ཡང་ཚོང་ལས་ཁང་ཞིག་གིས་རྒྱ་ནག་ལ་དགོངས་སེལ་ཞུས་འདུག

རྒྱལ་སྤྱིའི་ཚོང་ལས་ཁང་ཆེ་གྲས་ཤིག་གིས། སླར་ཡང་རྒྱ་ནག་གི་སེམས་ཚོར་ལ་ཕོག་ཐུག་བཏང་ནས་དགོངས་སེལ་ཞུ་དགོས་ཁེལ་འདུག དེ་ཡང་ཚོང་ལས་ཁང་དེའི་ལས་བྱེད་གཅིག་གིས་ཐའེ་ཝན་རྒྱ་ནག་གི་ས་ཁྲའི་ཁོངས་སུ་བཅུག་མེད་པས་ཡིན་འདུག ཟླ་༡༠ པའི་ཚེས་༡༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཧྥ་རན་སིའི་གྱོན་ཆས་དང་བྱུག་རྫས་སོགས་བཟོ་སྐྲུན་བྱེད་མཁན་རྒྱལ་སྤྱིའི་ནང་གྲགས་ཆེ་བའི་ཚོང་ལས་ཁང་ཌེ་འུར་(Christian Dior)ཡིས། གཙུག་ལག་སློབ་གཉེར་ཁང་ཞིག་ཏུ་སློབ་མ་ཚོར་ཚོང་ལས་ཁང་དེའི་ངོ་སྤྲོད་གཏམ་བཤད་བྱེད་བཞིན་པའི་སྐབས་སུ། རྒྱ་ནག་ནང་ལ་ཡང་ཚོང་ལས་ཁང་དེའི་ཁྲོམ་ར་སྐོར་འགྲེལ་བརྗོད་བྱེད་བཞིན་པའི་སྐབས་སུ། རྒྱ་ནག་གི་ས་ཁྲ་ཞིག་བསྟན་ཡོད་པ་དང་། དེའི་ནང་ཐའེ་ཝན་ཚུད་མེད་པ་རེད་འདུག སྐབས་དེར་སློབ་མ་ཞིག་གིས་ཐའེ་ཝན་ཚུད་མེད་པའི་སྐོར་དྲིས་སྐབས། གཏམ་བཤད་པ་དེས་ཐོག་མར་ཐའེ་ཝན་ནི་ཤིན་ཏུ་ཆུང་ཆུང་ཡིན་པས། ས་ཁྲའི་ནང་འཇུག་ཐབས་བྲལ་བ་ཡིན་སྐོར་འགྲེལ་བརྗོད་བྱས་འདུག འོན་ཀྱང་སློབ་མ་དེས་ཐའེ་ཝན་ལས་ཆུང་བའི་ཧཱེ་ནན་གླིང་ཕྲན་རྒྱ་ནག་གི་ས་ཁྲའི་ནང་བཅུག་ཡོད་པ་དྲིས་སྐབས། གཏམ་བཤད་པ་དེས་ཐའེ་ཝན་དང་ཧོང་ཀོང་གཉིས་ཚོང་ལས་ཁང་དེའི་རྒྱ་ནག་ཆེན་མོའི་གཏམ་བཤད་ལེ་ཚན་ནང་བཅུག་ཡོད་པ་འགྲེལ་བརྗོད་བྱས་འདུག གནས་ཚུལ་དེའི་བརྙན་ཐུང་ཞིག་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁྱབ་སྤེལ་ཆེན་པོ་སོང་ཡོད་པས། དྲ་ལམ་བཀོལ་སྤྱོད་པ་ཚོས་ཚོང་ལས་ཁང་དེར་སྐྱོན་བརྗོད་ཆེན་པོ་བྱས་འདུག རྒྱ་ནག་ནི་རྒྱལ་སྤྱིའི་ཚོང་ལས་ཁང་གི་ཐོན་རྫས་ཀྱི་ཁྲོམ་ར་ཆེ་ཤོས་གྲས་ཤིག་ཡིན་པས།

