རྐང་སྤོལ་རྩེད་མོ་བ་གྲགས་ཅན་ཞིག་གིས་རྒྱ་ནག་ལ་སྐྱོན་བརྗོད་བྱས་འདུག 

རྒྱལ་སྤྱིའི་ནང་རྐང་སྤོལ་རྩེད་མོ་བ་གྲགས་ཅན་ཨོ་ཛིལ་གྱིས། རྒྱ་ནག་གིས་ཡུ་གུར་ནང་དུ་ཁ་ཆེ་མི་རིགས་ལ་དྲག་གནོན་དང་དམར་གསོད་གཏོང་གི་ཡོད་ཀྱང་། ཁ་ཆེ་གཞན་ཚོས་གང་ཡང་བྱེད་ཀྱི་མེད་སྐོར་བརྗོད་པར་བརྟེན། རྒྱ་ནག་གིས་ཕར་རྒོལ་ཆེད་དུ་ཁོང་ཡོད་པའི་རྩེད་འགྲན་ཞིག་བརྙན་འཕྲིན་ནང་བཀག་འགོག་བྱས་འདུག 

Read more

འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཆོས་ར་གསར་པ་དབུ་འབྱེད།

ཟླ་འདིའི་ཚེས་༡༤ ཉིན་༸གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཆོས་ར་གསར་པ་དབུ་འབྱེད་དང་། ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་དངོས་གཞི་ལག་བསྟར་རིམ་པ་མཇུག་སྒྲིལ་སྟེ་རྒྱུན་འཁྱོང་རིམ་པར་འཇུག་པའི་མཚམས་སྦྱོར་མཛད་སྒོར་དབུ་བཞུགས་ཀྱིས་དཔལ་ནཱ་ལེནྜའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དང་། ལྕང་སྐྱ་རོལ་བའི་རྡོ་རྗེའི་ལྟ་བའི་གསུང་མགུར་ཟབ་མོ་བཅས་ཀྱི་ཆོས་འབྲེལ་གནང་ཡོད་པ་རེད།

Read more

དབྱིན་ཡུལ་ནང་རྙིང་ཞེན་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་འདུག 

ཡུ་རོབ་མཐུན་ཚོགས་ནས་དབྱིན་ཡུལ་ཕྱིར་འཐེན་བྱེད་རྒྱུར་རྒྱབ་སྐྱོར་བྱེད་མཁན་རྙིང་ཞེན་ཚོགས་པར། དབྱིན་ཡུལ་གྱི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུར་རྒྱལ་ཁ་ཆེན་པོ་ཐོབ་འདུག་པ་དང་། ཕྱོགས་འགལ་ཚོགས་པ་གཙོ་བོ་ངལ་རྩོལ་ཚོགས་པའི་རྐུབ་སྟེགས་མང་པོ་ཤོར་འདུག 

Read more

མི་ལོ་སུམ་ཅུའི་ཆབ་སྲིད་ཀྱི་འགྱུར་ལྡོག

ཁ་སང་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱི་ལོ་༡༩༩༩ ཟླ་༡༢ ཚེས་༡༠ ཉིན་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་མི་ལོ་ཧྲིལ་པོ་༣༠ འཁོར་བ་རེད། ཉིན་མོ་འདི་ནི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་བའི་ཉིན་མོ་ཙམ་མ་ཡིན་པར།

Read more

“༢༠༡༩ ལོའི་མི་སེར་ཐོབ་ཐང་བསྐྱར་བཅོས”ཞེས་པའི་ཁྲིམས་འཆར་དེ་རྒྱ་གར་གྱི་རྩ་ཁྲིམས་དང་འགལ་བའི་ཁྲིམས་གཏུག

ཟླ་འདིའི་ཚེས་༡༢ བརྒྱུད་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་རྩོད་གཞི་ཆེ་བའི་ཁྲིམས་འཆར་གསར་པ་སྟེ། “༢༠༡༩ ལོའི་མི་སེར་ཐོབ་ཐང་བསྐྱར་བཅོས་”ཞེས་པར་གྲོས་ཚོགས་གོང་འོག་གཉིས་ཀའི་མོས་མཐུན་ཐོབ་སྟེ་སྲིད་འཛིན་གྱི་མཚན་རྟགས་འཐོབ་རྒྱུར་སྒུག་བཞིན་ཡོད་པས། རྒྱ་གར་རྒྱལ་ཡོངས་ཁ་ཆེའི་སྐྱིད་སྡུག་ཚོགས་པ་(The indian Union Muslim League) ནས་ཁྲིམས་འཆར་དེ་རྒྱ་གར་གྱི་རྩ་ཁྲིམས་དང་འགལ་སྐོར་བཤད་དེ་ཆེས་མཐོའི་ཁྲིམས་ཁང་དུ་ཞུ་གཏུག་བྱས་ཡོད་འདུག 

