲིག་གཞིའི་ནང་གསལ་ལྟར་འབུལ་རྒྱུ། གལ་ཏེ་༢༠༠༨།༡༢།༢༥ ནས་གོང་གསལ་ལག་ལེན་ལ་མ་འཁེལ་ཚེ་ཁྲིམས་གཏུག་ཞུ་བའམ། ཡང་ན་དགོས་ངེས་ཀྱི་ལས་དོན་བྱ་རྒྱུ་ལགས་ན། དེ་དོན་དགོངས་འཇགས་ཞུ།།

དངུལ་གཉེར་ལེགས་ཚོགས་རྒྱ་མཚོས།

༢༠༠༨།༡༢།༢༢

འདྲ་བཤུས། དཔལ་ལྡན་སྤྱི་འཐུས་རྒྱུན་ལས། དཔལ་ལྡན་བཀའ་ཤག དཔལ་ལྡན་དཔལ་འབྱོར་ལས་ཁུངས། དཔལ་ལྡན་ས་གནས་ཁྲིམས་ཞིབ་ཁང༌། དཔལ་ལྡན་ལུགས་བདེ་གཉིས་ཀྱི་གཞིས་ལས་ཁང༌། རང་བདེན་ཚོགས་ཆུང་བཅས་ལ་འབུལ་རྒྱུ།

 

གླ་ཡོད་གསལ་བསྒྲགས།

 

 

 

Share this:
༣༣ ཀློག་གྲངས།