Read more

ཨ་རིས་ཨ་རིར་ཡོད་པའི་རྒྱ་ནག་གི་འགོ་ཁྲིད་ཚོའི་འགྲོ་འདུག་ཡར་ཞུ་དགོས་པའི་སྒྲིག་ལམ་གསར་པ་བཞག་འདུག

ཨ་རྒྱ་གཉིས་ཀྱི་འགལ་བ་ཇེ་མང་དང་ཇེ་ཆེར་འགྲོ་བཞིན་པའི་སྐབས་འདིར། ཨ་རིའི་གཞུང་ནས་ཨ་རི་ལ་ཡོད་པའི་རྒྱ་ནག་གི་འགོ་ཁྲིད་རྣམས་གང་དུ་འགྲོ་བ་དང་སུ་དང་ཐུག་པའི་སྐོར་གྱི་གནས་ཚུལ་རྣམས་སྔོན་ཚོད་ནས་ཨ་རིའི་གཞུང་ལ་ཡར་ཞུ་དགོས་པའི་སྒྲིག་ལམ་གསར་པ་ཞིག་བཞག་ཡོད་འདུག དེ་ཡང་ཟླ་འདིའི་ཚེས་ ༡༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་སྲིད་གཞུང་གིས་ཨ་རི་ལ་ཡོད་པའི་རྒྱ་ནག་གི་འགོ་ཁྲིད་ཚོ་དང་འབྲེལ་བའི་སྒྲིག་ལམ་གསར་པ་ཞིག་བཞག་པ་དང་། སྒྲིག་ལམ་གསར་པ་དེའི་འོག་རྒྱ་ནག་གི་འགོ་ཁྲིད་ཚོས་ཨ་རིའི་མངའ་སྡེ་དང་ས་གནས་ཀྱི་དཔོན་པོའམ། ཡང་ན་མཐོ་སློབ་དང་སློབ་གྲྭ་ཁག་ལ་གཞུང་འབྲེལ་གྱི་ཐུག་འཕྲད་དང་ལྟ་སྐོར་བྱེད་སྐབས། དེ་དོན་སྔོན་ཚོད་ནས་ཨ་རིའི་སྲིད་གཞུང་ལ་ཡར་ཞུས་བྱེད་དགོས་ཡོད་འདུག སྒྲིག་ལམ་གསར་པ་དེ་འཇོག་པའི་རྒྱུ་མཚན་ནི། རྒྱ་ནག་ཏུ་ཡོད་པའི་ཨ་རིའི་འགོ་ཁྲིད་ཚོས་རྒྱ་ནག་གི་མཐོ་དམན་བར་མའི་དཔོན་པོ་དང་ཐུག་འཕྲད་བྱེད་སྐབས་དང་། ཡང་ན་སློབ་གྲྭ་ཆེ་ཆུང་ཁག་དང་། ཞིབ་འཇུག་གི་ལྟེ་གནས་རྣམས་ལ་ལྟ་སྐོར་བྱེད་དུས། རྒྱ་ནག་གཞུང་གི་ལག་ནས་ཆོག་མཆན་ཞུ་དགོས་ཀྱི་ཡོད་པ་དེའི་ཡ་ལན་དང་རྒྱ་ཁབ་གཉིས་ཀྱི་འབྲེལ་ཡོད་ལས་བྱེད་རྣམས་ཀྱི་འགྲོ་འདུག་གི་དབང་ཚད་ཆ་སྙོམ་བཟོ་ཆེད་ཡིན་འདུག་སྟེ། གནས་ཚུལ་དེ་ཕྱིར་བསྒྲགས་བྱེད་མཁན་གྱི་ཨ་རིའི་ལས་བྱེད་ཅིག་གིས“ང་ཚོས་འདིར་གང་ཞིག་འབད་བརྩོན་བྱེད་བཞིན་ཡོད་ཟེར་ན། ཕན་ཚུན་ཆ་སྙོམ་དང་འདྲ་མཉམ་གྱི་གནས་སྟངས་ཤིག་ཡོང་ཐབས་བྱེད་བཞིན་ཡོད”ཅེས་བཤད་འདུག ཡིན་ན་ཡང་། ཨ་རིའི་གཞུང་ནས་རྒྱ་ནག་གི་འགོ་ཁྲིད་ཚོས་ཡར་ཞུ་བྱེད་དགོས་པ་ལས་ཆོག་མཆན་ལེན་མི་དགོས་པ་དེ་དོ་ནན་གྱིས་བཤད་འདུག་པ་མ་ཟད། སྒྲིག་ལམ་གསར་པ་དེའི་མཐར་ཐུག་གི་དམིགས་ཡུལ་ནི་རྒྱ་ཁབ་གཉིས་ཀའི་འབྲེལ་ཡོད་འགོ་ཁྲིད་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་ཚད་བཀག་མེད་པ་བཟོ་རྒྱུ་དེ་ཡིན་སྐོར་ཀྱང་བཤད་ཡོད་འདུག རྒྱ་ནག་གི་ཕྱོགས་ནས་ད་ཐེངས་ཀྱི་སྒྲིག་ལམ་གསར་པ་དེ་ནི་སྔོན་ཆད་ཨ་རྒྱའི་བར་དུ་བཞག་པའི་ཝིན་ན་གྲོས་མཐུན་(The