Read more

༧གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་གྷོ་བ་མཐོ་སློབ་ཀྱི་དགེ་སློབ་ལ་བཀའ་སློབ་བསྩལ།

ཟླ་འདིའི་ཚེས་༡༡ ཉིན་༸གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་གྷོ་བ་མཐོ་སློབ་Kala Academy ཞེས་པའི་རིག་གཞུང་བསྟི་གནས་ཁང་དུ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ལས་དེང་དུས་དང་འབྲེལ་ཡོད་སྐོར་ལ་བཀའ་སློབ་བསྩལ་འདུག

Read more

ཨ་རིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་རྒྱ་གར་གྱི་ཆོས་ལུགས་གཞི་རྩར་བཞག་པའི་ཁྲིམས་འཆར་ལ་སྐྱོན་བརྗོད། 

ཨ་རིའི་ཆོས་དད་རང་དབང་ལྷན་ཚོགས་ནས་གལ་སྲིད་“༢༠༡༩ ལོའི་མི་སེར་ཐོབ་ཐང་བསྐྱར་བཅོས་”ཞེས་པའི་རྒྱ་གར་གྱི་ཁྲིམས་འཆར་གསར་པ་དངོས་སུ་ཁྲིམས་ལ་གཏན་འབེབས་བྱས་པ་ཡིན་ན། ཨ་རི་གཞུང་ནས་ཁྲིམས་འཆར་དེའི་འབྲེལ་ཡོད་མི་སྣ་རྣམས་ལ་ཉེས་ཆད་གཅོད་དགོས་སྐོར་བརྗོད་ཡོད་འདུག

Read more

ཊོམ་ལ་ཉེས་འཛུགས་ཀྱི་དོན་ཚན་གསལ་བསྒྲགས་བྱས་འདུག 

ཨ་རིའི་གྲོས་ཚོགས་འོག་མའི་ནང་མང་གཙོ་ཚོགས་པའི་འགོ་ཁྲིད་ཚོས། སྲིད་འཛིན་ཊོམ་གྱིས་དབང་ཆ་ལོག་སྤྱོད་དང་། གྲོས་ཚོགས་ཀྱི་ལས་དོན་ལ་འགོག་རྐྱེན་བཟོས་པའི་ཉེས་འཛུགས་བྱེད་རྒྱུའི་གསལ་བསྒྲགས་བྱས་འདུག 

Read more

༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་འབུལ་བཞེས་མཛད་ནས་ལོ་ ༣༠ འཁོར་བའི་དུས་ཆེན་མཛད་སྒོ། 

༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ཧྲིལ་པོ་༣༠ འཁོར་བའི་དུས་དྲན་མཛད་སྒོའི་ཐོག སྐུ་མགྲོན་གཙོ་བོ་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་སྐུ་ཞབས་རྒྱལ་པི་དབང་རྒྱལ་གྱིས་“༧གོང་ས་མཆོག་གི་མཚན་དང་འཚེ་མེད་ཞི་བ་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པ་དང་། ཁོང་གི་སྐུ་གསུང་ཐུགས་ཀྱི་མཛད་སྤྱོད་ནི་སྐྱེ་འགྲོ་སེམས་ཅན་ཡོངས་ཀྱི་བདེ་སྐྱིད་ཀྱི་འབྱུང་ཁུངས་ཡིན་”སྐོར་གསུངས་སོང་། 

Read more

རྒྱ་ནག་དམར་པོའི་སྲིད་གཞུང་“འཐོར་”ལ་ཉེ་བ་ཡོད་སྐོར་གསུངས་འདུག

རྒྱ་ནག་ལ་ཉམས་ཞིབ་བྱེད་མཁན་གྱི་མཁས་དབང་ཆེན་པོ་ཞིག་གིས་རྒྱ་ནག་དམར་པོའི་སྲིད་གཞུང་“འཐོར་ཞིག་”གི་ཕྱོགས་སུ་འགྲོ་བཞིན་ཡོད་པ་དང་། ནུབ་ཕྱོགས་ཀྱིས་དེ་ལ་ཇི་ལྟར་གདོང་ལེན་བྱེད་དགོས་པའི་ཐད་གྲ་སྒྲིག་བྱེད་དགོས་སྐོར་གསུངས་ཡོད་འདུག 

Read more
Page 6 of 1,107« First...45678...Last »