ཚ་བ་མཛོ་སྒང་དུ་རྒྱ་རྒོལ།

ངོ་རྒོལ་བྱེད་མཁན་གྱི་བོད་མི་གསུམ་པོ་ནི་མཛོ་སྒང་རྫོང་དབུ་ཡག་ཤང༌། དབུ་དཀར་གྲོང་ཚོ་ནས་ཡིན་པའི་མ་ཚེ་རིང་དཔལ་འཛོམས་ཀྱི་བུ་འཕྲིན་ལས་དངོས་གྲུབ་རང་ལོ་ ༢༤ ཅན་དང༌། ཕ་ཆོས་ལྡན་ཉི་མ་དང༌། མ་བསོད་ནམས་སྒྲོལ་མ་གཉིས་ཀྱི་བུ། བུ་གཡང་དར་རྒྱས་རང་ལོ་ ༢༣ (གོང་གསལ་གཉིས་སྤུན་ཉེ་ཡང་ཡིན་འདུག) མ་བདེ་དགའི་བུ། པདྨ་ཚེ་དཔག། རང་ལོ་ ༢༤ ཅན་བཅས་ཡིན་འདུག ཕྱི་ཚེས་ ༢༡ ཉིན་དུད་ཚང་ ༥༠ ཡས་མས་ཙམ་ཡོད་པའི་གྲོང་ཚོའི་བུད་མེད་དང་ཕྲུ་གུ་མང་པོ་ཞིག་ཁོང་གསུམ་གློད་བཀྲོལ་གཏོང་ཐབས་ཀྱི་ཞུ་བ་འཐེན་ཕྱིར་མཛོ་སྒང་ཕྱོགས་སུ་བསྐྱོད་ཡོད་ནའང་ཤང་གི་ས་མཚམས་ནས་ཉེན་རྟོག་པས་བཀག་འགོག་བྱས་ཡོད་འདུག ངོ་རྒོལ་སྐབས་འདི་ལོར་རྒྱ་གཞུང་གིས་བོད་ལ་དྲག་གནོན་ཚད་མེད་བཏང་བར་བརྟེན། བོད་ལ་འདི་ལོའི་ལོ་གསར་སྤྲོ་སྐྱིད་མེད་སྐོར་ཡང་བརྗོད་ཡོད་འདུག།

Share this:
༡༧༥ ཀློག་གྲངས།