ནང་ཆོས་དང་འབྲེལ་བའི་དྲི་བ་འགའ།

མཚན་ཉིད་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་དཀོན་མཆོག་དབང་འདུས་ལགས་སུ་འདི་ག་གསར་ཁང་གིས་བཅར་འདྲི་ཞུས།

འདོན་ཐེངས་སྔོན་མའི་འཕྲོས།
དྲི་བ། ནང་པའི་གང་ཟག་ཅིག་ཡིན་ཞེས་པ་ལ་མཚན་ཉིད་གང་ཚང་དགོས་པ་རེད།
ལན། མ་མཐའ་ཡང་ངན་སོང་གི་སྡུག་བསྔལ་ལ་འཇིགས་ནས་དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་གསུམ་ལ་ཡོད་པ་ཡིད་ཆེས་པ་དེ་རེད། དེའི་སྔོན་ལ་སངས་རྒྱས། ཆོས། དགེ་འདུན་གསུམ་ཤེས་དགོས་ཀྱི་རེད། ཆོས་ཟེར་བ་དེ་ཡང་པོ་ཏི་ཙམ་མ་ཡིན་པར། མི་དགེ་བ་བཅུ་སྤོང་བ་དེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་མཐའ་མ་དེ་རེད། སངས་རྒྱས་ཀྱི་བསྟན་པ་ཟེར་བ་ལྟེ་བ་དེ་མི་དགེ་བཅུ་སྤོང་བ་དེ་རེད། སངས་རྒྱས་ཀྱི་ཁྲིམས་ནང་གི་མཐའ་མ་དེ་མི་དགེ་བ་བཅུ་རེད། དེ་བཅུ་པོ་སྲུང་གི་ཡོད་ན་སངས་རྒྱས་ཀྱི་བསྟན་པ་དང་མཇལ་བ་རེད། དེ་སྲུང་གི་མེད་ན་སངས་རྒྱས་ཀྱི་བསྟན་པ་དང་མཇལ་ཡོད་མ་རེད། དགོན་པའི་ནང་དུ་བསྡད་ནའང་མཇལ་ཡོད་མ་རེད། གྲྭ་ཆས་གོན་ནའང་མཇལ་ཡོད་མ་རེད། མི་དགེ་བ་བཅུ་སྤོང་བ་དེ་ལ་ཆོས་ཞེས་ཟེར་དགོས་ཀྱི་རེད། དེ་གཞི་རྩར་བཞག་པ་དང་ཉམས་སུ་ལེན་པ་ལ་བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་རྒྱུ་ཡོད་པ་དང༌། དགེ་འདུན་བྱེད་རྒྱུ་ཡོད་པ། དོན་དམ་ྋསྐྱབས་མགོན་རིན་པོ་ཆེས་གསུངས་པ་ནང་བཞིན་འཇིག་རྟེན་བཀོད་པ་པོ་ལྟ་བུ་ཡིན་ན། དཀོན་མཆོག་ནས་མར་གསུངས་པ་དང་བཀོད་སྒྲིག་བྱས་པ་ལྟ་བུ་རེད། ང་ཚོས་བཤད་པ་ལྟར་ན། མི་ཐ་མལ་པ་ཞིག་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཉམས་ལེན་བྱས་པ་ལ་བརྟེན་ནས་དགེ་འདུན་ཆགས་རྒྱུ་ཡོད་རེད། སངས་རྒྱས་རྒྱུ་ཡོད་རེད། འགོག་ལམ་གྱི་ཆོས་དེ་དག་རང་རྒྱུད་ལ་སྐྱེ་རྒྱུ་ཡོད་རེད། སོ་སོ་ཡར་འགྲོ་བའི་འགོ་འཛུགས་རྒྱུ་ཡོད་པ་དེ་རེད།

