གནས་མཆོག་ལུམྦི་ནིའི་སློབ་ཐོན་མཛད་སྒོ།

ཕྱི་ལོ་༢༠༠༨ཟླ༡༡ཚེས་༢༧ཉིན་གནས་མཆོག་ལུམྦིནིའ་དཔལ་ས་སྐྱའི་འཛམ་གླིང་ཞི་བདེ་སྨོན་ལམ་ཆེན་མོ་སྐབས་བཅུ་བདུན་པ་དབུ་བཙུགས་པའི་ཉིན་དང་པོར་འདུས་མང་ལྔ་སྟོང་ལྷག་ཙམ་གྱི་མཁན་ཆེན་ཞི་བར་གཤེགས་པ་ངག་དབང་ཀུན་དགའ་དབང་ཕྱུག་མཆོག་གི་དགོངས་རྫོགས་འབུམ་མཆོད་དང༌། ཡང་འདི་ཟླའི་ཚེས་༡ དུས་ཆེན་གསུམ་འཛོམས་ཀྱི་ཉིན་མོ་དཔལ་ས་སྐྱ་མཐོ་སློབ་ཀྱི་སློབ་པ་མཐར་སོན་སྐབས་བདུན་པའི་མཛད་སྒོའི་ཚོགས་མགོན་དུ་ཇི་ལྟར་གསོལ་བ་བཏབ་པ་བཞིན།

Read more

རྒྱུས་ཡོད་ཀུན་མཉམ་རུབ་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་རོགས།

ད་ལོ་གཞིས་ལུས་ཆོལ་གསུམ་བོད་མི་ཡོངས་ཀྱིས་གཞི་རྒྱ་ཆེ་ལ་དོན་སྙིང་ལྡན་པའི་ལས་ འགུལ་སྤེལ་གནང་བའི་སྐོར་ས་གནས་བབ་བསྟུན་གྱི་རྒྱུས་མངའ་སུ་ལ་ཡོད་པ་རྣམས་ནས་མཉམ་རུབ་ཀྱིས་གནས་ཚུལ་ཁ་གསལ་རྣམས་མཁོ་སྤྲོད་གནང་རོགས། དེ་ཡང་འདི་ག་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱིས་ འགན་ཁུར་རྐང་བཞེས་འོག་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གི་ལས་དོན་འཕྲོ་སྐྱོང་དགོས་ཁོངས། ད་ལོ་བོད་ནང་གཞིས་ལུས་བོད་མི་རྣམས་ཀྱིས་ས་གནས་གང་དུ་ལས་འགུལ་ཇི་སྤེལ་དང༌། རྒྱ་གཞུང་གིས་དྲག་གནོན་ཇི་བྱས་སོགས་ཀྱི་གནས་ཚུལ་ཁག་ད་ཕན་འབྲེལ་ཡོད་ལྷག་བསམ་ ཅན་རྣམས་ཀྱིས་མཁོ་སྤྲོད་རིམ་གནང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། ད་དུང་ཡང་བོད་ནང་དྲག་གནོན་མུ་མཐུད་བྱེད་བཞིན་པ་དང༌། སྔོན་ལ་གནས་ཚུལ་མཁོ་སྤྲོད་གནང་བ་མང་པོ་ཞིག་ནང་ཟླ་ཚེས་སོགས་ཁ་གསལ་མེད་པ། གར་སོང་ཆ་མེད་དུ་གྱུར་པ་མང་པོ་ཞིག་ད་ལྟ་བརྩད་གཅོད་ཐུབ་ཡོད་མེད། མུ་མཐུད་ཁྲིམས་གཅོད་བྱེད་བཞིན་པའི་གནས་ཚུལ་རྣམས་ཉིན་རེ་ཉིན་རེ་བཞིན་ཤེས་ རྟོགས་ཐུབ་དགོས་པར་བརྟེན། དེ་འབྲེལ་གྱི་གནས་ཚུལ་ཁ་གསལ་སུ་ལ་ཤེས་རྟོགས་ཡོད་ཚེ་ཟིན་བྲིས་འདིའི་བརྒྱུད་ ཡོངས་གྲགས་སམ། ཡང་ན་གཤམ་གསལ་དྲ་འཕྲིན་བརྒྱུད་གང་མགྱོགས་མཁོ་སྤྲོད་སྐྱབས་འཇུག་ཡོང་བ་མཁྱེན༎ monlambon@gmail.com

