ཡེ་རྡོར་ཞེས་པའི་འཁྱོག་བཤད་ལ་ལན་འདེབས།

འོན་ཀྱང་ཞིབ་ཏུ་ལྟ་སྐབས་རྩོམ་པ་པོས་བདག་པོའི་བསམ་འདུན་བཞིན་རྒྱ་ནག་མི་མང་མགོ་རྨོངས་སུ་འཇུག་པ་དང༌། ྋགོང་ས་ཏཱ་ལའི་བླ་མ་མཆོག་དང་བཙན་བྱོལ་བོད་གཞུང་བཅས་ལ་གདོན་འདྲེ་ལྟར་སྡུག་རིགས་སྡུག་ཚད་ཀྱི་དམའ་འབེབས་བཏང་བ་དང་ཆབས་ཅིག་བོད་རྒྱ་མི་རིགས་ཁ་བྲལ་དང་འཁོན་འཛིན་བཟོས་ཏེ། མི་བདེན་རྫུན་སྒྲིག་གིས་རྒྱ་ནག་གཞུང་གི་དྲིལ་བསྒྲགས་པ་དང་བརྒྱུད་བསྒྲགས་པ་ཞིག་བྱ་རྒྱུར་བློ་མོས་ཡིད་སྤྲོ་བྱས་ཏེ་མིང་གྲགས་ཏོག་ཙམ་ཞིག་བྱུང་སྟེ་དཔོན་གནས་ཐེབས་ཆག་ཅིག་རག་ན་ཅི་མ་རུང་སྙམ་པ་ཞིག་ཡིན་པ་གཞི་ནས་གསལ་པོར་རྟོགས།    ཉེ་དུས་ཤིན་ཧྭ་དྲ་རྒྱའི་ཐོག་གཅིག་མཇུག་གཉིས་མཐུད་ཀྱི་སྤེལ་བའི་བོད་དོན་སྐོར་གྱི་རྩོམ་ཡིག་རྣམས་རྩོམ་བརྒྱ་དོན་གཅིག་གིས་རྒྱ་གཞུང་གི་ལྟ་བ་དང་ལངས་ཕྱོགས་ཁོ་ན་གླེང་གི་ཡོད་སྟབས། རྒྱ་ནག་མི་མང་མང་ཆེ་བས་གཞུང་འབྲེལ་གསར་ཤོག་ཁག་དང་དྲ་རྒྱའི་ནང་རྫུན་གཏམ་འཁྱོག་བཤད་ཀྱི་གནས་ཚུལ་གཅིག་པུ་ལས་མཐོང་རྒྱུ་མེད་པར་བརྟེན། ཁོ་བོས་ཡེ་རྡོར་ཞེས་པས་“ཏཱ་ལའི་རུ་ཚོགས་ཀྱི་དྲན་ཐོའི་ཐད་ཀྱི་ངའི་ལྟ་སྟངས”ཟེར་བའི་བརྗོད་བྱའི་ནང་དོན་སྐོར་དཔྱད་གླེང་བྱས་<<བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་མི་རིགས་ས་ཁོངས་རང་སྐྱོང་ཡོང་བའི་བསམ་ཚུལ་>>གྱི་ནང་དོན་ངོ་མ་གང་ཡིན་གླེང་བར་འདོད། ཐོག་མར་ངེས་པར་དུ་བཤད་དགོས་པ་ཞིག་ལ། ཡེ་རྡོར་ཞེས་མིང་འཁོད་སྨྱུག་འཛིན་པ་དེའི་རྩོམ་ཡིག་གི་དུམ་བུ་དང་པོ་དེའི་ནང༌། རང་ཉིད་ཧ་ཅང་སྤྱང་པོ་ཡིན་བསམ་སྟེ་བརྫུན་ཆེན་པོ་ཞིག་བཤད་འདུག་པ་སྟེ། དེ་ཡང་ཁོས་བརྗོད་དོན།
“ཀྲུའུ་ཝུའེ་ཆོན་གྱིས་ཏཱ་ལའི་བློ་མའི་མི་སྒེར་གྱི་འཐུས་མིས་<<བོད་མི་ཡོངས་ལ་རང་སྐྱོང་ངོ་མ་ཐོབ་པ་བྱེད་རྒྱུའི་དྲན་ཐོ་>>ཞེས་པ་ཕུལ་ཡོད་ཅེས་ངོ་སྤྲོད་གནང་སྐབས་མི་རྣམས་དོ་སྣང་ཆེན་པོ་བྱུང་ཡོད། ཟླ་ ༡༡ ཚེས་ ༡༦ ཉིན་ཏཱ་ལའི་ཕྱོགས་ཀྱིས་རྒྱ་གར་དུ་གསར་འགྱུར་ཡོངས་བསྒྲགས་ཀྱི་ཚོགས་འདུ་འཚོགས་ནས་“དྲན་ཐོ”་དེ་བཀྲམས་པ་དང་འབྲེལ་“དྲན་ཐོ”དེ་ཀྲུང་གོའི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དོན་ཚན་གཞིར་བཟུང་བ་ཞིག་ཡིན་པས་“གལ་ཏེ་དངོས་འབྲེལ་ལག་ལེན་བསྟར་ཐུབ་ན་བོད་མི་དམངས་ཀྱི་དམིགས་གསལ་ཁེ་ཕན་གྱི་དགོས་མཁོ་སྐོང་ཐུབ”ཅེས་བཤད་ཡོད། སྨྱུག་འཛིན་པས་ཏཱ་ལའི་ཕྱོགས་ཀྱི་ཡོངས་བསྒྲགས་བྱས་པའི་“དྲན་ཐོ”ཆ་ཚང་ཞིབ་ཕྲའི་སྒོ་ནས་བལྟས་པ”སོགས་གླེང་འདུག
    འདི་དངོས་གནས་མི་བདེན་རྫུན་སྒྲིག་བྱེད་དྲག་ན། སྔོ་ལོ་ལངས་ནས་འཕྱར་བ་རང་རེད།  ཕྱི་ཟླ་ ༡༡ ཚེས་ ༡༦ ཉིན་ྋགོང་ས་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་གཉིས་ནས་བཞུགས་སྒར་རྷ་སར་གསར་འགོད་ལྷན་ཚོགས་བསྐོངས་ནས<<བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་མི་རིགས་ས་ཁོངས་རང་སྐྱོང་ཡོང་བའི་བསམ་ཚུལ་>>འདི་ཚོགས་རྭར་འགྲེམས་སྤེལ་གནང་སྐབས། ཡེ་རྡོར་ཞེས་སྨྱུག་མིང་འཛིན་མཁན་གྱི་མི་དེ་ས་འདིེར་མེད་པར་རྒྱ་ནག་པེ་ཅིང་དུ་བསྡད་ཡོད་དུས་“དྲན་ཐོ”ལག་ཏུ་ཐེབས་ག་ལ་སྲིད། རྒྱ་ནག་གཞུང་གིས་ཕྱི་ནས་ཡོང་བའི་དྲ་རྒྱ་ཚང་མ་བཀག་འདོམས་བྱས་ཡོད་སྟབས། མཐིལ་རྡོལ་ན་བཤད་ན། ཁོ་བོས་མཐོང་བའི་“དྲན་ཐོ”དེ་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་རྒྱུན་ལས་པུའུ་ཀྲང་བློན་ཆེན་གཞོན་པ་ཀྲུའུ་ཝུའེ་ཆོན་གྱི་ལག་ནས་དགོས་དབང་གིས་ངོ་བཤུས་ཤིག་རག་པ་ཞིག་གསལ་པོ་རེད། ཁོས་“བོད་དང་འབྲེལ་བའི་གནད་དོན་ནི་རྒྱ་ནག་གི་བདག་དབང་དང་མངའ་ཁོངས་ཆ་ཚང་བའི་ཆབ་སྲིད་ཀྱི་གནས་ཚུལ་ཧ་ཅང་གལ་ཆེ་ཡིན་པ་རྒྱ་ནག་གཞུང་གིས་བཤད་པ་”བཞིན་འབྲི་ནུས་སར། དོན་དུ་རྒྱ་མིང་བོད་མིང་དུ་བརྫུས་ཏེ་རང་གི་མིང་ངོ་མ་གང་ཡིན་པ་བཤད་ཕོད་ཀྱི་མེད། ཁོ་བོས་ཚོད་དཔག་བྱས་པ་ནོར་མེད་ན། སྨྱུག་འཛིན་པ་ཁོ་ནི་བོད་དང་འབྲེལ་བའི་དོན་གནད་ཐོག་རྟག་ཏུ་ལས་འབྲས་རྙོག་ཏེ། ག་དུས་ཡིན་ནའང་དཀར་ནག་ཕྱིན་ཕྱི་སློག་ཅིང༌། དཀྲུག་ཤིང་བརྒྱབ་ཏེ་མི་མང་མགོ་སྐོར་གཏོང་མཁན་གྱི་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་ལས་ཁང་གི་མགྲིན་ཚབ་པཧཁོ་མིན་ན་ཅི།
གཉིས་པ། ཡེ་རྡོར་ཞེས་སྨྱུག་འཛིན་པས་“ཀྲུང་གོའི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཁས་མི་ལེན་པ”ཞེས་པའི་ནང༌། ལུང་འདྲེན་བྱས་པའི་དོན་གནད་རྣམས་རང་གི་དགོས་དབང་ལྟར་ཚིག་དུམ་འཁྱེར་ནས་གོ་ལོག་ལེན་པའི་བྱ་ཐབས་སྤྱད་དེ་ནང་དོན་དཀྲུག་ནས་ཆ་ཚང་རྩིས་མེད་བཏང་འདུག དེ་ཡང་ཁོ་པའི་རྩོམ་ཡིག་ནང་འཁོད་དོནཿ
“དྲན་ཐོའི་”ནང་“བོད་མིར་རང་ཉིད་དགོས་མཁོ་དང་ཁྱད་ཆོས་མཚམས་པའི་ས་གནས་སྲིད་གཞུང་དང་༌། སྲིད་གཞུང་གི་རྩ་འཛུགས་དེ་བཞིན་ལམ་ལུགས་གཏན་འཁེལ་བྱས་པའི་དབང་ཆ་ཡོད་དགོས། རང་སྐྱོང་ས་གནས་ཀྱི་མི་མང་འཐུས་མིའི་ཚོགས་ཆེན་ལ་ས་གནས་འདི་གའི་གནད་དོན་ཚང་མར་ཁྲིམས་སྲོལ་བཟོ་བའི་དབང་ཆ་ཡོད་དགོས་པ་དང༌། དེ་བཞིན་རང་སྐྱོང་སྲིད་གཞུང་གི་སྡེ་ཚན་ཁག་ལ་ལག་ལེན་བསྟར་བའི་དབང་ཆ་ཡོད་དགོས་པ། རང་ཚུགས་ངང་གཏན་འབེབས་བྱེད་པའི་དབང་ཆ་ཡོད་དགོས།” ཞེས་བཏོན་ཡོད།  ས་གནས་དེ་གའི་གནད་དོན་ཚང་མ་ཟེར་བའི་ཐད་“དྲན་ཐོའི་”ནང་སྐད་ཡིག་དང༌། རིག་གནས། ཆོས་ལུགས། སློབ་གསོ། ཁོར་ཡུག་སྲུང་སྐྱོང༌། རང་འབྱུང་ཐོན་ཁུངས་བེད་སྤྱོད། དཔལ་འབྱོར་འཕེལ་རྒྱས་དང་ཚོང་དོན། སྤྱི་པའི་འཕྲོད་བསྟེན། སྤྱི་པའི་བདེ་འཇགས། ཕྱི་མིར་དོ་དམ་གཏན་འབེབས། རྒྱལ་ཁབ་གཞན་དག་དང་འགྲོ་འོང་སོགས་ཕྱོགས་བཅུ་གཅིག་དྲངས་པ་མ་ཟད། “ཕན་ཚུན་འབྲེལ་བ་ཟབ་པ་འམ་ཡང་ན་ཐུན་མོང་གི་ཁེ་ཕན་ཐད་ཀྲུང་དབྱང་དང་ས་གནས་སྲིད་གཞུང་གིས་མཉམ་ལས་ཐོག་ཐག་གཅོད་བྱ་ཐབས་འཛུགས་པ”དང༌། “ཕྱོགས་གཅིག་གིས་མོས་མཐུན་མ་བྱས་པའི་གནས་ཚུལ་འོག་ཀྲུང་དབྱང་ངམ་རང་སྐྱོང་ས་གནས་གང་ཞིག་གིས་ཀྱང་རང་སྐྱོང་གི་རྩ་བའི་དོན་ཚན་ལ་རང་དགར་བཟོ་བཅོས་རྒྱག་མི་རུང་བའི་”རེ་བ་བཏོན་ཡོད། དེ་གསལ་པོ་བཤད་ན་དེ་ནི་ཏཱ་ལའི་བླ་མས་ལོ་ཤས་རིང་ནན་བཤད་ཡང་ཡང་བྱས་པའི་¿ཕྱི་དྲིལ་དང་རྒྱལ་སྲུང་ཕུད་ལས་དོན་གཞན་དག་ཚང་མ་བོད་མིས་འགན་འཁུར་དགོས་པ་མ་ཟད། དབང་ཆ་ཚང་མ་ཡོད་”ཅེས་པ་དང་བོད་དུ་“རྒྱལ་ཁབ་གཅིག་ལམ་ལུགས་གཉིས་”བྱ་ཐབས་ལྟར་“རང་སྐྱོང་ངོ་མ་”ལག་ལེན་བསྟར་བ་མ་ཟད། ཤང་ཀང་དང་ཨའོ་མན་ལས་དེ་བས་ཆེ་བ་ཡོད་དགོས་ཟེར་བ་དེ་རེད།
