ད་ལོ་བོད་ནང་མིན་བོད་ཕྱི་ཡིན།

ད་ལོ་ནི་དམིགས་གསལ་བོད་ནང་དུ་རེ་བ་བྱེད་མཁན་དག་ནི་རང་ཉིད་ལ་འགུལ་བསྐྱོད་བྱེད་འདོད་མེད་པའི་སྐུ་ངོ་དག་གི་བསམ་ཚུལ་དེ་དག་ལ་ད་ནི་འགྱུར་བ་གཏོང་དགོས་པ་ལས། བོད་ནང་གི་ག་རེ་བྱུང་ཡོང་མི་ཤེས་པ་ཟེར་བ་སོགས་བོད་ནང་གི་བོད་མི་དེ་དག་སླར་ཡང་ཡར་བླངས་བྱེད་པར་སྐུལ་བ་ལྟ་བུས་ཚིགས་དེ་འདྲ་མ་གསུང་ན་ཡག་པོ་རེད། ད་ལོ་ན་ཕྱི་བསྡོད་བོད་མི་གནད་ཡོད་མཁས་པ་དང་ཆབ་སྲིད་པ་དག་གི་སྣེ་འཁྲིད་ནས་འཛམ་གླིང་མི་དམངས་ལ་བོད་ཟེར་བ་ནས་གཅིག་ལས་གཉིས་མེད་པ་དེ་ར་སྤྲོད་བྱེད་རྒྱུའི་དུས་ཚོད་གལ་ཆེན་ཞིག་ཆགས་ཡོད་པ་མ་ཟད། ལོ་ངོ་བཅུ་ཕྲག་གཅིག་ལྷག་བྱིན་ཡང་གར་སོང་མི་ཤེས་པའི་ཆུང་སྲིད་རིན་པོ་མཆོག་གི་གཙོ་བའི་བོད་ནང་གི་བོད་མི་ཆབ་སྲིད་བཙོན་པ་ཡོད་ཚད་ཆ་རྐྱེན་གང་ཡང་མེད་པས་སྒོ་ནས་གློ་གྲོལ་གཏོང་དགོས་པར་ལས་འགུལ་སྤེལ་མ་ཐུབ་པ་ཡིན་ན། བོད་ཕྱི་བསྡོད་པ་དག་ནི་ཁ་ལས་ལག་མེད་མཁན་གྱི་བོད་མི་ཞིག་ཆགས་པ་རེད་ཅེས་ཟེར་ན་འདོད། ད་ནི་བོད་ཕྱི་བསྡོད་པ་ཚོས་ཁ་མཁས་པོ་རེ་བཤད་དེ་འདུག་པའི་དུས་ཚོད་ནི་གཡོལ་ཟིན་པ་ཤེས་པར་བྱེད་དགོས་ཀྱི་འདུག འདིའི་ཐད་དུ་བསམ་ཚུལ་འདྲ་མིན་གླེང་མཁན་ཡོད་ན་མུ་མཐུད་དུ་ཕེབས་ནས་ངེད་ཅག་གི་གོང་ནས་བཀའ་གཏོང་མཁན་དང་ངེད་ཅག་དང་འདྲ་མཉམ་ཡིན་པའི་མི་དམངས། བཙན་བྱོལ་མི་དམངས་ལ་སྐུལ་འདེད་ཤུགས་ཆེན་བྱེད་དགོས་ཀྱི་འདུག་ལ། ཕྱི་རྒྱལ་ཡུལ་གྲུ་སོ་སོ་ན་ཡོད་པའི་བོད་ཡིན་ཟེར་མཁན་དག་ལ་ཡང་ད་ལོ་ནི་དམིགས་གསལ་གྱི་ནུས་ཤུགས་འདོན་པའི་དུས་གལ་ཞིག་ཡིན་པ་ཤེས་སུ་འཇུག་དགོས་པ་མཐོང་གི་འདུག་པ་འདི་ལ་དྲ་གྲོགས་ཚོས་ག་རེ་དགོངས་ཀྱི་འདུག་ལྷུག་པོར་གསུང་རོགས།

Share this:
༢༦ ཀློག་གྲངས།