Read more

མནར་གཅོད་མུན་ནག་གི་ལོ་ལྔ་བཅུ།

    ཉེ་བའི་ཆར་བོད་ལྗོངས་ཉིན་རེའི་ཚགས་པར་ཟེར་བའི་སྟེང་༵༵ཞིང་བྲན་ལ་བཅིངས་འགྲོལ་བཏང་བ་ནི་མི་མང་གི་རྒྱལ་ཁ་ཡིནཀཀཟེར་བའི་འགོ་བརྗོད་འོག་རྩོམ་ཡིག་ཅིག་སྤེལ་ཡོད་པ་དང༌། རྩོམ་ཡིག་དེའི་ནང་དོན་གཙོ་བོ་ནི། རྒྱ་ནག་གཞུང་གིས་བཀའ་རྒྱ་བཏང་བ་ལྟར་ཕྱི་ལོ་༢༠༠༩ ཟླ་༣ ཚེས་༢༨ དེ་ཉིད་བོད་ཀྱི་ཞིང་བྲན་པ་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་གཏན་འཁེལ་བྱས་པར་དགའ་འབོད་ཞུ་བའི་ཕྱིར་དུ་ཡིན་ཚུལ་དང༌། བོད་ཀྱི་ལམ་ལུགས་རྙིང་པ་ཆེས་གདུག་རྩུབ་དང་མུན་ནག་ཡིན་པ་མ་ཟད། ྋགོང་ས་སྐུ་ཕྲེང་རིམ་བྱོན་ནི་བོད་མི་རིགས་ལ་གདུག་རྩུབ་ཚད་མེད་གཏོང་མཁན་གྱི་བྱེད་གཏེ་ཡིན་ཚུལ་ཡང་བཀོད་པ་རེད།

Read more

འདི་ལོར་དྷ་ས། ལོ་རྗེས་མ་ལྷ་ས།

 
བུད་མེད་རྩོམ་པ་པོ་འོད་ཟེར་གྱིས་བརྩམས། གངས་ལྷ་མོས་བོད་བསྒྱུར་བྱས།

འཇིག་རྟེན་འདིའི་ཐོག་མི་མང་པོ་ཞིག་རིག་པ་དྭངས་གསལ་ཡིན་པ་དང༌། བོད་རང་སྐྱོང་ལྗོངས་སུ་བོད་ཀྱི་བྲན་གཡོག་ཁྲི་བརྒྱ་ཕྲག་མང་པོར་བཅིངས་འགྲོལ་ཐོབ་པའི་དུས་དྲན་ཞེས་པ་དེར་ཟུར་ཟའི་དོན་གང་འདྲ་ཡོད་མེད་ཀྱང་ཤེས་གསལ་རེད། དེ་བས་ཁྱད་མཚར་བ་ཞིག་ལ་མི་ཚོགས་ཀྱིས་འུར་ཟིང་ཆེན་པོ་ལངས་སྲིད་ཀྱང༌། བོད་རང་སྐྱོང་ལྗོངས་ཀྱིས་རང་སྣང་མཐོན་པོའི་ངང་ནས་དུས་དྲན་དེ་ཟླ་གསུམ་པའི་ཚེས་ཉེར་བརྒྱད་ཉིན་སྲུང་བརྩི་བྱེད་རྒྱུ་གཏན་འབེབས་བྱས་པ་རེད། དུས་ཚོད་དེ་གང་འདྲ་ཞིག་ཡིན་མིན་བརྗོད་ན། དེ་ནི་ལོ་ལྔ་བཅུའི་སྔོན་གྱི་ཉིན་དེར་བཙན་འཛུལ་བ་ཚོས་མི་འབོར་དང་མཚོན་ཆ་བཟང་ངན་སོགས་ལ་བརྟེན་ནས་བོད་མིའི་བསམ་བློའི་གཙོ་འཛིན་ཁོང་བོད་ཀྱི་ཁྱིམ་ཚང་ནས་ཕྱིར་ཕུད་བཏང་རྗེས་ཁོག་འཛུམ་ཤོར་བཞིན། དུས་དེ་ནས་བཟུང་བོད་པ་རང་གི་བཀའ་ཤག་སྲིད་གཞུང་སྒོ་རྒྱག་བཅུག་པ་རེད། བཀའ་ཤག་ནི་སོ་སོའི་ཡུལ་དུ་གནས་ཏེ་བགྲང་བྱ་ཉིས་བརྒྱ་བརྒྱད་འགྲོ་ཡི་ཡོད༌། དུས་དེ་ནས་བཟུང་བཙན་བྱོལ་གྱི་ལོ་ཟླའི་ནང་མུ་མཐུད་སོ་སོའི་མི་རིགས་ཀྱི་མི་དམངས་རྣམས་ལ་འགན་བཞེས་བཞིན་པ་དེ་དག་ལོ་རྒྱུས་ཀྱིས་གསལ་བརྗོད་བྱས་ཡོད་པ་རེད།