མི་རིགས་ས་ཁོངས་རང་སྐྱོང་ནི་རང་རྒྱལ་གྱིས་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་རྩ་བའི་སྲིད་ཇུས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་ནང་གཏན་འབེབས་གསལ་པོ་བྱས་ཡོད་པས་བོད་འདི་ཤང་ཀང་དང་ཨའོ་མན་གྱི་གནས་ཚུལ་དང་རྦད་དེ་མི་འདྲ་བ་དང་བདག་དབང་སྤྱོད་རྒྱུ་སླར་གསོ་བྱ་རྒྱུའི་གནད་དོན་མེད་ལ་སྤྱི་ཚགས་ཀྱི་ལམ་ལུགས་གཞན་པ་ཞིག་ལག་ལེན་བསྟར་རྒྱུའི་གནད་དོན་ཡང་མེད་པས༌། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཤང་ཀང་བས་ཤང་ཁང་སྐྱོང་བ་“ཨའོ་མན་བས་ཨའོ་མན་སྐྱོང་བ་”ཚད་མཐོའི་རང་སྐྱོང་བཅས་ཀྱི་དཔེ་དབྱིབས་སྤྱོད་མི་རུང་བ་སྨོས་མེད་ཡིན། ཏཱ་ལའི་བླ་མ་ཕྱོགས་ཀྱིས་ཀྲུང་གོའི་རྩ་ཁྲིམས་ཀྱི་དར་རྟགས་འཕྱར་ནས་“རང་སྐྱོང་ངོ་མ་¿ཟེར་བ་བཏོན་པ་ནི་དོན་དངོས་ཐོག་ཀྲུང་གོའི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཁས་མི་ལེན་པ་དང༌། ཀྲུང་དབྱང་གཅིག་གྱུར་འགོ་འཁྲིད་ཁས་མི་ལེན་པར་ཁོ་པ་ཚོའི་ཆབ་སྲིད་ཀྱི་ཇུས་བཀོད་གཞིར་བཟུང་ལམ་ལུགས་གཞན་ཞིག་ལག་ལེན་བསྟར་རྒྱུའི་རེ་ངན་བཅངས་པ་དེ་རེད། ¿
གོང་དུ་གསལ་བའི་ལུང་འདྲེན་ཚིག་གཅིག་གི་ཐོག་ནས་གནད་འགག་གསལ་པོ་སྟོན་ཐུབ་པ་ནི། སྨྱུག་འཛིན་པ་ཁོ་པའི་ལྟ་བ་དང་བྱེད་སྟངས་འདིས། ང་གཙོ་བོ་བྱས་པའི་རྒྱ་མི་རིགས་རིང་ལུགས་ཆེན་པོའི་བཙན་ཧམ་དང༌། དམར་ཤོག་ཚོགས་པ་གཅིག་གིས་སྲིད་དབང་སྒེར་གཅོད་བྱས་པའི་ཕྱི་ཚུལ་མིང་ཙམ་གྱི་མི་རིགས་ས་ཁོངས་རང་སྐྱོང་ཟེར་བ་རྫུན་མ་ཡིན་པ་མཐིལ་རྟོལ་བ་མ་ཟད། དོན་དུ་མིང་དོན་མཚུངས་པའི་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་འདོད་མེད་པ་དང༌། དེ་དག་གོམ་གང་མདུན་སྤོས་ཀྱིས་འཐུས་སྒོ་ཚང་དུ་གཏོང་འདོད་མེད་པ་ཡང་གསལ་རྗེན་དུ་ཐོན་པ་རེད།
དོན་དངོས་ཐོག་ཕྱི་ལོ་ ༡༩༧༠ ལོ་ནས་བཟུང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ད་ལྟ་བར་དབུ་མའི་ལམ་མཐའ་འཁྱོངས་གནང་སྟེ་བོད་འདི་རྒྱ་ནག་ནས་ཁ་བྲལ་ཐབས་གནང་མེད། དེར་བརྟེན། ཁོང་གི་ཆབ་སྲིད་ལངས་ཕྱོགས་ལ་འགྱུར་བ་གཏོང་དགོས་པའི་རྒྱུ་མཚན་གང་ཡང་མེད་ལ་ད་ལྟ་བར་ཁ་གདན་ཚིག་ལ་གནས་ཡོད། དེའི་ཐད་འདས་པའི་མི་ལོ་ ༣ ༠ རིང་ྋགོང་ས་ཆེན་པོ་མཆོག་ནས་བོད་རང་བཙན་རྩོད་གནང་མེད་པཧའཛམ་གླིང་ཡོངས་ཀྱིས་ཤེས་རྟོགས་ཡོད། དེས་ན། རྒྱ་ནག་གཞུང་གིས་བོད་རང་བཙན་རྩོད་པའི་ལངས་ཕྱོགས་ཟེར་བའི་བཤད་ཚུལ་དེར་ཁུངས་ལུང་རྒྱུ་མཚན་སྣེ་གཅིག་མེད་པ་གསལ་པོ་རེད། རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མས་བོད་རང་བཙན་གྱི་ལངས་ཕྱོགས་རྒྱུན་འཁྱོངས་གནང་བ་ཞེས་འཕྲུལ་སྣང་བྱུང་བ་དེ་ནི། རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མའི་ལངས་ཕྱོགས་ལ་འཁྱོག་བཤད་བྱས་ཏེ་ཁོང་ཚོའི་ཆབ་སྲིད་ཀྱི་དམིགས་ཡུལ་ཞིག་བསྒྲུབས་ཐབས་བྱས་ཏེ། རྒྱལ་སྤྱིའི་མི་རྣམས་ཀྱིས་རྒྱ་ནག་གཞུང་གི་བོད་ཀྱི་དཀའ་རྙོག་རྩ་བ་རང་ནས་སེལ་ཐབས་མ་བྱས་པར་བོད་རྒྱའི་འབྲེལ་མོལ་འཕེལ་རིམ་གྱི་སྒོ་བརྒྱབ་པའི་དངོས་དོན་ལ་དོ་སྣང་བྱེད་པའི་མིག་ལམ་གཡོལ་ཐབས་བྱས་པ་ཞིག་རེད། རྒྱ་ནག་ཕུད་པའི་དེང་གི་འཛམ་གླིང་ནང་གནས་ཚུལ་ཚང་མ་ཕྱི་གསལ་ནང་གསལ་ཡིན་པས། རྒྱ་ནག་གཞུང་གིས་གོང་གསལ་དངོས་དོན་འཁྱོག་བཤད་བྱས་ནས་མི་རྣམས་མགོ་སྐོར་བའི་བྱེད་ཚུལ་དེས། རང་ཉིད་རྨོངས་པ་ལས་རྒྱལ་སྤྱིའི་སྤྱི་ཚོགས་ལམ་ནོར་དུ་འཁྲིད་དེ་མགོ་སྐོར་གཏོང་མི་ཐུབ་པ་འི་ཡི་ཆེས་གཏན་པོ་ཡོད།
ཀུན་གྱིས་མཁྱེན་གསལ་ལྟར། ཕྱི་ལོ་ ༢༠༠༨ ཟླ་ ༡༡ ནང་པེ་ཅིན་དུ་མཐའ་མའི་འབྲེལ་མོལ་བྱེད་སྐབས། ྋགོང་ས་ཏཱ་ལའི་བླ་མའི་སྐུ་ཚབ་གཉིས་ནས་རྒྱ་ནག་གཞུང་ལ་༵༵བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་མི་རིགས་ས་ཁོངས་རང་སྐྱོང་ཡོང་བའི་བསམ་ཚུལ་ཀཀཞིག་གནང་སྟེ་བོད་མིར་དོན་དམ་གྱི་མི་རིགས་ས་ཁོངས་རང་སྐྱོང་ཞིག་ཡོང་རྒྱུའི་ལངས་ཕྱོགས་གསལ་སྟོན་གནང་ཡོད་པ་མ་ཟད། མིང་དོན་མཚུངས་པའི་རང་སྐྱོང་དེ་ཡང་ ༵༵རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀཀནང་གསལ་བའི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ནས་ཡོང་ཐབས་གནང་ཡོད། འདིས་གཞི་རྩ་བྱས་པའི་མིང་དོན་མཚུངས་པའི་རང་སྐྱོང་དེས་བོད་མིའི་དགོས་འདུན་མངོན་ཐུབ་པར་ྋགོང་ས་ཏཱ་ལའི་བླ་མ་མཆོག་ནས་ཐུགས་རེ་གནང་ཡོད། ད་ཆ་གོང་གི་<< བསམ་འཆར་ཀཀའདི་མངོན་གསལ་དོད་པོས་ཡོངས་བསྒྲགས་བྱས་ཡོད་སྟབས། བློ་ཟུར་བོར་གནས་པའི་མི་སུ་འདྲ་ཞིག་གིས་ཀྱང་ྋགོང་ས་ཏཱ་ལའི་བླ་མ་མཆོག་ནས་བསམ་འཆར་དེའི་ནང་རང་བཙན་དང༌། ཕྱེད་རང་བཙན། རྣམ་པར་གྱུར་བའི་རང་བཙན་རྩོད་ཡོད་མེད་རྭ་སྤྲོད་བྱེད་ཐུབ། ྋགོང་ས་ཏཱ་ལའི་བླ་མ་མཆོག་ནས་བཏོན་གནང་བའི་ཐུགས་རེ་ནི་ཧོང་ཀོང་དང་ཨའོ་མན་ལྟར་གྱི་¿རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་¿ཟེར་བ་མ་ཡིན་པར། རེ་བ་འདི་ཕྱི་ལོ་ ༢༠༠༢ ནས་དོར་གནང་ཟིན་པ་རེད། ད་འོ་ན། ༵༵བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་མི་རིགས་ས་ཁོངས་རང་སྐྱོང་ཡོང་བའི་བསམ་ཚུལ་ཀཀནང་ཐུགས་རེ་ག་རེ་གནང་ཡོད་ཅེས་ན། མདོར་བསྡུས་ན་དོན་ཚན་གཉིས་རེད། དེ་ཡང༌།
 