Read more

ཆོས་ལ་བོན་འདྲེས་བོན་ལ་ཆོས་འདྲེས།

སློབ་དཔོན་གཙུག་ལག་འཕྲེང་བས།་བོད་ཀྱི་ལོ་རྒྱུས་དེབ་ཐེར་མཁས་པའི་དགའ་འབྱེད་ནང༌།་ (ཆོས་ལ་བོན་འདྲེས་བོན་ལ་ཆོས་འདྲེས་)གསུངས་པ་ལྟར་ཆོས་བོན་རྣམ་དབྱེ་འབྱེད་པར་ཤིན་ཏུ་དཀའ་ལ་དེ་བས་ཀྱང་རྫོགས་པ་ཆེན་པོ་དང་འདྲ་བའི་ཆ་མང་པོ་ཡོད་ཚོད་འདུག་པས། དེས་ན་(ཉིན་སྒོམ་ན་ཉིན་སངས་རྒྱས་པ་དང་མཚན་སྒོམ་ན་མཚན་སངས་རྒྱས་པ། བསྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་ན་མ་སྒོམ་ཡང་སངས་རྒྱས་)པའི་གསུངས་ཞིག་ཨེ་ཡོད་ན༎  (འབུམ་ཆེན་བླ་མེད་སྡེ་བཞི་དང༌། བོད་ཐེག་པ་རིམ་དགུ་གཏན་ལ་ཕབ་ནས་བོད་ཡུལ་གཤེན་རབ་དམུ་ཡིས་མངའ་རིས་སུ་བསྡུ་)ཞེས་པའི་དེ་ནམ་ཞིག་ཡིན་ན།  

Read more

གཡུང་དྲུང་བོན།

༄༅། །གཡུང་དྲུང་བོན་གྱི་བསྟན་པའི་སྲོལ་ནི། བོན་གྱི་སྟོན་པ་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་ལས་བྱུང་བ་ཡིན། སྤྱད་ཅིང་ཉམས་སུ་བླངས་པ་ལ་བརྟེན་ནས་ལུས་ཅན་གྱི་སྡུག་བསྔལ་ལས་སྐྱོབ་པར་བྱེད་པའི་ཐབས་སུ་གྱུར་པའི་རྣམ་དཀར་གྱི་ཡོ

Read more

ད་ལྟ་ང་ཚོས་བོད་ཡིག་སྤྱོད་དགོས།

ཡིག་གཟུགས་ཆེན་པོ་བཟོ་དགོས་ན་་heading 123 འདེམས་པ་དང་fontགཅིག་འདེམས་དགོས། དེ་ནས་ཡིག་རྩོམ་ཡིག་བྲིས་དང། གལ་སྲིད་དཀའ་ངལ་འདྲ་འཕྲད་ན་ང་ཚོར་འབྲེལ་བ་གནང་རོགས།  

Read more

བལ་ཡུལ་སྲོང་བཙན་སློབ་གྲྭའི་ལོ་འཁོར་རྩེད་འགྲན།

ལོ་ལྟར་བཞིན་སྲོང་བཙན་སློབ་གྲྭའི་ཁང་ཚན་བཞིའི་སློབ་མ་ནང་ཁུང་ལུས་རྩེད་འགྲན་བསྡུར་བྱེད་སྲོལ་ཡོད་པ་བཞིན། ཟླ་འདིའི་ཚེས་༥ ཉིན་སློབ་གྲྭ་རྩེད་འགྲན་ཐེངས་༢༣ པ་དེ་སློབ་དེ་གའི་རྩེད་ཐང་དུ་གནང་ཡོད་པ་རེད། དེར་སྐུ་མགྲོན་གཙོ་བོར་ཆུ་བཟང་རིན་པོ་ཆེ་མཆོག་དང༌། བལ་ཡུལ་གནས་སྡོད་སྤྱི་འཐུས་རྣམ་པ། ཕ་མ་ཚོགས་ཆུང་བཅས་མི་མང་ཕོན་ཆེ་འདུ་འཛོམས་ཐོག། ཐོག་མར་སློབ་མ་ཡོངས་ནས་རིམ་པས་ཁང་ཚན་སོ་སོའི་མིང་བྱང་ཁྱེར་ནས་རུ་སྒྲིག་གིས་གོམ་བགྲོད་བྱས་རྗེས། སྐུ་མགྲོན་གཙོ་བོ་ཆུ་བཟང་རིན་པོ་ཆེས་ཨོ་ལིམ་ཕིག་གི་དར་ཆ་མཁའ་དབྱིངས་སུ་བསྒྲེངས་ཤིང༌། རྩེད་འགྲན་དབུ་འཛུགས་ཀྱི་ཁྱབ་བསྒྲགས་ཀྱང་གནང་བ་རེད།

Read more

ཐོག་མའི་གཏམ།

དམིགས་འདུན་དང་རེ་བསྙེགས་རྒོད་པོ་རྟ་ཕོའི་བང་རྩལ་བཞོན། སྨག་རུམ་དང་གདུག་རྩུབ་ཀྱི་ཐང་ཆེན་ཕྲེད་དུ་བཅད་ཅིང་ཞི་བདེ་དང་རང་དབང་གི་དཔལ་ཡོངས་སུ་རྫོགས་པའི་མི་ཡུལ་གཞན་ཞིག་གི་སྒོ་མོ་བརྡུངས་ཉིན་ནས་ང་ཚོས་ཕ་ཡུལ་དང་ཁ་ཐག་རིང་ཞིང་ཆ་རྒྱུས་མེད་པའི་ཡུལ་གྲུལ་འདིར་དགའ་བགོད་དང་སེམས་གཏམ་ རྨི་ལམ་ལྟ་བུའི་མ་འོངས་པའི་ལབ་གླེང་རེ་རེས་ཕན་ཚུན་གྱི་སེམས་ཁམས་ལ་བགས་ཆགས་ཀྱི་སྐོར་བྲོ་རེ་རེ་རྩེས་པ་ནས་ཁ་ཞེ་གཉིས་མེད་ཀྱི་(གྲོགས་)སུ་གྱུར་བ་དག་ནི་ཇི་འདྲའི་ཡོད་དུ་ཐད་པའི་ལས་དབང་ཞིག་ཨང་ དེས་ན་དྭངས་གཙང་དྲི་མེད་ཀྱི་དྲྭ་རྒྱའི་གླེང་སྟེགས་དང་གྲུ་ཁ་རེ་རེ་ནི་དྲན་རིན་ཡོད་པའི་ས་མཐའི་འཚོ་བ་སྐྱ་བོ་ཞིག་གི་རྡོ་རིང་ཞིག་ཀྱང་ལོས་ཡིན།