Read more

དྲི་བའི་ལན་འདེབས་ལ་གསལ་བཤད།

ཏྲེ་ཧོར་གདོང་ཐོག་བསྟན་པའི་རྒྱལ་མཚན།བྱང་ཨ་མི་རི་ཀ།

ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་ལགས་ཀྱིས་བོད་ཀྱི་བང་ཆེན་གསར་ཤོག་འདོན་ཐེངས་༢༠༦ པ་༠༨ལོའི་ཟླ་༡༢ ཚེས་༡༠ ཐོག་བོད་རིགས་ཡོངས་རྫོགས་གཅིག་ཏུ་སྒྲིལ་བསྒྲིལ་བའི་རང་སྲིད་རང་སྐྱོང་ཞེས་པའི་ནང་ཁོ་བོས་གསར་ཤོག་འདོན་ཐེངས་༡༩༢ནང་དྲི་བ་གསུམ་བཀོད་པ་ལ་ལན་འདེབས་གནང་འདུག་པར་གསལ་བཤད་བྱ་རྒྱུར། བོད་རྒྱ་ཞི་མོལ་གྱི་སྒྲོམ་གཞི་དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད༌། ༢༠༠༦ བོད་གཞུང་ཕྱི་དྲིལ་ལས་ཁུངས་ནས་དཔར་འགྲེམས་ཞུས། ཞེས་པའི་དེབ་ཆུང་དུ། ཤོག་ངོས་༡ པོར་དབུ་མའི་ལམ་གྱི་གོ་དོན། བོད་མི་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་དབང་སྒྱུར་བའི་ད་ལྟའི་གནས་བབ་ལ་ཁས་ལེན་མི་བྱེད་པ་དང༌། ཡང་བོད་ཀྱི་དངོས་དོན་རང་བཙན་ཡིན་པ་དེ་ཡང་རྩོད་གླེང་མི་བྱེད་པར་དེ་གཉིས་ཀྱི་དབུས་ཏེ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་ཆོལ་གསུམ་བོད་རིགས་ཡོངས་རྫོགས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་ཐོབ་ཐབས་བྱ་རྒྱུའི་སྲིད་བྱུས་དང༌། ཐབས་ལམ་ལ་དབུ་མའི་ལམ་ཞེས་བརྗོད། ཅེས་གསལ་བས་བོད་རྒྱ་ནག་དང་ཁ་མི་བྲལ་བར་རྒྱ་འོག་རང་སྐྱོང་ལ་གོ་རྒྱུ་མིན་ནམ།