དོན་ཚན་དང་པོ། ནན་ཏན་ངང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་བའི་མི་རིགས་རང་སྐྱོང་ལག་བསྟར་བྱ་དགོས།
    དོན་ཚན་གཉིས་པ། བོད་མི་གནས་སྡོད་བྱེད་ཡུལ་ཡོངས་རྫོགས་བོད་རང་སྐྱོང་ལྗོངས་ནང་འཇོག་རྒྱུ།

དོན་ཚན་དང་པོའི་སྐོར། ༵༵བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་མི་རིགས་ས་ཁོངས་རང་སྐྱོང་ཡོང་བའི་བསམ་ཚུལ་ཀཀགྱི་དོན་ཚན་དང་པོའི་ངོ་སྤྲོད་ནང་གསལ་པོ་འཁོད་འདུག  དེ་ཡང༌།

དང་པོ། ངོ་སྤྲོད།
ཕྱི་ལོ་ ༢༠༠༢ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུས་གཞུང་དང་མཉམ་ཐད་ཀའི་འབྲེལ་ལམ་བསྐྱར་གསོ་བྱུང་རྗེས་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་སྐུ་ཚབ་དང་དབུས་གཞུང་གི་སྐུ་ཚབ་ཚོའི་དབར་གྲོས་བསྡུར་ཞིབ་ལྷུག་བྱུང་བ་དང༌། ང་ཚོའི་ངོས་ནས་བོད་མིའི་མངོན་འདོད་གང་ཡིན་འགྲེལ་བརྗོད་གསལ་པོ་བྱས་པ་ཡིན། གཉིས་སྨན་དབུ་མའི་ལམ་གྱི་དགོངས་དོན་ནི་བོད་མི་རིགས་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྙིང་དོན་×ÚÖ¼)དང་མི་འགལ་བའི་ཐོག་ནས་རང་སྲིད་རང་སྐྱོང་གི་གནས་བབ་མིང་དོན་མཚུངས་པ་ཞིག་ཐོབ་ཐབས་བྱ་རྒྱུ་དེ་ཡིན་ཞིང༌། དེ་ནི་བོད་རྒྱ་གཉིས་ཀའི་འཕྲལ་ཕུགས་ཀྱི་ཁེ་ཕན་ལ་གཞི་བཅོལ་བ་ཞིག་ཡིན། ང་ཚོས་ཁ་བྲལ་ལམ་རང་བཙན་མི་རྩོད་རྒྱུའི་ཁས་ལེན་བརྟན་པོ་བྱས་ཏེ། མིང་དོན་མཚུངས་པའི་རང་སྐྱོང་གི་ལམ་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་བྱེད་ཀྱི་ཡོད་ཅིང༌། དེ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གསལ་བའི་རང་སྐྱོང་གི་དགོངས་དོན་དང་ཡོངས་སུ་མཐུན་པ་ཡིན། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་དང་རྣམ་པ་ཕྱོགས་ཡོངས་ནས་སྲུང་སྐྱོབ་དང་དར་སྤེལ་བྱེད་རྒྱུ་དེ་སྐྱེ་འགྲོ་སྤྱི་དང༌། ཁྱད་པར་བོད་རྒྱ་མི་རིགས་གཉིས་ཀར་ཕན་ཐོགས་ཡོད་པ་ཞིག་རེད།
    ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༡ དང་ ༢ ཉིན་འབྲེལ་མོལ་ཐེངས་བདུན་པའི་སྐབས་རྒྱ་ནག་མི་དམངས་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གི་བློན་ཆེན་གཅིག་ལྕོགས་སྐུ་ཞབས་ཏུའུ་ཆིང་ལིན་མཆོག་གིས་ྋགོང་ས་མཆོག་གི་ངོས་ནས་བོད་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་ཐོག་དགོངས་འཆར་ལེགས་པ་གང་ཡོད་གསུངས་པའི་རེ་བ་དང་འབོད་སྐུལ་ཞུ་གི་ཡོད་གསུངས་པ་དང༌། དབུས་འཐབ་ཕྱོགས་གཅིག་གྱུར་རྒྱུན་ལས་བློན་ཆེན་གཞོན་པ་སྐུ་ཞབས་ཀྲུའུ་ཝེ་ཆོན་མཆོག་གིས་ང་ཚོའི་ངོས་ནས་རང་སྐྱོང་གི་ཚད་གཞི་འམ་རྣམ་པ་ག་འདྲ་ཞིག་འཚོལ་གྱི་ཡོད་པའི་འགྲེལ་བརྗོད་ཁ་གསལ་དང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་འགལ་བའི་ས་གནས་རང་སྐྱོང་སྐོར་ཁྱེད་ཚོའི་བསམ་ཚུལ་ཇི་ཡོད་ཉན་འདོད་ཡོད་ཅེས་གསུངས་བྱུང༌།

དེ་ལ་བརྟེན་ནས་བསམ་འཆར་འདིའི་ནང་ང་ཚོའི་མིང་དོན་མཚུངས་པའི་རང་སྐྱོང་སྐོར་གྱི་ལངས་ཕྱོགས་ཇི་ཡིན་དང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་བའི་རང་སྐྱོང་གི་དགོངས་དོན་ང་ཚོས་གོ་བ་བླང་ཕྱོགས་ལྟར་ལག་བསྟར་བྱེད་ན་དམིགས་བཀར་བོད་མིའི་དགོས་མཁོ་རྣམས་བསྐང་ཐུབ་ཚུལ་གསལ་བཤད་བྱས་ཡོད། ྋགོང་ས་མཆོག་གིས་བོད་མིའི་གཞི་རྩའི་དགོས་མཁོ་ཁག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་མིང་དོན་མཚུངས་པའི་རང་སྐྱོང་མིང་དོན་མཚུངས་པའི་རང་སྐྱོང་གི་གོ་དོན་ཡིག་ཆ་འདིས་འགྲེལ་བཤད་བྱེད་ཀྱི་ཡོད།གི་ལམ་ནས་བསྐང་ཐུབ་པའི་གདེང་ཚོད་གནང་ཡོད།

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་མི་རིགས་མང་པོ་འདུས་པའི་རྒྱལ་ཁབ་ཅིག་ཡིན་སྟབས་རྒྱལ་ཁབ་གཞན་མང་པོ་དང་འདྲ་བར་གྲངས་ཉུང་མི་རིགས་ལ་རང་སྲིད་རང་སྐྱོང་སྤྲད་པའི་སྒོ་ནས་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་ཀྱི་ཡོད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་རང་སྐྱོང་དང་རང་སྲིད་རང་སྐྱོང་སྐོར་གྱི་གཞི་རྩའི་ལྟ་གྲུབ་གསལ་བ་དེ་དག་གི་དམིགས་ཡུལ་བོད་མིའི་དགོས་མཁོ་དང་མངོན་འདོད་དང་མཐུན་གྱི་ཡོད། མི་རིགས་ས་གནས་རང་སྐྱོང་གི་དམིགས་ཡུལ་ནི་རྒྱ་རིགས་ཆེན་པོའི་རིང་ལུགས་དང་ས་གནས་མི་རིགས་རིང་ལུགས་གཉིས་ཀ་སྤང་བའི་སྒོ་ནས་མི་རིགས་གཉའ་གནོན་དང་མི་རིགས་ཁ་བྲལ་གཉིས་ཀ་འགོག་ཐབས་བྱེད་ཆེད་དང༌། རང་ཁྱིམ་རང་བདག་གི་དབང་ཆ་སྤྱོད་པའི་སྒོ་ནས་གྲངས་ཉུང་མི་རིགས་ཀྱི་ངོ་བོ་དང་ལེགས་བྱང་྄ྵཡརྩསྲུང་སྐྱོབ་ཐུབ་པའི་འགན་སྲུང་བྱེད་ཆེད་རེད།  

ང་ཚོས་གོ་བ་བླང་ཕྱོགས་ལྟར་ན་རྩ་ཁྲིམས་སུ་གསལ་བའི་རང་སྐྱོང་གི་ལྟ་གྲུབ་ནང་བོད་མིའི་དགོས་མཁོ་རྣམས་ཚད་གཞི་ངེས་ཅན་གྱི་བར་བསྐང་ཐུབ་ཀྱི་ཡོད། རྩ་ཁྲིམས་ནང་གནད་དོན་ཁ་ཤས་ཐོག་རྒྱལ་ཁབ་ཀྱི་ལས་ཁུངས་ཁག་ལ་རང་སྐྱོང་སྐོར་གྱི་ཐག་གཅོད་དང་ལག་བསྟར་བྱེད་ཕྱོགས་ཀྱི་དམིགས་བསལ་དབང་ཆ་སྤྲད་ཡོད། བོད་མིའི་ཐུན་མོང་མ་ཡིན་པའི་གནས་སྟངས་དང་འཚམས་པའི་མིང་དོན་མཚུངས་པའི་རང་སྐྱོང་ཡོང་བར་དམིགས་བསལ་གྱི་དབང་ཆ་འདི་དག་ལག་བསྟར་བྱེད་དགོས། དེ་དག་ལག་བསྟར་བྱེད་སྐབས་བོད་མི་རིགས་ཀྱི་དགོས་མཁོ་དང༌། དེ་བཞིན་དམིགས་བསལ་གྱི་རང་བཞིན་དང་འཚམས་པ་ཡོང་ཆེད་རང་སྐྱོང་གི་ཁྲིམས་ཡིག་ཁག་ལ་བསྐྱར་ཞིབ་དང་བཟོ་བཅོས་གནང་དགོས་པ་ཡོང་སྲིད། ཕྱོགས་གཉིས་ཀའི་ངོས་ནས་ལྷག་བསམ་རྣམ་དག་བྱུང་ན་རྩ་ཁྲིམས་སུ་གསལ་བའི་རང་སྐྱོང་གི་ལྟ་གྲུབ་བརྒྱུད་ད་ཡོད་ཀྱི་དཀའ་ངལ་རྣམས་སེལ་ཐུབ། དེ་འདྲ་བྱེད་ན་རྒྱལ་ཁབ་གཅིག་གྱུར་དང༌། བརྟན་ལྷིང༌། བོད་རིགས་དང་མི་རིགས་གཞན་ཚོའི་བར་འཆམ་མཐུན་གྱི་འབྲེལ་ལམ་འཛུགས་ཐུབ་པ་ཡོང་གི་རེད། ¿

གོང་གསལ་ངོ་སྤྲོད་ཐོག་ནས་གསལ་པོ་རྟོགས་ཐུབ་པར། ཕྱི་ལོ་ ༢༠༠༢ ནས་ད་བར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་བའི་རང་སྐྱོང་གི་དགོངས་དོན་དང༌། དེ་བཞིན་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་ལས་གཏན་འབེབས་བྱས་པའི་མི་རིགས་རང་སྐྱོང་ལག་བསྟར་བྱ་རྒྱུའི་ཐུགས་རེ་གནང་ཡོད། དེ་ཡང་གསལ་པོར་བཤད་ན། ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་ཐུགས་རེ་ནི། རྒྱ་ནག་གཞུང་གིས་རྩ་ཁྲིམས་དང་ཁྲིམས་ཐོག་ནས་གཏན་འབེབས་བྱས་པའི་མི་རིགས་རང་སྐྱོང་དེ་ཡིན། མིག་སྔར་བོད་ནང་ལག་ལེན་བྱེད་པའི་རང་སྐྱོང་དེ་ནི་ཕྱི་ཚུལ་དང་མིང་ཙམ་ལས། དོན་དམ་གྱི་རང་སྐྱོང་ལག་བསྟར་བྱས་མེད། རང་སྐྱོང་དང་འབྲེལ་བའི་བཅའ་ཁྲིམས་གཅིག་ཀྱང་བེད་སྤྱོད་བྱས་མེད། རྒྱ་ནག་གཞུང་གིས་¿རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་རིམ་བྱུང་གི་འཐུས་མིའི་ནང་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གིས་འཐུས་མིས་སྔ་བར་ཕྱིས་གསུམ་དུ་བརྒྱ་ཆ་༨༠ བཟུང་བ་དང༌། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་རིན་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞིའི་འགན་དེ་བོད་རིགས་སྤྱི་དམངས་ནས་འཁུར་གྱི་ཡོད་¿སོགས་བཤད་ཡོད་ཀྱང༌། རང་སྐྱོང་ལྗོངས་ཀྱི་ཁྲིམས་བཟོའི་སྒྲིག་གཞིའི་དགོས་ངེས་ཀྱི་ནུས་པ་སྤྱོད་ཐུབ་མེད། དོན་དངོས་ཐོག་མཚོན་བྱེད་ཙམ་གྱི་མེ་ཏོག་བུམ་པ་ལྟ་བུ་ཡིན།       

