ཆོས་བརྡ་གསལ་བསྒྲགས།

༄༅། །རྒྱལ་བསྟན་སྤྱི་དང་བྱེ་བྲག་ལ་གཅེས་པའི་བཀུར་འོས་རྣམས་ཀྱི་སྙན་ལམ་དུ་ཞུ་རྒྱུ།

དགེ་ ལྡན་ཕ་ཆོས་བུ་ཆོས་གཅེས་སྐྱོང་ཁང་ནས་ལོ་ཤས་སྔོན་ནས་མཚུངས་མེད་དགེ་བའི་བཤེས་ གཉེན་ཆེན་པོ་ཡོན་ཏན་རྒྱ་མཚོ་མཆོག་ལ།༸རྗེ་ཁྲི་ཆེན་གུང་ཐང་དཀོན་མཆོག་བསྟན་ པའི་སྒྲོན་མེ་དཔལ་བཟང་པོའི་གསུང་འབུམ་དང་ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་དབང་ བརྩོན་འགྲུས་ཀྱི་གསུང་འབུམ་སོགས་ཀྱི་ལྗགས་ལུང་གནང་རྒྱུའི་ཇི་ལྟར་གསོལ་བ་ བཏབ་པ་བཞིན། ཕྱི་ལོ་༢༠༠༩། ནས་ལོ་གཉིས་ནང་གི་དབྱར་གནས་ཀྱི་རིང་བགོས་ནས་རྗེ་ཁྲི་ཆེན་གུང་ཐང་དཀོན་མཆོག་ བསྟན་པའི་སྒྲོན་མེ་དཔལ་བཟང་པོའི་གསུང་འབུམ་ལྗགས་ལུང་ཟབ་མོ་རྫོགས་པར་གྲུབ་ ཟིན་པ་དང་།

དེ་ མུས་ཀྱི་འདི་ལོ་ཡང་དབྱར་གནས་རིང་མགོན་པོ་གང་ཉིད་ཀྱི་ཞལ་སྔ་ནས་༸ཀུན་མཁྱེན་ འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་དཔལ་བཟང་པོས་གསུང་འབུམ་ལུང་རྒྱུན་ བཞུགས་ཡོད་པའི་ལྗགས་ལུང་གནང་རྒྱུའི་ཞལ་བཞེས་ལེགས་པར་ཐོབ་པ་དང། དཔལ་ལྡན་འབྲས་སྤུངས་བཀྲ་ཤིེས་སྒོ་མང་གྲྭ་ཚང་ནས་ཀྱང་ཐུགས་ཁུར་ཆེ་བཞེས་ཀྱིས་ དུས་ཚོད་ཟུར་འདོན་སྐྱབས་འཇུག་གནང་བ་ལྟར།  ཕྱི་ལོ་༢༠༡༣  ཟླ་ ༧ ཚེས་ ༣༠ ། ནས་དབྱར་གནས་རིང་དགེ་ལྡན་ཕ་ཆོས་བུ་ཆོས་གཅེས་སྐྱོང་ཁང་ནས་གོ་སྒྲིག་དང་དཔལ་ ལྡན་བཀྲ་ཤིས་སྒོ་མང་གྲྭ་ཚང་དུ་གནང་རྒྱུར་གཏན་འཁེལ་བྱུང་བ་ལགས་ན། ཆོས་ཞུར་ཕེབས་འདུན་ཡོད་རིགས་རྣམས་ཀྱིས་དེ་ལུགས་དགོངས་འཇག་ཡོད་པ་ཞུ། །དགེ་ ལྡན་ཕ་ཆོས་བུ་ཆོས་གཅེས་སྐྱོང་ཁང་ནས་ཕྱི་ལོ་༢༠༡༣ ཟླ་༧ ཚེས་༡༥ ལ། །

Contact:

Geden Pacho Bhucho Preservation Centre

Gangchen Kyishong

Dharamsala Pin-176 215
District Kangra HP India
Tel: +91- 1892-226601 or 228261

www.gedenphachobhucho.org

Contact:

DrepungGomang Administrative office

p.o Tibetan Colony-581411 Mundgod

Dist.North Karnataka State, INDIA

Ph:91-8301-245619,246084 Fax:91-8301-245697

Email: gomangoffice@yahoo.com

Share this:
༡༧ ཀློག་གྲངས།