Read more

བུད་མེད་ཅིག་ཡིན་བསམ་ནས་སོ་སོར་མཐོང་ཆུང་བྱེད་དགོས་དོན་མེད།

མཁའ་འགྲོ་བདེ་ཆེན་ལགས་སུ་བཅར་འདྲི།
མཁའ་གྲོ་བདེ་ཆེན་ནི་བོད་ཁམས་དཀར་མཛེས་བྲག་འགོ་ནས་ཡིན་པ་དང༌། རྒྱ་ནག་ཁྲིན་ཏུའུ་དངུལ་གཉེར་སློབ་ཆེན་མཐར་སོན་རྗེས། དཀར་མཛེས་རྫོང་ཐོག་ཏུ་སྤྱི་བདེ་ལས་ཁུངས་དང༌། དེ་རྗེས་ནོར་སྲིད་སྡེ་ཚན་ནང་ལོ་མང་ལས་དོན་བསྒྲུབས། ༡༩༩༨ ལོའི་ལོ་མཇུག་ཏུ་རྒྱ་གར་ནང་བཙན་བྱོལ་དུ་འབྱོར། གསོག་སྒར་སློབ་གྲྭའི་ནང་སློབ་སྦྱོང་བྱས་པ་དང༌། ད་ལྟ་ནོར་གླིང་མཐོ་སློབ་ཀྱི་རྒྱ་ཡིག་དགེ་རྒན་བྱེད་བཞིན་ཡོད་པ་རེད།
དྲི་བ། ཁྱེད་རང་མི་ཚེའི་ནང་དཀའ་ངལ་ཆེ་ཤོས་ག་རེ་འཕྲད་མྱོང་ངམ།
ལན། མི་སུ་འདྲ་ཞིག་ཡིན་ཡང་མི་ཚེའི་ནང་དཀའ་ངལ་ཡོད་པ་རེད། ངའི་མི་ཚེའི་ནང་གི་དཀའ་ངལ་ཆེ་ཤོས་ནི་རང་གི་རིག་གཞུང་ཡག་པོ་སྦྱང་མ་ཐུབ་པ་དེ་ཡིན། ཕ་ཡུལ་དུ་སྡོད་སྐབས་སློབ་ཆུང་ནས་རྒྱའི་སློབ་ཆེན་མ་ཐོན་བར་བོད་ཡིག་གི་ཤེས་བྱ་སྦྱང་རྒྱུའི་གོ་སྐབས་རག་མ་སོང༌། མཐོ་སློབ་ཐོན་རྗེས་རྒྱ་ནག་ཁྲིན་ཏུའུ་དངུལ་གཉེར་སློབ་ཆེན་དུ་ཞུགས་པ་དང༌།

Read more

ལས་དོན་འཐུས་ཤོར་ཕྱིན་པ་དེར་རྒྱུ་རྐྱེན་དོན་ཚན་གསུམ་མཐོང་གི་ཡོད།

རྩིས་ཞིབ་དྲུང་ཆེ་ཟུར་པ་འཇིགས་མེད་འབྱུང་གནས་ལགས་སུ་གཞིས་ཆགས་ཀྱི་གནས་བབས་སྐོར་བཅར་འདྲི།
དྲི་བ། ཉེ་ཆར་ྋགོང་ས་མཆོག་གིས་གཞིས་ཆགས་ཁག་གི་ལས་དོན་ཁག་དང༌། ལྷག་པར་འཕྲུལ་བཟོ་ཁང་འཐུས་ཤོར་ཕྱིན་ཡོད་པའི་བཀའ་སློབ་གསུངས་པ་དེ་རྒྱུ་ རྐྱེན་གང་ལ་བརྟེན་ནས་འཐུས་ཤོར་ཕྱིན་པ་རེད་དགོངས་ཀྱི་ཡོད།

ལན། ང་ཚོ་སྤྱི་པའི་ལས་ཀ་འཐུས་ཤོར་དང་ཡར་རྒྱས་གང་ལ་ཡང་རྒྱུ་རྐྱེན་གཅིག་ལ་མཛུབ་ མོ་བཙུགས་རྒྱུ་ཁག་པོ་རེད། ལས་དོན་འཐུས་ཤོར་ཕྱིན་པ་དེར་རྒྱུ་རྐྱེན་དོན་ཚན་གསུམ་མཐོང་གི་ཡོད། ༡ བོད་མི་མང་ཚོགས་ཀྱིས་བཟོ་ལས་ཐོག་དངོས་ཤུགས་ཀྱིས་མཐུན་འགྱུར་དང་འགན་ཁུར་དམན་ པ། ༢ བཙན་བྱོལ་བོད་གཞུང་གི་བཟོ་རིགས་ཀྱི་ལས་བྱེད་གོ་སྒྲིག་བྱེད་སྟངས་དང་གསོ་ སྐྱོང་བྱེད་སྟངས་ལ་འཐུས་ཤོར་ཕྱིན་པ། ཕྱོགས་མཚུངས་ལས་དོན་གསར་རྩོམ་བྱེད་སྐབས་ཞིབ་འཇུག་ཚད་ལྡན་མ་ཐུབ་པའི་སྐྱོན།