དེར་བརྟེན། ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་ཐུགས་རེ་ནི། རྒྱ་ནག་གཞུང་གིས་རྩ་ཁྲིམས་དང་ཁྲིམས་ཐོག་ནས་གཏན་འབེསབ་བྱས་པའི་མི་རིགས་རང་སྐྱོང་གི་འབྲུ་དོན་རྣམས་ཡིན། འབྲུ་དོན་དེ་ཚོའི་ནང་སྐད་ཡིག་དང༌། ལེགས་བྱང༌།  ཆོས་ལུགས། དཔལ་འབྱོར། ཤེས་ཡོན། ཁོར་ཡུག་སྲུང་སྐྱོབ། རང་འབྱུང་ཐོན་ཁུངས་བེད་སྤྱོད་བྱེད་ཕྱོགས། མང་ཚོགས་ཀྱི་འཕྲོད་བསྟེན། མང་ཚོགས་ཀྱི་བདེ་འཇགས། ཕྱོགས་མི་དོ་དམ་བྱེད་ཕྱོགས་ཀྱི་སྲོལ་ཡིག རྒྱལ་ཁབ་གཞན་དང་ཚོང་འབྲེལ་སོགས་ནང་དོན་དེ་དག་ཚང་མ་རྒྱ་ནག་གི་རྩ་ཁྲིམས་དང་འབྲེལ་ཡོད་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཡིག་ནང་གསལ་པོར་གཏན་འབེབས་ཀྱིས་འཁོད་ཡོད།  
    གལ་ཏེ་དེ་དག་ཆ་ཚང་ལག་ལེན་འཁེལ་བ་ཡིན་ན། རང་སྐྱོང་ལྗོངས་ལ་བདག་པའི་དམག་དཔུང་དགོས་པ་མེད། དམག་དཔུང་ནི་དབུས་གཞུང་གི་ལས་ཀ་རེད། རང་སྐྱོང་ལྗོང་ཀྱིས་རྒྱལ་ཁབ་སུ་འདྲ་ཞིག་ལ་འང་ཕྱི་སྲིད་ཀྱི་འབྲེལ་བ་འཛུགས་མི་དགོས། རང་སྐྱོང་ལྗོངས་ཀྱིས་སློབ་ཕྲུག་ཕྱིར་སློབ་སྦྱོང་བྱེད་པར་གཏང་རྒྱུ་དང༌། ཡང་ན་ལེགས་བྱང་དང་ཤེས་ཡོན་སློབ་གསོའི་ལས་རིགས་ཀྱི་མཁས་པ་གདན་ཞུ་བྱ་རྒྱུ། རང་སྐྱོང་ལྗོངས་ཀྱིས་ཐག་ཉེ་འབྲེལ་མཚམས་ཀྱི་རྒྱལ་ཁབ་དང་མཉམ་དུ་ས་མཚམས་ཀྱི་ཚོང་འབྲེལ་བྱ་རྒྱུ་བཅས་དབུས་གཞུང་ལ་རེ་བ་ཞུ་མི་དགོས། དེར་རྟེན། དོན་དངོས་ན་བརྗོད་ན། རྒྱལ་སྲུང་དང་ཕྱི་སྲིད་ནི་དབུས་གཞུང་གི་ལས་ཀ་རེད། དེ་ཙམ་མ་ཟད། དབུས་གཞུང་ནས་རང་སྐྱོང་ལྗོངས་ལ་དགོས་དངུལ་གཏོང་མི་དགོས། རང་སྐྱོང་ལྗོངས་ཀྱིས་དཔལ་འབྱོར་ཐོག་དབུས་གཞུང་ལ་རྟེན་མི་དགོས་པར། རང་སྐྱོང་ལྗོངས་ཀྱིས་སོ་སོའི་ཁྲིམས་ལུགས་ལྟར་རང་ལ་བདག་པའི་རང་འབྱུང་ཐོན་ཁུངས་བེད་སྤྱོད་བྱས་ཆོག།  
    རྩ་ཁྲིམས་ཀྱི་དོན་ཚན་ ༡༡༢ ནས་དོན་ཚན་ ༡༢༢ ནང་གསལ་བའི་རང་སྐྱོང་གི་ནང་དོན་རྣམས་ཧ་ཅང་གསལ་པོ་རེད། ད་དུང་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཡིག་ནང་དུའང་གསལ་པོ་འཁོད་ཡོད། གལ་ཏེ་འབྲུ་དོན་དེ་དག་རེ་རེ་བཞིན་ལག་བསྟར་བྱས་ན། གནད་དོན་གང་ཡང་མེད། བོད་མོ་ཚོ་འདོད་པ་ཁེངས་པ་དང༌། བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་ཐུབ་རྒྱུ་ཡིན་པས། བོད་མི་ཚོའི་བརྩེ་གདུང་རྒྱ་ནག་མི་དམངས་སྤྱི་འཐུན་རྒྱལ་ཁབ་དང་མཉམ་མཐུན་བྱ་རྒྱུ་རེད། དེ་ལྟར་བྱུང་ཚེ་བོད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་ཧ་ཅང་ལས་སླ་བོ་དང༌། སྟབས་བདེ། ཞི་འཇམ། ཕྱི་གསལ་ནང་གསལ་ཡོང་ཐུབ།
    དེས་ན། ཡེ་རྡོར་གྱིས་རྩོམ་ཡིག་ནང་ ¿ཀྲུང་གོའི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཁས་མི་ལེན་པ་དང༌། ཀྲུང་དབྱང་གི་གཅིག་གྱུར་འགོ་འཁྲིད་ཁས་མི་ལེན་པར་ཁོ་པ་ཚོའི་¿ཆབ་སྲིད་ཀྱི་ཇུས་འགོད་¿གཞིར་བཟུང་ལམ་ལུགས་གཞན་ཞིག་ལག་ལེན་བསྟར་རྒྱུའི་རེ་ངན་འཆང་བ་རེད་¿ཟེར་བཤད་འདུག་པར། ང་ཚོའི་ལན་ནི་ཚིག་གཅིག་རང་ཡིན་པ་དེ་ནི། རྒྱ་ནག་གཞུང་གིས་རྩ་ཁྲིམས་དང་ཁྲིམས་དོན་གྱི་རང་སྐྱོང་འདི་ཁ་ཡོད་ལག་ཡོད་ཀྱིས་ལག་ལེན་བྱ་རྒྱུ་དང་ཆབས་ཅིག་གོམ་གང་མདུན་སྤོས་ཀྱིས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ་ཡིན།
    ང་ཚོས་རྒྱ་ནག་གཞུང་ལ་སོ་སོས་གཏན་འབེབས་བྱས་པའི་རྩ་ཁྲིམས་ལ་བརྩི་བཀུར་ཞུས་ཏེ་ནན་ཏན་གྱིས་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན་པ་དེ་ལ། ཡང་སྙིང་ནག་ཉེས་ག་རེ་ཆགས་པ་རེད་དམ། དེའི་ཐད། ལུ་ཏིས་ཞེས་པའི་རྒྱ་མི་རིགས་ཞིག་གིས་འགོ་བརྗོད་དུ་¿པེ་ཅིན་གྱིས་བཙན་བྱོལ་བོད་གཞུང་གདོན་འདྲེ་ལྟར་དམའ་འབེབས་བཏང་དགོས་དོན་ཅི་ཡིན་¿ཞེས་རྩོམ་ཡིག་ནང་འཁོད་པ་ལྟར། ¿རྒྱ་ནག་གཞུང་གིས་དྲང་པོ་དྲང་བཞག་གིས་རང་གིས་གཏན་འབེབས་བྱས་པའི་རྩ་ཁྲིམས་དེ་ལག་བསྟར་བྱ་རྒྱུ་མེད་པ་རྫུན་མ་ཡིན་པས་དེ་མེད་པ་བཟོས་ཏེ། རྒྱལ་ཁབ་ཀྱི་དངོས་ཡོད་ཁྲིམས་བཟོའི་སྒྲིག་གཞི་དང༌། སྤྱི་འབངས་ཀྱི་ཁེ་དབང༌། གྲངས་ཉུང་མི་རིགས་ཀྱི་ཁེ་དབང་མཚོན་པའི་རྩ་ཁྲིམས་ཤིག་བཟོས་ཏེ། གོམ་གང་མདུན་སྤོས་ཀྱིས་རྒྱ་ནག་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་པ་ལས། ལག་པ་གཅིག་གིས་གནམ་འོག་མི་རྣམས་ཀྱི་ཁ་དང་མིག་བཀབ་ནས། ཏཱ་ལའི་རུ་ཚོགས་ཀྱིས་¿ཁ་བྲལ་དང་རང་བཙན་རྩོད་ཀྱི་འདུག་¿ཟེར་བའི་བརྫུན་གཏམ་བཤད་དེ་རྒྱ་བོད་མི་རིགས་གཉིས་དབར་འཁོན་འཛིན་བཟོ་དགོས་དོན་ཅི་¿ཞེས་བཤད་པ་ལྟར་མ་ཡིན་ནམ།
    དེ་བས་ཧང་བསངས་དགོས་པ་ཞིག་ལ། རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཀྲུའུ་ཝེ་ཆོན་གྱིས་འཛེམས་བག་མེད་པར་ ¿བོད་འདི་ཤང་ཀང་དང་ཨའོ་མན་གྱི་གནས་ཚུལ་དང་རྦད་དེ་མི་འདྲ་བ་དང་བདག་དབང་སྤྱོད་རྒྱུ་སླར་གསོ་བྱ་རྒྱུའི་གནད་དོན་མེད་ལ་སྤྱི་ཚོགས་ཀྱི་ལམ་ལུགས་གཞན་པ་ཞིག་ལག་ལེན་བསྟར་རྒྱུའི་གནད་དོན་ཡང་མེད་པས་¿རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་¿དང༌། ¿ཤང་ཀང་བས་ཤང་ཀང་སྐྱོང་བ་¿ཨའོ་མན་བས་ཨའོ་མན་སྐྱོང་བ་¿ཚད་མཐོའི་རང་སྐྱོང་བཅས་ཀྱི་དཔེ་དབྱིབས་སྤྱོད་མི་རུང་བ་སྨོས་མེད་ཡིན།¿བཤད་འདུག་ རྒྱ་ནག་གཞུང་གི་ལྟ་ཚུལ་དེས། མི་སེར་སྤེལ་ཡུལ་གྱི་དབང་བསྒྱུར་འོག་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་ལེན་བསྟར་གྱི་ཡོད་པ་དམར་རྗེན་དུ་ཐོན་ཡོད། རྒྱ་མི་རིགས་ཀྱིས་¿ཤང་ཀང་བས་ཤང་ཀང་སྐྱོང་བ་¿ཨའོ་མན་བས་ཨའོ་མན་སྐྱོང་བའི་¿ཚད་མཐོའི་རང་སྐྱོང་ལག་བསྟར་བྱེད་ཆོག་ཀྱང༌། བོད་མི་རིགས་ཀྱིས་རྒྱ་ནག་གི་རྩ་ཁྲིམས་དང་མི་རིགས་རང་སྐྱོང་གི་བཅའ་ཡིག་སོགས་ཁྲིམས་ལུགས་ཀྱི་གཏན་འབེབས་བྱས་པའི་རང་སྐྱོང་ཐོབ་ཐང་ལོངས་སྤྱོད་བྱེད་མ་ཆོག་པར་གཞན་གྱིས་རང་སྣང་གང་ཤར་གྱི་མནར་གཅོད་གཏོང་བའི་མི་སེར་གཉིས་པ་ཞིག་ལ་གྱུར་བ་དེ་ད་ལྟའི་དངོས་ཡོད་གནས་སྟངས་ཤིག་མ་ཡིན་ནམ།

དོན་ཚན་གཉིས་པ། བོད་མི་གནས་སྡོད་བྱེད་ཡུལ་ཡོངས་རྫོགས་བོད་རང་སྐྱོང་ལྗོངས་ནང་འཇོག་རྒྱུ།
དེ་སྔའི་ལོ་རྒྱུས་ཐོག་བྱུང་མྱོང་བའི་སྟོད་མངའ་རིས་སྐོར་གསུམ་དང༌། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཅེས་པའི་བོད་ཆེན་པོའི་ཁུངས་གཏོགས་ཀྱི་ཆོལ་གསུམ་བོད་མི་ཡོད་དོ་ཅོག་བོད་རང་སྐྱོང་ལྗོངས་ཞེས་པའི་ནང་འཇོག་དགོས་པ་དེའི་སྐོར་༵༵༵༵༵༵༵༵བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་མི་རིགས་ས་ཁོངས་རང་སྐྱོང་ཡོང་བའི་བསམ་ཚུལ་ཀཀགྱི་དོན་ཚན་ལྔ་པའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་ཡོད་པའི་བོད་རིགས་རྣམས་གཅིག་གྱུར་གྱི་འཛིན་སྐྱོང་དགོས་པ་ཞེས་པའི་ནང་གསལ་པོ་འཁོད་འདུག  