Read more

ལྔ་དང་ལྔ་བཅུ་ལས་འཕྲོས་པའི་བསམ་ཚུལ་གླེང་བ།

དེ་ཡང་༸རྒྱལ་བ་སྐུ་ཕྲེང་ན་རིམ་དང་བོད་མི་མང་དབར་གྱི་འབྲེལ་ལམ་སྐོར། ཞེས་པའི་བརྗོད་གཞི་ནི་ཧ་ཅང་གི་གཏིང་ཟབ་ཅིང་རྒྱ་ཆེ་བ་ཞིག་ཡིན་དུས་ཚིག་ཁ་ཤིས་ཀྱི་ནང་དུ་ག་ལ་ཞུ་ཐུབ། འོན་ཀྱང་ས་བཅད་མ་སྟོང་ཙམ་དུ་ལོ་རྒྱུས་ཁག་གཞི་རྩར་བཟུང་ནས་འབྲི་བར་བྱའོ། དེ་ཡང་བཀའ་ཆེམས་ཀ་ཁོམ་མ་ལས། “དེའི་ཚེ་སྲིན་ཡུལ་ལང་ཀ་པུ་རི་ན། སྲིན་པོ་ལང་ཀ་མགྲིན་བཅུ་དང་

Read more

གཏན་དུ་བྲལ་ཟིན་པའི་གྲོགས་པོ་ཞིག་ཕྱིར་དྲན་བྱས་པ།  

ཁུ་ནུ་བསྟན་འཛིན་ཡོན་ལྡན།  མི་ལོ་བཅོ་བརྒྱད་ཙམ་གྱི་ཡར་སྔོན་ཏེ། ང་རང་ཁུ་ནུ་སྟོད་པ་སྐྱ་མཁར་གྲོང་ཚོའི་སློབ་ཆུང་འགྲིམས་པའི་སྐབས་ཤིག་ཕྱི་ནས་གསར་དུ་འོངས་བའི་སློབ་ཕྲུག་སཱ་བྷ་ (Saba) ངོ་ཤེས་སུ་གྱུར། ཁོ་ནི་ང་ལས་སློབ་རིམ་གསུམ་གྱིས་ཆུང་ཡང་། ང་གཉིས་ངོ་ཤེས་ནས་རིང་པོ་མི་འགོར་བར་མཉམ་ཟ་མཉམ་འགྲོགས་བྱེད་པའི་གྲོགས་པོར་གྱུར། གྲོགས་པོ་སཱ་བྷ་ནི། ཨུ་ཏར་ཁནྜ་ (Uttrakhand) མངའ་སྡེ་ནས་ཡིན་ལ། ཁོང་གི་ནང་མི་ང་ཚོའི་ལུང་པར་གཞིས་སྤོས་བྱས་པ་རེད། ཁོའི་པ་ལགས་ནི་ཆུང་དུས་ནས་གྲོངས་ཟིན་པས་ཁོ་དང་ཁོའི་ནུ་མོ་གཉིས་ཨ་མས་སྐྱེད་སྲིང་བྱས་ལ་ཁྱིམ་གྱི་འཚོ་བ་ནི་ཞན་ཙམ་ཡོད། སྨྲ་བ་ཉུང་བའི་གྲོགས་པོ་སཱ་བྷ་ནི་གཟུགས་པོ་སྐམ་ལ་ངོ་དབྱིབས་ཆུང་ཡང་། གཟུགས་ཚད་སྙོམས་ལ་ཤ་མདངས་དཀར་པོ་ཡིན་པས་སྣང་བ་འགྲོ་པོ་ཞིག་ཡོད། ཁོ་ནི་སློབ་སྦྱོང་ལ་སྤྲོ་བ་དང་འབད་བརྩོན་ཆེན་པོ་ཡོད་མཁན་ཞིག་མིན་ཡང་། རྩེད་ཐང་སྒང་ལ་དབྱུག་རྩེད་རྩེ་སྐབས་རྟ་རྒྱུགས་པ་ལྟ་བུ་ཡིན།  ང་རང་སློབ་ཆུང་ཐོན་རྗེས། རྒྱ་གར་ལྷོ་ཕྱོགས་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་སློབ་གཉེར་ལ་ཕྱིན་པས་ལོ་ངོ་མང་པོ་ཞིག་གི་རིང་ངེད་གཉིས་འབྲེལ་བ་མ་བྱུང་། ལོ་བཅུའི་རྗེས་སུ་ང་རང་ཁྱིམ་དུ་གུང་གསེང་ཕྱིན་སྐབས།