Read more

གཞི་རིམ་སྐར་རྩིས་རིག་པའི་ཟབ་སྦྱོང༌།

ཟླ་འདིའི་ཚེས་༦ ཉིན་ནས་ཚེས་༩ བར་དབུས་ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སྐར་རྩིས་སྡེ་ཚན་གྱི་གོ་སྒྲིག་འོག་བོད་གཞུང་སྨན་རྩིས་ཁང་གི་སྐར་རྩིས་སྡེ་ཚན་ནས་སློབ་མ་བཅུ་བཞི་དང༌། གཡུང་དྲུང་བོན་ནས་སེར་མོ་བ་གཉིས། ཝཱ་ཎ་གཙུག་ལག་སློབ་ཁང་གི་སྨན་དང་རྩིས་གཉིས་ཀྱི་སློབ་མ་ཡོངས་ལ་ཟབ་སྦྱོང་ཞིག་གནང་ཡོད་པ་དང༌། དེའི་སྐབས་གཞི་རིམ་སྐར་རྩིས་རིག་པའི་རྨང་གཞིའི་ཤེས་བྱ་དང༌། སྐར་རྩིས་རིག་པའི་ཐ་སྙད་གཏན་འབེབས་ཀྱི་སྐོར་ལ་དཔྱད་བསྡུར། སྲོལ་རྒྱུན་དང་དེང་རབས་གཉིས་ཀྱི་སྐར་རྩིས་རིག་པའི་ཐུན་མོང་གི་ལྟ་སྟངས། རྒྱ་གར་དང་བོད་གཉིས་ཀྱི་སྐར་རྩིས་རིག་པའི་ཁྱད་པར་སོགས་ཀྱི་སྐོར་ལ་ཟབ་ཁྲིད་གནང་ཡོད་པ་རེད།

Read more

གྲྭ་པ་དགུ་བཙོན་འཇུག་དང་གཅིག་རང་ཤི།

འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ལྷོ་ཁ་མི་མང་ཁྲིམས་ཞིབ་ཁང་ཟེར་བའི་ཁྲིམས་བཤེར་འོག་ལོ་སྔོན་མ་གསུམ་བཅུའི་དུས་དྲན་སྐབས་སུ་ངོ་རྒོལ་ལས་འགུལ་ནང་འཛུལ་ཞུགས་བྱས་པའི་ཉེས་མིང་འོག་ལྷོ་ཁ་ས་གནས་སུ་གྲྭ་པ་༩ ལ་བཙོན་འཇུག་གི་ཁྲིམས་ཆད་ལོ་གྲངས་༢ ནས་༡༥ བར་བཅད་ཡོད་པ་དང༌། དེའི་ནང་བསམ་ཡས་དགོན་དུ་དཔེ་ཁྲིད་གནང་བཞིན་ཡོད་པའི་གྲྭ་པ་གཅིག་རང་ཤི་བརྒྱབ་ཡོད་པ་རེད།  ཁོང་གིས་ཞལ་ཆེམས་ཤིག་བཞག་ཡོད་པའི་ནང་རང་ཤི་བརྒྱབ་པ་ནི་ངོ་རྒོལ་གྱི་འོས་འགན་ཁྱེར་བ་ཞིག་ཡིན་ཞེས་བཀོད་ཡོད་འདུག དེ་མིན་གྲྭ་བསྟན་འཛིན་བུ་ཆུང་ལ་ཁྲིམས་ཆད་ལོ་༡༥ དང་བསྟན་འཛིན་བཟོད་པ་ལ་ལོ་༡༣། དགེ་ལེགས་དང༌། ངག་དབང་བསྟན་འཛིན་གཉིས་ལ་ལོ་༢ ཀྱི་བཙོན་འཇུག་གི་ཁྲིམས་ཆད་བཏང་ཡོད་པ་རེད། བསམ་ཡས་དགོན་པ་ནས་ཡིན་པའི་གྲྭ་རྒྱལ་མཚན་ལ་ཁྲིམས་ཆད་ལོ་༡༥ དང་ཉི་མ་བཀྲིས་དང་ཕུན་ཚོགས་ལ་ལོ་༡༣ བསྟན་འཛིན་ཟླ་བ་དང་རིག་ལྡན་ལ་ལོ་༢ ཁྲིམས་ཆད་བཏང་ཡོད་པ་རེད། དེ་བཞིན་ལོ་སྔོན་མའི་གསུམ་བཅུའི་དུས་དྲན་ལ་ཁ་གཡར་ནས། བོད་མི་མང་པོ་གང་སར་བཙོན་འཇུག་བྱས་ཡོད་པ་རེད།།