¿གོང་གསལ་བོད་མིའི་གཞི་རྩའི་དགོས་མཁོ་རྣམས་ཀྱི་ཐོག་རང་སྐྱོང་ལག་ལེན་བྱེད་དེ་བོད་མིའི་ཐུན་མོང་མ་ཡིན་པའི་ངོ་བོ་དང༌། ལེགས་བྱང༌། ནང་དོན་རིག་པའི་སྲོལ་རྒྱུན་རྣམས་སྲུང་སྐྱོབ་དར་སྤེལ་གཏོང་བའི་སྒོ་ནས་བོད་ཀྱི་ཡར་རྒྱས་ཡོང་བ་བྱེད་པར་ད་ལྟ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རང་སྐྱོང་གི་གནས་བབ་སྤྲད་པའི་བོད་རིགས་ས་ཁུལ་ཚང་མ་རང་སྐྱོང་འཛིན་སྐྱོང་གཅིག་གི་འོག་ཚུད་པ་བྱེད་དགོས། ད་ཡོད་འཛིན་སྐྱོང་གི་དབྱེ་བ་འདིས་བོད་མི་རྣམས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྗོངས་དང་ཞིང་ཆེན་མང་པོའི་ནང་འཛིན་སྐྱོང་བྱེད་ཀྱི་ཡོད་སྟབས། དུམ་བུར་ཁ་གྱེས་པ་དང༌། ཡར་རྒྱས་དོ་མཉམ་མི་ཡོང་བའི་རྐྱེན་བྱེད་ཀྱི་ཡོད། དེ་བཞིན་དུ་བོད་མིའི་ཐུན་མོང་གི་ངོ་བོ་དང༌། ལེགས་བྱང༌། ནང་དོན་རིག་པའི་སྲོལ་རྒྱུན་བཅས་པ་སྲུང་སྐྱོབ་དར་སྤེལ་གཏོང་རྒྱུའི་ནུས་པ་ཉམས་གུད་གཏོང་གི་ཡོད། སྲིད་བྱུས་འདིས་མི་རིགས་གཅིག་གྱུར་གྱི་ངོ་བོ་ལ་བརྩི་བཀུར་བྱེད་རྒྱུའི་ཚབ་ཏུ་མི་རིགས་ཁ་བྲལ་དང༌། བོད་མི་རིགས་ཀྱི་གཅིག་གྱུར་ངོ་བོ་ལ་འགོག་རྐྱེན་དང་རང་སྐྱོང་གི་དགོངས་དོན་རྩིས་མེད་གཏོང་གི་ཡོད། གྲངས་ཉུང་མི་རིགས་གཙོ་བོའི་གྲས་གཞན་ཡུ་གུར་དང་སོག་རིགས་རྣམས་ཕལ་ཆེར་ཆ་ཚང་སོ་སོའི་རང་སྐྱོང་ལྗོངས་གཅིག་གི་ནང་འཛིན་སྐྱོང་བྱེད་ཀྱི་ཡོད་ཀྱང༌། བོད་རིགས་རྣམས་གྲངས་ཉུང་མི་རིགས་གཅིག་མ་ཡིན་པར་མང་པོ་ཡིན་པ་ལྟར་གནས་ཡོད།

ད་ལྟའི་ཆར་རང་སྐྱོང་གི་གནས་བབ་འདྲ་མིན་འོག་ཡོད་པའི་བོད་རིགས་ཡོངས་རྫོགས་འཛིན་སྐྱོང་གཅིག་གི་ནང་ཚུད་པ་བྱེད་རྒྱུ་དེ་རྩ་ཁྲིམས་དོན་ཚན་བཞི་པའི་ནང་གསལ་བའི་ལྟ་གྲུབ་དང་ཡོངས་སུ་མཐུན་པ་མ་ཟད། མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་དོན་ཚན་གཉིས་པའི་ནང་ཡང་ བྱབྱགྲངས་ཉུང་མི་རིགས་སོ་སོ་འདུས་སྡོད་བྱེད་སའི་ས་གནས་ཁག་ཏུ་ས་ཁོངས་རང་སྐྱོང་དངོས་སུ་བྱ་རྒྱུ།བྱབྱ ཡིན་པ་འཁོད་ཡོད། མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ནང་མི་རིགས་ས་གནས་རང་སྐྱོང་གི་ལམ་ལུགས་ནི་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པར་རྒྱ་ནག་དམར་ཤོག་ཚོགས་པའི་གཏན་ལ་ཕབ་པའི་གཞི་རྩའི་སྲིད་བྱུས་ཡིན་པ་དང༌།
བྱབྱརྒྱལ་ཁབ་ཀྱི་འགོ་ཁྲིད་གཅིག་གྱུར་འོག གྲངས་ཉུང་མི་རིགས་ཁག་འདུས་སྡོད་བྱེད་སར་ས་ཁོངས་རང་སྐྱོང་དངོས་སུ་བྱས་ནས་རང་སྐྱོང་ལས་ཁུངས་བཙུགས་ཏེ་རང་སྐྱོང་བྱེད་དབང་ལོངས་སུ་སྤྱོད་རྒྱུ་དེ་ཡིན། མི་རིགས་ས་ཁོངས་རང་སྐྱོང་དངོས་སུ་བྱེད་པ་དེའི་ཐོག་ནས་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཁག་གིས་མི་རིགས་སོ་སོའི་ནང་ཁུལ་གྱི་ལས་དོན་བདག་སྐྱོང་བྱེད་དབང་ལོངས་སུ་སྤྱོད་པར་བརྩི་འཇོག་དང་འགན་སྲུང་ལེགས་པར་བྱེད་པའི་དགོངས་དོན་མཚོན་པ་དང༌། རྒྱལ་ཁབ་ཀྱི་མི་རིགས་ཁག་བར་འདྲ་མཉམ་དང་མཐུན་སྒྲིལ་ཡོང་བ་མཐའ་འཁྱོངས་དང༌། མི་རིགས་ཁག་ལྷན་དུ་དར་རྒྱས་ཕུན་སུམ་ཇེ་ཚོགས་ཡོང་བ་མཐའ་འཁྱོངས་བྱེད་པའི་རྩ་དོན་མཚོན་ཡོད།བྱབྱཅེས་འཁོད་ཡོད།མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་ཀྱི་སྔོན་གླེང༌།

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་བོད་མི་རྣམས་ལ་རང་སྐྱོང་བྱེད་རྒྱུའི་ཐོབ་ཐང་དེ་བོད་རིགས་ཡོངས་ལ་ཁྱབ་པ་ཞིག་བྱུང་ན་དོན་ཕན་ལྡན་པའི་རང་སྐྱོང་ཞིག་ཡོང་རྒྱུ་ཡིན་པ་གསལ་པོ་རེད།

མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ནང་མི་རིགས་རང་སྐྱོང་གི་ས་མཚམས་བསྒྱུར་བཅོས་བྱེད་དགོས་ཡོང་སྲིད་པའི་ལྟ་བ་ངོས་འཛིན་བྱས་ཡོད། རྩ་ཁྲིམས་ནང་གསལ་བའི་རང་སྐྱོང་གི་གཞི་རྩའི་ལྟ་གྲུབ་གཞིར་བཟུང་བོད་མིའི་གཅིག་གྱུར་གྱི་ངོ་བོ་ལ་བརྩི་བཀུར་དགོས་པའི་མངོན་འདོད་དེ་ཡོངས་སུ་ཁྲིམས་མཐུན་ཡིན་པ་ཙམ་མ་ཟད། དེའི་ཆེད་འཛིན་སྐྱོང་བསྒྱུར་བཅོས་བྱེད་དགོས་ཁག་ཀྱང་རྩ་ཁྲིམས་ཀྱི་ལྟ་གྲུབ་དང་འགལ་གྱི་མེད་པ་དང༌། དངོས་སུ་དེ་ལྟར་བྱས་པའང་མང་པོ་བྱུང་ཡོད¿།