Read more

ཧོང་ཀོང་གི་ངོ་རྒོལ་ལ་རྒྱབ་སྐྱོར་བྱེད་པའི་ཁྲིམས་འཆར་གསུམ་ལ་ཨ་རིའི་གྲོས་ཚོགས་འོག་མའི་ནང་རྒྱབ་སྐྱོར་ཐོབ་འདུག

ཧོང་ཀོང་གྲོང་ཁྱེར་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་མང་གཙོའི་ལས་འགུལ་བརྩམས་ནས་ཟླ་བ་བཞི་ཙམ་འགྲོ་བཞིན་ཡོད་པ་མ་ཟད། ངོ་རྒོལ་བ་དང་ཉེན་རྟོག་པ་གཉིས་ཀྱི་བར་དུ་དྲག་པོའི་གདོང་ཐུག་ཇེ་མང་དང་། རྒྱ་ནག་གཞུང་ནས་ངོ་རྒོལ་བ་རྣམས་ལ་བཙན་གནོན་བྱེད་རྒྱུའི་ཉེན་བརྡ་དང་འཇིགས་སྐུལ་མང་པོ་བཏང་ནས་ཧོང་ཀོང་གི་གནས་སྟངས་དེ་ཉིན་རེ་བཞིན་ཉེན་ཚབས་ཇེ་ཆེར་འགྲོ་བཞིན་པའི་སྐབས་འདིར། ཨ་རིའི་གྲོས་ཚོགས་འོག་མ་ནས་ཧོང་ཀོང་གི་ངོ་རྒོལ་ལ་རྒྱབ་སྐྱོར་བྱེད་པའི་ཁྲིམས་འཆར་གསུམ་ལ་མོས་མཐུན་གཏན་འབེབས་བྱས་ཡོད་འདུག 

Read more

ཀེ་ཌ་ལོ་ནི་ཡ་མི་མང་གིས་སེ་པན་དབུས་གཞུང་ལ་ངོ་རྒོལ་བྱེད་བཞིན་འདུག 

སེ་པན་གྱི་ཆེས་མཐོའི་ཁྲིམས་ཁང་གིས། ཀེ་ཌ་ལོ་ནི་ཡ་རང་སྐྱོང་མངའ་ཁུལ་དེའི་རང་བཙན་འཐབ་རྩོད་ཀྱི་འགོ་ཁྲིད་ཁག་ཅིག་ལ། གཞུང་སྲིད་མགོ་རྟིང་སློག་ཐབས་ཀྱི་ཉེས་འཛུགས་འོག་བཙོན་འཇུག་ཁྲིམས་ཐག་བཅད་རྐྱེན། མི་མང་གིས་ངོ་རྒོལ་ལས་འགུལ་སྤེལ་བཞིན་འདུག 