Read more

ྋགོང་ས་མཆོག་ལ་ཨི་ཊ་ལིའི་ཡུལ་མིའི་གཟེངས་རྟགས་འབུལ་བཞེས།

ཟླ་འདིའི་ཚེས་༧ ནས་༡༡ བར་ཉིན་གྲངས་༤ རིང་ལ་ྋགོང་ས་མཆོག་ཡོ་རོབ་རྒྱལ་ཁབ་ཨི་ཊ་ལི་དང༌། འཇར་མན་གཉིས་སུ་ཆིབས་བསྒྱུར་གནང་ཡོད་པ་དང༌། ཆིབས་བསྒྱུར་འདི་ནི་༢༠༠༩ ནང་ྋགོང་ས་མཆོག་ཕྱི་རྒྱལ་ཁག་ལ་ཆིབས་བསྒྱུར་གནང་བ་ཐོག་མ་དེ་ཆགས་ཡོད་པ་རེད། སྐབས་དེར་ྋགོང་ས་མཆོག་ལ་ཨི་ཊ་ལིའི་རོམ་གྲོང་ཁྱེར་གྱི་ཆེས་མཐོའི་ཡུལ་མིའི་གཟེངས་རྟགས་ཕུལ་ཡོད་པ་དང༌། ཕྱི་ཚེས་༡༠ ཉིན་འཇར་མན་དུ་གསར་འགོད་གཟེངས་རྟགས་ཞེས་པ་ཕུལ་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

Read more

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་བསྐྱར་ཞིབ་ལྷན་ཚོགས།

ཟླ་འདིའི་ཚེས་༩ ནས་༡༡ བར་སུད་སི་རྒྱལ་ཁབ་ནང་འཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆེས་མཐོའི་ལྷན་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་བསྐྱར་ཞིབ་གནང་ཡོད་པ་དང༌། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྙན་ཐོ་ཞིག་རྒྱལ་ཚོགས་ལ་ཕུལ་ཡོད་པའི་ཐོག་བསྐྱར་ཞིབ་དང་འདྲི་རྩད་གནང་བའི་གནས་ཚུལ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྤེལ་ཡོད་པ་རེད། ༢༠༠༨ ལོར་བོད་ནང་གི་དོན་རྐྱེན་དང༌། ཧཕ་ལུང་ཀུང་ཆོས་འཁོར་སྒོམ་སྒྲུབ་ཚོགས་པ། ཤིན་ཅང་སོགས་ཀྱི་ཐོག་དྲག་གནོན་དང༌། ཆོས་དད་རང་དབང་གི་སྐོར་གཅིག་ཀྱང་འཁོད་མེད་པས། གཞུང་འབྲེལ་མ་ཡིན་པའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང༌། འགྲོ་བ་མིའི་རྟོག་ཞིབ་ཚོགས་པ་སོགས་ཀྱིས་རྒྱ་ནག་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།

Read more
Page 1,037 of 1,110« First...1,0351,0361,0371,0381,039...Last »