གོང་གསལ་གྱི་གནད་དོན་འདི་དག་ཀྱང་ྋགོང་ས་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནས་ཁ་བྲལ་དང་རང་བཙན་རྩོད་རྒྱུ་དོར་གནང་བའི་རྒྱུ་རྐྱེན་ཞིག་ཡིན། གལ་ཏེ་བོད་ཀྱིས་ཁ་བྲལ་རྒྱུའི་རེ་བ་བཏོན་པ་ཡིན་ན། ཕྱི་ལོ་ ༡༩༥༡ ལོར་བོད་ཕྱི་དང་བོད་ནང་ཞེས་པ་གཉིས་གཅིག་གྱུར་དགོས་པའི་རེ་བ་བཏོན་རྒྱུ་མིན་པར་བོད་ཕྱི་མ་ཁ་བྲལ་རྒྱུའི་རེ་བ་བཏོན་གྱི་རེད། རྒྱུ་མཚན་དེ་དག་ལ་བརྟེན། ྋགོང་ས་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་བཞུགས་རྒྱུའི་བདམ་ཁ་གནང་སྟབས། བོད་ཀྱི་མི་རིགས་ས་ཁོངས་རང་སྐྱོང་ངེས་པར་དུ་འོས་མཚམས་ཀྱིས་འཛུགས་གཉེར་བྱེད་དགོས། དེ་ཡང་བོད་མི་རིགས་འདི་བོད་མི་ཡོངས་སུ་རྫོགས་པ་བསྡུས་པའི་མི་རིགས་ས་ཁོངས་རང་སྐྱོང་ཞིག་ཡིན་དགོས་པ་ཡིན། འདི་མངའ་ཁོངས་བདག་དབང་གི་གནད་དོན་ཞིག་དང༌། དེ་མིན་གྱི་གནད་དོན་མ་ཡིན་པར་འདི་ནི་མི་མང་གི་བདེ་སྡུག་དང་འབྲེལ་བའི་དོན་གནད་ཞིག་ཡིན།
མི་རིགས་ས་ཁོངས་རང་སྐྱོང་གི་གཞི་རྩའི་དམིགས་ཡུལ་ནི་བོད་མིའི་ཐུན་མོང་མ་ཡིན་པའི་ངོ་བོ་དང༌། ལེགས་བྱང༌། ནང་དོན་རིག་པའི་སྲོལ་རྒྱུན་རྣམས་སྲུང་སྐྱོབ་དར་སྤེལ་གཏོང་རྒྱུ་དེ་ཡིན། དེ་ལྟར་ཡོང་བར་ད་ལྟ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རང་སྐྱོང་གི་གནས་བབ་སྤྲད་པའི་བོད་རིགས་ས་ཁུལ་ཚང་མ་རང་སྐྱོང་འཛིན་སྐྱོང་གཅིག་གི་འོག་ཚུད་པ་བྱེད་དགོས། བོད་འདི་མི་རིགས་ས་ཁུལ་ཞིག་ཡིན། གྲངས་ཉུང་མི་རིགས་གཙོ་བོའི་གྲས་གཞན་ཡུ་གུར་དང་སོག་རིགས་རྣམས་ཕལ་ཆེར་ཆ་ཚང་སོ་སོའི་རང་སྐྱོང་ལྗོངས་གཅིག་གི་ནང་འཛིན་སྐྱོང་བྱེད་ཀྱི་ཡོད་ཀྱང༌། བོད་རིགས་རྣམས་གྲངས་ཉུང་མི་རིགས་གཅིག་མ་ཡིན་པར་མང་པོ་ཡིན་པ་ལྟར་གནས་ཡོད། དེར་བརྟེན། ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་རྣམ་གཉིས་ཀྱིས། རྒྱ་ནག་གཞུང་ལ་མ་ཁེ་སེ་ལེ་ཉིང་རིང་ལུགས་ཀྱིས་བཙན་རྒྱལ་རིང་ལུགས་པས་ ¿ཁ་ཕྲལ་ཏེ་དབང་བསྒྱུར་བྱེད་པའི་¿སྲིད་བྱུང་ལ་ངོ་རྒོལ་བྱས་ཡོད་ན། སྲིད་བྱུས་འདི་ངེས་པར་དུ་དོར་དགོས་པ་ཡིན་ཞེས་ནན་བཤད་གནང་ཡོད། མ་ཁེ་སེ་རིང་ལུགས་ཀྱིས་མི་རིགས་ས་ཁོངས་རང་སྐྱོང་དར་སྤེལ་གཏོང་བའི་དམིགས་ཡུལ་ནི། འདྲ་མཉམ་མཉམ་ལས་བྱ་རྒྱུར་ཕན་གྲོགས་ཐོན་ཐབས་བྱས་ཏེ། མཐུན་སྒྲིལ་གྱི་མི་དམངས་དང་གཅི་གྱུར་གྱི་རྒྱལ་ཁབ་གཅིག་གསར་འཛུགས་བྱ་རྒྱུ་དེ་རེད། དེར་བརྟེན། རྒྱ་རིགས་ཆེན་པོའི་རིང་ལུགས་དང་ས་གནས་མི་རིགས་རིང་ལུགས་གཉིས་ཀ་སྤང་དགོས།
འོས་མཚམས་ཀྱིས་བསམ་ཚུལ་འདི་ལག་ལེན་བསྟར་རྒྱུའི་ཆེད༌། བོད་མི་རིགས་འདི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་སྐྱོང་ལྗོངས་དང་ཞིང་ཆེན་མང་པོའི་ནང་བོད་རང་སྐྱོང་ལྗོངས་དང༌། མཚོ་སྔོན། ཟི་ཁྲོན། ཀན་སུའུ། ཡུན་ནན་བཅས་ནང་དུམ་བུར་བགོས་པའི་རང་སྐྱོང་ཁུལ་དང་རང་སྐྱོང་རྫོང་ཞེས་པ་ཁག་བཅོ་ལྔ་ ཁ་ཕྲལ་དུམ་བུ་མང་པོ་བགོས་དགོས་དོན་མེད། གལ་ཏེ་བོད་མི་རྣམས་ལ་རང་སྐྱོང་ལྗོངས་གཅིག་གི་ནང་འཛིན་སྐྱོང་བྱེད་ཐུབ་པ་ཡིན་ན། རྒྱ་ནག་དབུས་གཞུང་དང་རང་སྐྱོང་ལྗོངས་གཉིས་འབྲེལ་བ་བྱེད་བདེ་བ་མ་ཟད། བོད་མིའི་ཐུན་མོང་གི་ངོ་བོ་དང༌། ལེགས་བྱང༌། ནང་དོན་རིག་པའི་སྲོལ་རྒྱུན་བཅས་པ་སྲུང་སྐྱོབ་དར་སྤེལ་གཏོང་རྒྱུ་རིམ་པ་མང་པོ་བརྒྱུད་མི་དགོས་པར་གཅིག་གྱུར་ངང་དུས་གཅིག་ལ་ལག་ལེན་བསྟར་ཐུབ་པ་རེད། དེ་ལྟར་འབྱུང་ཚེ་བོད་མི་རིགས་དང་མི་རིགས་གཞན། དེ་བཞིན་རྒྱ་ནག་མི་དམངསསྤྱི་མཐུན་རྒྱལ་ཁབ་དང་བརྩེ་གདུང་ཐོག་གི་འཆམ་མཐུན་ཡོང་ཐུབ།
གོང་དུ་ཕྱོགས་བསྡུས་ཀྱིས་ངོ་སྤྲོད་བྱས་པའི་རྒྱུ་མཚན་འདི་དག་༵༵༵༵༵༵༵༵༵༵༵བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་མི་རིགས་ས་ཁོངས་རང་སྐྱོང་ཡོང་བའི་བསམ་ཚུལ་ཀཀགསལ་བཤད་བཡས་ཟིན་པ་ལྟར། གྲངས་ཉུང་མི་རིགས་གཙོ་བོའི་གྲས་གཞན་ཡུ་གུར་དང་སོག་རིགས་རྣམས་སོ་སོའི་རང་སྐྱོང་ལྗོངས་གཅིག་གི་ནང་འཛིན་སྐྱོང་བྱེད་ཀྱི་ཡོད་ཀྱང༌། བོད་རིགས་རྣམས་དུམ་བུ་མང་པོར་ཁག་བགོས་དོན་ཅི་ཡིན། འདི་བོད་མི་རིགས་ལ་མཐོང་ཆུང་ཁྱད་གསོད་བྱས་པ་ཞིག་མ་ཡིན་ནམ། བོད་མིས་ཁ་བྲལ་རྩོད་ཀྱི་མེད་ལ། རྒྱ་ནག་གི་¿མངའ་ཁོངས་དུམ་བུ་བཞི་¿ཟེར་བ་ཡང་རང་འཇགས་གནས་རྒྱུ་ལས་ལོགས་སུ་འདྲུས་འགྲོ་ཡི་མེད། བོད་མི་རྣམས་ཀྱིས་རང་ཉིད་མི་རིགས་ས་ཁོངས་རང་སྐྱོང་གི་ཐོབ་ཐང་མངོན་གྱུར་འོང་བའི་རེ་བ་བཏོན་པ་ཙམ་ཞིག་ཡིན་པ་འདི། རྣམ་པར་གྱུར་བའི་¿བོད་རང་བཙོན་རྩོད་པའི་¿ནག་ཉེས་རེད་ཟེར་ཇི་ལྟར་བཤད་ཐུབ་བམ།
བོད་མིའི་མངོན་འདོད་འདི་རིག་པའི་གཞུང་ལུགས་དང༌། བཟང་སྤྱོད་ཐོག་ནས་ལུགས་མཐུན་མིན་པ་ཤོད་མི་ཐུབ་ཀྱང༌། དངོས་ཡོད་ལག་ལེན་འགེལ་སྐབས་མིག་སྔར་རྒྱུ་མཚན་སྣ་ཚོགས་ཀྱིས་འགོག་རྐྱེན་དུ་མ་བཟོས་ཡོད། འདིའི་སྐོར་ལ་འང་༵༵༵༵༵༵༵༵༵༵བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་མི་རིགས་ས་ཁོངས་རང་སྐྱོང་ཡོང་བའི་བསམ་ཚུལ་ཀཀགྱི་དོན་ཚན་དྲུག་པའི་ནང་གསལ་པོར་འཁོད་འདུག དེ་ཡང༌།
    རང་སྐྱོང་གི་ངོ་བོ་དང་སྒྲོམ་གཞི།
¿རང་སྐྱོང་མིང་དོན་མཚུངས་པ་བྱུང་མིན་གོང་གསལ་རང་སྐྱོང་བྱེད་སའི་གནད་དོན་འདི་དག་ཐད་བོད་མིའི་རང་སྐྱོང་དང་རང་སྲིད་རང་སྐྱོང་བྱེད་རྒྱུའི་ཚད་གཞི་དང་བྱེད་ཐབས་ག་འདྲ་ཞིག་སྤྱད་མིན་ལ་རག་ལུས་ཀྱི་ཡོད། དེར་བརྟེན་བསམ་ཞིབ་བྱེད་དགོས་པ་ནི་བོད་མི་རིགས་ཀྱི་དམིགས་བསལ་གནས་སྟངས་དང་གཞི་རྩའི་དགོས་མཁོར་འཚམས་པའི་རང་སྐྱོང་གི་ཁྲིམས་ལུགས་བཟོ་རྒྱུ་དང་ལག་བསྟར་བྱེད་ཕྱོགས་ཇི་འགབ་དེ་རེད།

མིང་དོན་མཚུངས་པའི་རང་སྐྱོང་ལག་བསྟར་བྱེད་པའི་ནང་བོད་མིར་སོ་སོའི་དགོས་མཁོ་དང་ཁྱད་ཆོས་དང་འཚམས་པའི་ས་གནས་གཞུང་དང༌། གཞུང་གི་སྒྲིག་འཛུགས་ཁག དེ་བཞིན་ལམ་ལུགས་བཅས་བཟོ་རྒྱུའི་ཐོབ་ཐང་ཡང་ཚུད་ཡོད། རང་སྐྱོང་ས་གནས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་ལ་ས་གནས་ནང་ཁུལ་གྱི་གནད་དོན་ཚང་མའི་རང་སྐྱོང་གི་གནད་དོན་གོང་དུ་གསལ་བ་རྣམས་ལ་གོཐོག་ཁྲིམས་བཟོ་རྒྱུའི་དབང་ཆ་དང༌། རང་སྐྱོང་གཞུང་གི་ལས་ཁུངས་ཁག་ལ་ལག་བསྟར་དབང་ཆ་དང་རང་དབང་གི་སྒོ་ནས་ཐག་གཅོད་བྱེད་རྒྱུའི་དབང་ཆ་ཡོད་དགོས་པ་ཡིན། དབུས་གཞུང་རྒྱལ་ཁབ་རིམ་པའི་ཐག་གཅོད་བྱེད་མཁན་ཁོངས་ངོ་ཚབ་ཡོད་པ་དང་དོན་སྙིང་ལྡན་པའི་ཆ་ཤས་བླང་རྒྱུ་ཡང་རང་སྐྱོང་ནང་ཚུད་ཀྱི་ཡོད། རང་སྐྱོང་ཚགས་ཚུད་པོ་ཡོང་བར་གྲོས་བསྡུར་བྱེད་རྒྱུའི་ཐབས་ལམ་ཕན་ནུས་ཅན་དང༌། ཕན་ཚུན་འབྲེལ་ལམ་ཉེ་བོའམ་ཐུན་མོང་གི་ཁེ་ཕན་དང་འབྲེལ་བའི་གནད་དོན་ཁག་དབུས་དང་ས་གནས་ཀྱི་གཞུང་གཉིས་ཟུང་འབྲེལ་གྱི་ཐོག་ནས་ཐག་གཅོད་བྱེད་རྒྱུའི་ཐབས་ལམ་ཡོད་དགོས།

མིང་དོན་མཚུངས་པའི་རང་སྐྱོང་གི་ཆ་རྐྱེན་གལ་ཆེ་ཤོས་གཅིག་ནི་རྩ་ཁྲིམས་དང་ཁྲིམས་ཡིག་གཞན་ནས་རང་སྐྱོང་ས་གནས་ལ་སྤྲད་པའི་དབང་ཆ་དང་ལས་འགན་རྣམས་ཕྱོགས་གཅིག་རྐྱང་པའི་ངོས་ནས་རྩིས་མེད་དམ་བཟོ་བཅོས་མི་ཆོག་པའི་འགན་ལེན་བྱེད་རྒྱུ་དེ་རེད། དེའི་གོ་དོན་ནི་དབུས་དང་རང་སྐྱོང་ས་གནས་ཀྱི་གཞུང་སུ་ཡིན་རུང་ཕྱོགས་གཞན་གྱི་བཀའ་འཁྲོལ་མེད་པར་ཕྱོགས་གཅིག་རྐྱང་པའི་ངོས་ནས་རང་སྐྱོང་གི་གཞི་རྩའི་ཆ་རྐྱེན་ཁག་ལ་འགྱུར་བཅོས་གཏང་མི་ཆོག་པ་དེ་རེད།

བོད་དང་བོད་མིའི་གནས་སྟངས་དང་དགོས་མཁོར་འཚམས་པའི་མིང་དོན་མཚུངས་པའི་རང་སྐྱོང་གི་ཁྱབ་ཚད་དང་ཁྱད་ཆོས་རྣམས་རྩ་ཁྲིམས་དོན་ཚན་བརྒྱ་དང་བཅུ་དྲུག་མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་དོན་ཚན་བཅུ་དགུའི་ནང་གསལ་ཡོད།ནང་གསལ་བའི་ཆ་རྐྱེན་གཞིར་བཟུང་རང་སྐྱོང་བྱེད་ཕྱོགས་ཀྱི་སྲོལ་ཡིག་ནང་འགྲེལ་བརྗོད་ཞིབ་ཕྲ་བཀོད་དགོས། ཡང་ན་གལ་སྲིད་འོས་འཚམས་བྱུང་ན་དེའི་ཆེད་ཟུར་དུ་ཁྲིམས་ཡིག་གཏན་འབེབས་བྱེད་ཆོག རྩ་ཁྲིམས་དོན་ཚན་སུམ་ཅུ་སོ་གཅིག་ཐེ་བའི་རྩ་ཁྲིམས་ནང་རྒྱལ་ཁབ་ཀྱི་སྤྱི་ཚོགས་དང༌། དཔལ་འབྱོར། ཆབ་སྲིད་ལམ་ལུགས་ལ་བརྩི་བཀུར་བྱེད་པའི་སྒོ་ནས་བོད་ལྟ་བུ་དམིགས་བསལ་གནས་བབ་ཡོད་མཁན་ལ་དམིགས་བསལ་གནས་བབ་དང་འཚམས་པའི་གུ་བཤངས་བྱེད་རྒྱུའི་ཆ་རྐྱེན་གསལ་ཡོད།