Read more

གསར་བསྐོས་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུའི་དམ་འབུལ་མཛད་སྒོ། 

དེ་རིང་སྟེ་ཟླ་༡༠ ཚེས་༡༥ ཉིན་དྷ་ས་གངས་སྐྱིད་བོད་ཀྱི་ཚོགས་ཁང་ལ་གསར་དུ་འདེམས་ཐོན་བསྐོ་བཞག་བྱས་པའི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུས་བགྲེས་ཡོལ་ལ་ཕེབས་པའི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་ཀྱི་མདུན་ནས་ལས་འཁུར་དམ་བཅའ་འབུལ་བའི་མཛད་སྒོ་འཚོགས་པའི་ཐོག ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས།  སྲིད་ཚབ་ཀྱིས་དབུས་བཀའ་བློན་རྣམ་པ། ཚོགས་གཞོན་གྱིས་དབུས་སྤྱི་འཐུས་རྒྱུན་ལས་རྣམ་པ།  རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་དང་དྲུང་ཆེ་སོགས་ཕེབས་འདུག

Read more

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་བོད་ཡིག་འབྲི་ཐབས་སྐོར་གྱི་ཟབ་སྦྱོང་། 

ཟླ་འདིའི་ཚེས་༡༢ ནས་ཉིན་གཉིས་རིང་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་དང་། སྐབས་བཅུ་པའི་སློབ་གཉེར་ལྷན་ཚོགས་ཟུང་འབྲེལ་གྱིས། བྷེང་ལོར་དང་མཱེ་སོར་བཅས་སུ་རྒྱ་གར་གྱི་མཐོ་སློབ་འདྲ་མིན་ནང་དུ་སློབ་སྦྱོང་གནང་བཞིན་པའི་བོད་པའི་སློབ་མ་ཚོ་གཙོ་བོར་དམིགས་ནས། བོད་ཡིག་འབྲི་ཐབས་སྐོར་གྱི་ཟབ་སྦྱོང་ཞིག་འཚོགས་ཡོད་པ་རེད།

Read more

བོད་པའི་གློག་བརྙན་དུས་སྟོན་ཐེངས་བཅུ་པའི་ཐོག་གི་འགྲན་སྡུར།

ཟླ་འདིའི་ཚེས་༡༡ ནས་ཉིན་གཉིས་རིང་བོད་ཀྱི་གློག་བརྙན་དུས་སྟོན་ཐེངས་བཅུ་པ་དེ་དྷ་སའི་ཉེ་འཁྲུས་ནོར་གླིང་དུ་འཚོགས་པ་དང་། དེར་གློག་བརྙན་ཐུང་གྲས་སྐར་མ་བཅུ་གཉིས་ལས་མ་རིང་བའི་འགྲན་སྡུར་ནང་གློག་བརྙན་“བསྟན་འཛིན་འཁྲབ་སྟོན་པ་”ལ་ཨང་དང་པོའི་བྱ་དགའ་ཐོབ་ཡོད་པ་རེད།

Read more

༢༠༡༨ དང་༢༠༡༩ གཉིས་ཀྱི་ནོ་བྷེལ་རྩོམ་རིག་གཟེངས་རྟགས་ལྷན་དུ་གསལ་བསྒྲགས་བྱས་འདུག

ཟླ་འདིའི་ཚེས་༡༠ ཉིན་ནོ་བྷེལ་རྩོམ་རིག་ཚོགས་ཆུང་(Swedish Academy) ནས་རྩོམ་པ་པོ་གཉིས་ལ་ནོ་བྷེལ་རྩོམ་རིག་གཟེངས་རྟོགས་ཐོབ་པའི་གསལ་བསྒྲགས་བྱས་ཤིང་། དེ་ནི་ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཀྱི་འདས་པའི་མི་ལོ་༡༡༨ ཀྱི་ལོ་རྒྱུས་རིང་པོའི་ནང་ཐེངས་དང་པོར་བྱུང་བ་ཞིག་ཡིན་འདུག 

Read more
Page 1 of 1,09112345...Last »