Read more

ཞི་བདེའི་གཟེངས་རྟགས་དུས་ཆེན་ཐོག་སྤྱི་འཐུས་ཀྱི་གསུང་བཤད།

༄༅། །ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ངོ་བཅུ་དགུ་འཁོར་བའི་དུས་དྲན་མཛད་སྒོའི་ཐོག་སྤྱི་འཐུས་ལྷན་ཚོགས་ཀྱི་ཡོངས་ཁྱབ་གསུང་བཤད།

དེ་རིང་ཕྱི་ལོ་༢༠༠༨ ཟླ་ ༡༢ ཚེས་༡༠ ཉིན་མོ་འདི་ནི་གཞིས་བྱེས་བོད་མི་ཡོངས་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་རླབས་ཆེན་གྱི་དབུ་འཁྲིད། ས་སྟེང་༧རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་སྤྱི་ནོར་༧གོང་ས༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་པར་གྲགས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་བསྐྱངས་ཏེ་མི་ལོ་བཅུ་དགུ་ཧྲིལ་པོ་འཁོར་བའི་དུས་དྲན་དང་བོད་ཀྱི་ལོ་རྒྱུས་ནང་གཟི་བརྗིད་ལྡན་པའི་ཉིན་མོ་ཁྱད་པར་ཅན་འདིར་ཕྲན་གྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོར་བཀྲིན་རྗེས་དྲན་གྱི་གུས་ཕྱག་སྔོན་དུ་བཏང་ནས། དགའ་སེམས་རབ་ཏུ་འཁོལ་བའི་ངང་གཞིས་བྱེས་བོད་རིགས་སྤུན་ཟླ་ཡོངས་ལ་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།

Read more

ནོ་སྦེལ་ཞི་བདེའི་གཟེངས་རྟགས་དུས་ཆེན་གྱི་མཛད་སྒོ།

ཟླ་འདིའི་ཚེས་༡༠ ཉིན་ནི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་སྙན་གྲགས་ཆེ་ཤོས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་བཞི་བཅུ་ཞེ་བརྒྱད་འཁོར་བ་དང༌། ཧི་མ་ཅལ་མངའ་སྡེའི་གཞུང་ནས་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ལ་ཆེ་བསྟོད་རྒྱལ་ཡོངས་ཧི་མ་ལ་ཡའི་དགའ་སྟོན་ཐེངས་བཅུ་བཞི་པ་གཉིས་ཀྱི་དུས་དྲན་བོད་གཞུང་མང་གཉིས་ནས་དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་སྲུང་བརྩི་ཞུས་ཡོད་པ་རེད།

Read more

ཞི་བདེའི་གཟེངས་རྟགས་དུས་ཆེན་ཐོག་བཀའ་ཤག་གི་གསུང་བཤད།

རབ་བྱུང་བཅུ་བདུན་པའི་ས་བྱི་ལོའི་བོད་ཟླ་༡༠ཚེས་༡༣ཕྱི་ལོ་༢༠༠༨ཕྱི་ཟླ་༡༢པའི་ཚེས་༡༠ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་བཅུ་དགུ་འཁོར་བའི་དུས་དྲན་མཛད་སྒོའི་ཐོག་བཀའ་ཤག་གི་གཏམ་བཤད།

༄༅།།ཁམས་གསུམ་སྐྱེ་འགྲོ་སྤྱི་དང༌།ཁྱད་པར་གངས་ཅན་པ་རྣམས་ཀྱི་མགོན་སྐྱབས་དཔུང་གཉེན་ཉག་གཅིག་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་བཅུ་དགུ་འཁོར་བའི་རྗེས་དྲན་གྱི་དུས་ཆེན་དང༌།རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ།ཧི་མཱ་ལ་ཡའི་དུས་སྟོན་བཅས་གལ་ཆེའི་དུས་ཚིགས་གསུམ་འཛོམས་ཀྱི་ཉིན་མོ་འདིར་གཞིས་བྱེས་བོད་མི་ཡོངས་དང༌།ཞི་བདེ་ལ་དགའ་བའི་འཛམ་གླིང་སྐྱེ་འགྲོ་ཚང་མར་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་གུས་བརྩི་དང་བཅས་ཏེ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

Read more
Page 983 of 1,014« First...981982983984985...Last »