རྩ་ཁྲིམས་ལེའུ་གསུམ་པའི་ས་བཅད་དྲུག་པའི་ནང་མི་རིགས་ས་གནས་རང་སྐྱོང་ལ་རང་སྐྱོང་གི་གཞུང་དང༌། ཁྲིམས་བཟོའི་དབང་ཆ་ཡོད་པའི་ངོས་འཛིན་བྱེད་ཡོད། དེར་བརྟེན་རྩ་ཁྲིམས་དོན་ཚན་བརྒྱ་དང་བཅུ་དྲུག་ནང་མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་དོན་ཚན་བཅུ་དགུ་པའི་ནང་ཡང་གསལ་ཡོད། བྱབྱས་གནས་དེ་གའི་མི་རིགས་ཀྱི་ཆབ་སྲིད་དང༌། དཔལ་འབྱོར། རིག་གནས་བཅས་ཀྱི་ཁྱད་ཆོས་ལ་གཞིགས་ཏེ་རང་སྐྱོང་སྲོལ་ཡིག་བྱབྱ གཏན་འབེབས་བྱེད་རྒྱུའི་དབང་ཆའི་སྐོར་འཁོད་ཡོད། དེ་མཚུངས་རྩ་ཁྲིམས་ནང་གནད་དོན་མང་པོའི་ཐོག་འཛིན་སྐྱོང་རང་སྐྱོང་བྱེད་རྒྱུའི་དབང་ཆ་དང༌།རྩ་ཁྲིམས་དོན་ཚན་བརྒྱ་དང་བཅུ་བདུན་ནས་བརྒྱ་དང་ཉི་ཤུ་བར། དེ་བཞིན་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་ཀྱི་དགོས་མཁོ་དང་འཚམས་པར་དབུས་གཞུང་དང་རྒྱལ་ཁབ་ཀྱི་ལས་ཁུངས་གོང་མའི་ཁྲིམས་དང་སྲིད་བྱུས་རྣམས་ས་གནས་སོ་སོའི་གནས་ཚུལ་དངོས་ལ་གཞིགས་ནས་གུ་བཤངས་ལག་བསྟར་ཆོག་པའི་ངོས་འཛིན་བྱས་ཡོད།རྩ་ཁྲིམས་དོན་ཚན་བརྒྱ་དང་བཅོ་ལྔ༌།

གོང་འཁོད་ཁྲིམས་ཀྱི་ཆ་རྐྱེན་འདི་དག་གིས་རང་སྐྱོང་ལས་ཁུངས་ཀྱི་ཐག་གཅོད་བྱེད་རྒྱུའི་དབང་ཚད་ལ་འགོག་རྐྱེན་ངེས་ཅན་བཟོ་སྲིད་ནའང༌། རྩ་ཁྲིམས་ནང་རང་སྐྱོང་ལས་ཁུངས་ལ་ས་གནས་ཀྱི་དགོས་མཁོ་དང་འཚམས་པའི་ཁྲིམས་བཟོ་རྒྱུ་དང༌། སྲིད་བྱུས་ཐག་གཅོད་བྱེད་རྒྱུའི་ལྟ་གྲུབ་ངོས་འཛིན་བྱས་ཡོད་པ་མ་ཟད། དེ་དག་དབུས་གཞུང་ཐེ་བས་ལས་ཁུངས་གཞན་གྱིས་གཏན་འབེབས་དང་མི་མཐུན་པའང་ཡོང་ཆོག་ཚུལ་གསལ་ཡོད།

ང་ཚོས་གསལ་འདོན་བྱས་པ་ལྟར་བོད་མིའི་དགོས་མཁོ་རྣམས་རྩ་ཁྲིམས་སུ་གསལ་བའི་རང་སྐྱོང་གི་ལྟ་གྲུབ་དང་གུ་ཡངས་པོའི་སྒོ་ནས་མཐུན་གྱི་ཡོད་ཀྱང༌། ལག་ལེན་དངོས་ཀྱི་ཐོག་ལྟ་གྲུབ་དེ་དག་དོན་འཁྱོལ་ཡོང་བར་ད་ལྟའི་ཆར་དཀའ་ངལ་སྣ་ཚོགས་ཀྱི་དབང་གིས་འགོག་རྐྱེན་ནམ། ནུས་མེད་བཟོས་ཀྱི་ཡོད།

མིང་དོན་མཚུངས་པའི་རང་སྐྱོང་བྱེད་པར་དཔེར་ན་དབང་ཆ་ཆ་བགོས་དང༌། དེ་བཞིན་དབུས་དང་རང་སྐྱོང་ས་གནས་གཞུང་གཉིས་བར་གནད་དོན་བྱེ་བྲག་པའི་ཐོག་སོ་སོའི་ལས་འགན་ཆ་བགོས་གསལ་པོ་དགོས་ཀྱི་ཡོད། ད་ལྟའི་ཆར་དེ་འདྲའི་གསལ་ཁ་མེད་པ་མ་ཟད། རང་སྐྱོང་ས་གནས་ཀྱི་ཁྲིམས་བཟོའི་དབང་ཚད་གཏན་མ་འཁེལ་བ་དང་འགོག་རྐྱེན་ཚབས་ཆེ་ཡོད་མུས་རེད། དེར་བརྟེན་ཕྱོགས་གཅིག་ནས་རྩ་ཁྲིམས་ནང་རང་སྐྱོང་ས་གནས་ལ་གནད་དོན་མང་པོའི་ཐོག་ཁྲིམས་བཟོ་རྒྱུའི་དམིགས་བསལ་དགོས་མཁོ་ངོས་འཛིན་བྱས་ཡོད་ཀྱང༌། དེ་དག་རྩ་ཁྲིམས་དོན་ཚན་བརྒྱ་དང་བཅུ་དྲུག་གཞིར་བཟུང་དབུས་གཞུང་གི་ལས་ཁུངས་མཐོ་ཤོས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ནས་བཀའ་འཁྲོལ་འཐོབ་དགོས་ཀྱི་ཡོད་སྟབས་རང་སྐྱོང་གི་ལྟ་གྲུབ་འདི་དག་ལག་བསྟར་བྱེད་པར་འགོག་རྐྱེན་བཟོས་ཀྱི་ཡོད། དངོས་སུ་དེ་འདྲའི་བཀའ་འཁྲོལ་དགོས་པར་འཁོད་པ་དེ་རང་སྐྱོང་ས་གནས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་ཁོ་ན་རེད་འདུག རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ཆེན་སོ་སོའི་མི་དམངས་འཐུས་མི་ཚོགས་ཆེན་དཀྱུས་མ་ཁག་རང་སྐྱོང་མ་ཡིན་པ།ལ་དེ་འདྲའི་བཀའ་འཁྲོལ་དགོས་ཀྱི་མེད་པ་མ་ཟད། གཏན་འབེབས་བྱས་པའི་སྲོལ་ཡིག་རྣམས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ལ་ཐོ་འགོད་ཆེད་སྙན་གསན་ཙམ་ལས་ཞུ་དགོས་ཀྱི་མེད།རྩ་ཁྲིམས་དོན་ཚན་བརྒྱ་ཐམ་པ།

རང་སྐྱོང་དངོས་སུ་ལག་བསྟར་བྱེད་ཕྱོགས་ཀྱང་རྩ་ཁྲིམས་དོན་ཚན་བརྒྱ་དང་བཅོ་ལྔ་གཞིར་བཟུང་ཁྲིམས་དང་སྲོལ་ཡིག་མང་དག་ཅིག་ལ་བསྟུན་དགོས་པ་བཟོས་ཡོད། ཁྲིམས་ཁ་ཤས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལ་འགོག་རྐྱེན་ཚབས་ཆེན་བཟོས་ཀྱི་ཡོད་པ་དང༌། ཁ་ཤས་ནི་ཕན་ཚུན་མི་མཐུན་པ་ཡོང་གི་ཡོད། དེར་བརྟེན་རང་སྐྱོང་གི་ཚད་གཞི་ངོ་མ་དེ་གང་ཡིན་མིན་གསལ་པོ་མེད་པ་དང་གཏན་མ་འཁེལ་བ་ཆགས་ཡོད། གང་ཡིན་ཟེར་ན་རྒྱལ་ཁབ་ཀྱི་ལས་ཁུངས་གོང་མས་ཁྲིམས་དང་སྲོལ་ཡིག་གཏན་ལ་ཕབ་པ་དང༌། ཐ་ན་སྲིད་བྱུས་འགྱུར་བ་བཏང་བ་སོགས་ཕྱོགས་གཅིག་རྐྱང་པའི་ངོས་ནས་འགྱུར་བ་བཏང་གི་ཡོད། དབུས་དང་ས་གནས་གཞུང་བར་རང་སྐྱོང་གི་ཚད་གཞི་དང་ལག་བསྟར་བྱེད་ཕྱོགས་སྐོར་མི་མཐུན་པ་བྱུང་ན་དེ་དག་ཐག་གཅོད་བྱེད་ཐབས་སམ་གྲོས་བསྡུར་བྱེད་རྒྱུའི་བརྒྱུད་ལམ་འདེང་ངེས་མེད། དོན་དངོས་ཐོག་གཏན་འབེབས་གསལ་པོ་མེད་པ་དེས་ས་གནས་ཀྱི་དབང་འཛིན་པ་ཚོས་ལས་དོན་འགན་འཁུར་བླང་རྒྱུར་འགོག་རྐྱེན་དང༌། ད་ལྟའི་ཆར་བོད་མི་ཚོས་མིང་དོན་མཚུངས་པའི་རང་སྐྱོང་ལག་བསྟར་བྱེད་པར་འགོག་རྐྱེན་བཟོས་ཀྱི་ཡོད།

ད་ལྟའི་གནས་སྐབས་སུ་ང་ཚོས་གནད་དོན་འདི་དག་སྐོར་དང་མིང་དོན་མཚུངས་པའི་རང་སྐྱོང་ལག་བསྟར་བྱེད་པར་ད་ཡོད་བོད་མིའི་དཀའ་ངལ་རྣམས་ཞིབ་ཕྲའི་སྒོ་ནས་འགྲེལ་བརྗོད་བྱེད་འདོད་མེད་ཀྱང༌། མ་འོངས་པར་གྲོས་མོལ་སྐབས་འོས་འཚམས་ཀྱི་སྒོ་ནས་ཐག་གཅོད་ཡོང་ཆེད་དཔེ་མཚོན་གྱི་ཚུལ་དུ་འདི་དག་ཞུས་པ་ཡིན། ང་ཚོས་མུ་མཐུད་རྩ་ཁྲིམས་དང་འབྲེལ་ཡོད་ཁྲིམས་ཡིག་ཁག་ལ་སློབ་སྦྱོང་བྱེད་རྒྱུ་དང༌། དུས་ཚོད་འོས་འཚམས་ཐོག་ང་ཚོས་གང་ཤེས་པ་ལྟར་ཞིབ་འཇུག་བྱས་འབྲས་རྣམས་མཁོ་འདོན་བྱེད་རྒྱུ་ཡིན།¿

དེར་རྟེན། ཁོ་བོས་གསལ་པོ་མཐོང་ཐུབ་པ་ནི། གལ་ཆེ་ཤོས་དེ་ནི་རྒྱ་ནག་གཞུང་གིས་རྩ་ཁྲིམས་ལག་ལེན་བསྟར་ཏེ་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་ཁེ་དབང་ཁ་ཡོད་ལག་ཡོད་འགན་སྲུང་དགོས་པའི་རེ་བ་བཏོན་རྒྱུ་དེ་ཡིན་པ་ལས། ད་ལྟའི་བོད་ནང་ཡོད་པའི་¿ བོད་རང་སྐྱོང་མི་དམངས་འཐུས་ཚོགས་དང༌། མི་དམངས་སྲིད་གཞུང༌། བོད་རང་སྐྱོང་ལྗོངས་ཆབ་སྲིད་གྲོས་ཚོགས། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ཟེར་བ་སོགས་ཀྱི་འགོ་འཛིན་གཙོ་བོ་བོད་རིགས་ལས་བྱེད་པས་འགན་འཁུར་གྱི་ཡོད་¿ཟེར་བཤད་ཀྱང་དོན་དངོས་ཁྱི་ལ་སེང་དགེའི་མིང་བཏགས་པ་ཙམ་ལས། དོན་དམ་ཐག་གཅོད་དབང་ཆ་ཆ་ཚང་ཀྲང་ཆིན་ལིང་ཞེས་པའི་རྒྱ་མིགས་ཀྱི་གཙོ་བོ་བྱས་པའི་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་ཞེས་པའི་ལག་ཏུ་ཡོད་པའི་ཐག་འགུལ་འདྲ་གཟུགས་ཀྱི་རང་སྐྱོང་སྲིད་གཞུང་རྫུན་མ་ཞིག་མིན་པ་དགོས་པ་འདི་རེད། གནད་དགག་ཆེ་ཤོས་ནི། མི་རིགས་ས་ཁོངས་རང་སྐྱོང་འདི་མིང་དོན་མཚུངས་པ་ཞིག་ལག་ལེན་བསྟར་དགོས་པ་འདི་ཡིན། གལ་ཏེ་རྒྱ་ནག་གཞུང་གིས་ཁ་ཐོག་ལག་བཞག་གིས་དེ་ལྟར་ལག་ལེན་བསྟར་ཐུབ་ཚེ། ྋགོང་ས་ཏཱ་ལའི་བླ་མ་ཆོག་ནས་ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་བཤད་ནང་རྒྱ་ནག་གཞུང་གིས་བློ་དོགས་ཡོད་པའི་གནད་དོན་ཐོག་གྲོས་མོལ་གྱི་ལམ་ནས་ཐག་གཅོད་ཡོང་རེའི་སྐོར་གསུངས་པ་འཁོད་ཡོད།

སླད་ཕྱིན་ཇི་ལྟར་བྱས་ཏེ་བོད་མིའི་མངོན་འདོད་མིང་དོན་མཚུངས་པའི་མི་རིགས་ས་ཁོངས་རང་སྐྱོང་འགྲུབ་ཐབས་སུ་གོང་དུ་དྲངས་པའི་འགོ་རྐྱེན་འདི་དག་སེལ་ཐབས་ཀྱི་ཐད།༵༵༵༵༵༵༵༵༵༵༵༵བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་མི་རིགས་ས་ཁོངས་རང་སྐྱོང་ཡོང་བའི་བསམ་ཚུལ་ཀཀགྱི་དོན་ཚན་བདུན་པ་མ་འོངས་མདུན་བསྐྱོད་བྱེད་ཐབས། ནང་གསལ་པོར་འཁོད་འདུག

མ་འོངས་མདུན་བསྐྱོད་བྱེད་ཐབས།
¿བསམ་འཆར་འདིའི་འགོ་འཛུགས་སྐབས་གསལ་བཤད་བྱས་པ་ལྟར་ང་ཚོས་བོད་མིའི་དགོས་མཁོ་རྣམས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གསལ་བའི་རང་སྐྱོང་གི་ལྟ་གྲུབ་དང་མཐུན་པ་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད་སྟབས། ང་ཚོའི་དམིགས་ཡུལ་ནི་དགོས་མཁོ་འདི་དག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་ཇི་ལྟར་བསྐང་ཐུབ་མིན་གྲོས་བསྡུར་བྱེད་རྒྱུ་དེ་ཡིན། ྋགོང་ས་མཆོག་གིས་ལན་མང་བཀའ་གནང་ཟིན་པ་ལྟར་ང་ཚོར་སྦས་པའི་ལས་འཆར་གང་ཡང་མེད། མིང་དོན་མཚུངས་པའི་རང་སྐྱོང་བྱེད་རྒྱུའི་འགྲིག་ཆགས་གང་འདྲ་ཞིག་བྱུང་ནའང་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནས་ཁ་བྲལ་བྱེད་རྒྱུའི་ཐེམ་སྐས་ལ་བེད་སྤྱོད་གཏང་རྒྱུའི་དམིགས་ཡུལ་གཏན་ནས་མེད།

བཙན་བྱོལ་བོད་གཞུང་ནི་བོད་མི་མང་གི་ཁེ་ཕན་དང་བོད་མིའི་ངོ་ཚབ་མཚོན་ཆེད་ཡིན་སྟབས། ང་ཚོའི་དབར་གོང་གསལ་གྱི་གནད་དོན་འདི་དག་དང་འབྲེལ་བའི་འགྲིག་ཆགས་བྱུང་ཕྱིན་དེའི་དགོས་མཁོ་མེད་པར་གྱུར་པས་འཕྲལ་དུ་ཕྱིར་བསྡུ་བྱེད་རྒྱུ་རེད། དོན་དངོས་ཐོག་ྋགོང་ས་མཆོག་གིས་མ་འོངས་པར་ཆབ་སྲིད་ཀྱི་མཚན་གནས་གང་ཡང་བཞེས་རྒྱུ་མིན་པའི་ཐག་གཅོད་གནང་ཟིན་སྐོར་ལན་མང་བསྐྱར་ནན་གནང་ཡོད། འོན་ཀྱང་ྋགོང་ས་མཆོག་གི་ངོས་ནས་འགྲིག་ཆགས་ཡོང་བར་དགོས་ངེས་ཀྱི་བོད་མིའི་རྒྱབ་སྐྱོར་ཐོབ་ཆེད་ཁོང་སྐུ་སྒེར་གྱི་ནུས་པ་ཆ་ཚང་བེད་སྤྱོད་གནང་རྒྱུའི་དགོངས་བཞེས་གནང་གི་ཡོད།

ཁས་ལེན་འདི་དག་གཞི་རྩར་བཟུང་ནས་ལས་རིམ་འདིའི་གོམ་པ་གཉིས་པ་ནི་བསམ་འཆར་འདིའི་ནང་གསལ་བའི་གནད་དོན་ཁག་ལ་དོན་སྙིང་ལྡན་པའི་གྲོས་བསྡུར་འགོ་འཛུགས་བྱེད་རྒྱུར་མོས་མཐུན་ཡོང་བ་བྱེད་རྒྱུ་དེ་རེད། དེ་ལྟར་ཡོང་བར་ཕན་ཚུན་གཉིས་མོས་ཡོད་པའི་ཐབས་ལམ་དང༌། ལས་རིམ། དུས་ཚོད་རེའུ་མིག་བཅས་གོ་བསྡུར་གཏན་འབེབས་ཐུབ་པ་ཡོང་བའི་རེ་འདུན་ནན་པོ་བྱེད་ཀྱི་ཡོད།¿

ཉེ་དུས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཆེ་ཝུན་གྱིས་གསར་འགོད་པའི་དྲི་བར་ལན་འདེབས་བྱེད་སྐབས་ཁོང་གིས། རྒྱ་ནག་གིས་མུ་མཐུད་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཏཱ་ལའི་བླ་མའི་སྐུ་ཚབ་དང་རྒྱ་ནག་གཞུང་དབར་གྲོས་མོལ་དུས་ཡུན་གང་འཚམས་ཤིག་བྱས་འདུག ངའི་རེ་བར་མུ་མཐུད་ལྷག་བསམ་རྣམ་དག་གི་རྣམ་འགྱུར་ཐོག་ནས་གྲོས་མོལ་བྱས་ཏེ། བོད་ནས་ཐོན་པའི་གནད་དོན་རྣམས་ཞི་འཇམ་དང་བདེ་བརླག་ངང་ཐག་གཅོད་ཐུབ་པའི་རེ་བ་ཡོད་ཅེས་གསུངས་འདུག                                མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེས་གསུངས་པའི་ཁ་རི་ཁ་ཐུགས་ཀྱི་བཀའ་མོལ་དེ། རྒྱལ་སྤྱིའི་སྤྱི་ཚོགས་ཧྲིལ་པོས་མིག་སྔའི་བོད་ནང་གི་ཡ་ང་བའི་གནས་སྟངས་ལ་ཐུགས་སྣང་གནང་གི་ཡོད་པ་ཞིག་མཚོན་གྱི་ཡོད།  ང་ཚོས་ཁོང་གི་བཀའ་མོལ་འདིས་རྒྱ་ནག་གཞུང་གིས་བོད་མི་མང་དང་རྒྱ་ནག་མི་མང་གི་མངོན་འདོད་ལྟར་བོད་ཀྱི་གནད་དོན་ཐག་གཅོད་ཐུབ་རྒྱུར་སྐུལ་འདེད་གཏོང་ཐུབ་པའི་ཡི་ཆེས་བྱེད་ཀྱི་ཡོད།
    ང་ཚོས་ལྷག་བསམ་རྣམ་དག་གིས་རྒྱ་ནག་གཞུང་གིས་¿འཆམ་མཐུན་གྱི་རྒྱ་ནག་¿ཡོང་བའི་འབོད་སྐུལ་བྱས་པ་དེ་དག་ཁ་གདན་ཚིག་ལ་གནས་ཏེ་རང་དཔེ་གཞན་དོན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འབོད་སྐུལ་གནང་བ་དེར་དང་ལེན་ཞུས་ཏེ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱིསྒྲོམ་གཞིའི་འོག་གཉིས་སྨན་གྱི་ཞི་བའི་གྲོས་མོལ་ལམ་ནས་བོད་ཀྱི་དཀའ་ངལ་སེལ་རྒྱུའི་ལངས་ཕྱོགས་བཟུང་བ་ཡིན་ན། སླད་ཕྱིན་བོད་རྒྱ་མི་རིགས་གཉིས། ཁྱེད་བདེ་ལ། ང་ཡང་བདེ་བ་མི་འོང་བ་རྒྱུ་རྐྱེན་ག་རེ་ཡོད་དམ།
    གལ་ཏེ་རྒྱ་ནག་གཞུང་གིས་གོ་སྐབས་བཟང་པོ་དེ་ཚོད་དཔག་ནོར་ནས། འཇིག་རྟཻན་འདིའི་སྟེང་རང་ཉིད་གང་མི་ཚད་ཡིན་སྙམ་ནས། ཡང་ནོར་བསྐྱར་ནོར་གྱིས་གྲོས་མོལ་གྱི་སྒོ་བརྒྱབ་སྟེ། ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚེར་ཚད་བཙུགས་ནས་བོད་ཀྱི་གནད་དོན་མཐའ་མའི་ཐག་གཅོད་བྱེད་བསམ་ན། འདི་ནི་¿ཐབས་འཕྲུལ་ཡོད་དགུ་བཏོན་ནས་སྤྱང་ཐལ་ཤོར། ནམ་ཞིག་སྐུ་ཞབས་རང་གི་ལུས་སྲོག་ཤོར་¿ ཞེས་པའི་རྒྱ་ནག་གི་གྲགས་ཅན་སྒྲུང་གཏམ་༵༵ཁང་ཆེན་དམར་པོའི་རྨི་ལམ་ཀཀ ནང་གི་གནའ་རབས་སྙན་སྔགས་ཚིག་གཅིག་གིས་བཤད་པ་ལྟར་ཡོང་སྟེ། དུས་དེ་ནས་བཟུང་བོད་རྒྱ་མི་རིགས་གཉིས་འཁོན་ལན་དགྲ་འཛིན་གྱིས་ལམ་བཤངས་ཏེ། རྒྱུན་ཆད་མེད་པའི་དམར་འཐབ་ཁྲག་དྲོན་གྱི་ཆག་གོ་ཆེན་པོ་བྱུང་སྟེ། མི་རབས་ནས་མི་རབས་བར་ཉེས་ཅན་པའི་ཆད་པ་འཕོགས་རྒྱུ་འདོན་མི་ཟ།
    ཁོ་བོས་དཔྱད་གཏམ་འདི་མཇུག་བསྒྲིལ་བའི་སྔོན། ཡི་རྡོར་ཞེས་སྨྱུག་འཛིན་པ་དེར་ད་ནས་བཟུང༌། རྒྱ་ནག་དབང་བསྒྱུར་བ་རིམ་བྱུང་གི་དགོས་དབང་ལྟར་རང་གཞན་གཉིས་བསླུའི་བརྒྱུད་བསྒྲགས་པ་ཞིག་བྱ་རྒྱུ་མཚམས་བཞག་སྟེ་བོད་རྒྱ་མི་རིགས་གཉིས་མཆམ་མཐུན་ཡོང་ཆེད་བོད་ནང་གི་དངོས་ཡོད་གནས་སྟངས་མང་ཙམ་ཕྱིར་སྤེལ་མཁན་གྱི་ཤེས་ལྡན་དྲང་ཚུགས་ཅན་ཞིག་བྱ་རྒྱུའི་བླང་བྱ་བཏོན་རྒྱུ་ཡིན། འཕགས་ཡུལ་རྡ་ས་ནས ༢༠༠༨།༡༡།༢༧  ལ།། །།

Share this:
༣༦ ཀློག་གྲངས།