ལྔ་བཅུའི་དུས་དྲན་སྲུང་བརྩི་གྲ་སྒྲིག

རྒྱ་ནག་གཞུང་དང་བཙན་བྱོལ་བོད་གཞུང་གཉིས་ཀྱི་ངོས་ནས་དམིགས་ཡུལ་དང་དགོས་པ་མི་མཐུན་མོད། ལྔ་བཅུའི་དུས་དྲན་སྲུང་བརྩི་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད། བཙན་བྱོལ་བོད་གཞུང་གི་ངོས་ནས་བཙན་བྱོལ་བོད་གཞུང་རྒྱ་གར་དུ་བཙུགས་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་༢༠༠༩ ལོའི་ཕྱི་ཟླ་༣ པའི་ཚེས་༩ ཉིན་ནས་འགོ་འཛུགས་བྱེད་རྒྱུ་ལོ་གཅིག་གི་སྔོན་ནས་གཏན་ཁེལ་ཟིན་ཡོད་པ་དང༌། གཟའ་འཁོར་འདིའི་ནང་རྒྱ་ནག་གཞུང་གིས་བོད་བཅིངས་གྲོལ་བཏང་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་ཞེས་པ་ཞིག་སྲུང་བརྩི་དང༌། བོད་ཀྱི་ས་ཆར་གཞུང་འབྲེལ་གུང་གསེང་གཏོང་རྒྱུ་ཡིན་སྐོར་དང༌། ཞིབ་ཕྲའི་དུས་དྲན་སྲུང་བརྩི་བྱེད་ཕྱོགས་ཟླ་འདིའི་ཚེས་༡༤ ཉིན་འགོ་འཛུགས་བྱས་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཞེས་པའི་སྐབས་ཐག་གཅོད་བྱེད་རྒྱུ་ཡིན་སྐོར་གྱི་གསལ་བསྒྲགས་སྤེལ་ཡོད་པ་རེད།

Read more

སྒེར་བཙུགས་སློབ་གྲྭ་ཞིག་སྒོ་བརྒྱབ་རྗེས་ཀྱི་སློབ་མའི་དཀའ་ངལ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་བལ་ཡུལ་གསར་འགོད་པས་གནས་ཚུལ་སྤེལ་བ་ལྟར་ན། མདོ་སྨད་རྔ་པ་ཁུལ་ཧུང་ཡན་རྫོང་སྦྲ་ཆེན་ཤང་དུ་སྦྲ་ཆེན་དགོན་པའི་ཚན་རྩལ་སློབ་གྲྭ་ཞེས་པའི་རིག་གཞུང་རྒྱུན་འཛིན་བྱེད་ཡུལ་སྒེར་བཙུགས་སློབ་གྲྭ་ཞིག་ཡོད་པ་དེ་སྔ་ལོའི་ཕྱི་ཟླ་གསུམ་པའི་ནང་སློབ་ཕྲུག་ཚོས་ཁུལ་དེའི་དགོན་སྡེ་ཁག་དང་ས་གནས་མི་མང་ལ། བོད་དོན་བདེན་པའི་འཐབ་རྩོད་ཀྱི་སྐུལ་སློང་དྲིལ་བསྒྲགས་དང༌། སྦྲ་ཆེན་ཤང་གི་ལས་ཁུངས་མདུན་དུ་བཙུགས་པའི་རྒྱ་གཞུང་གི་རྒྱལ་དར་ཕབ་པ་བཅས་ཀྱི་ལས་འགུལ་སྤེལ་སྟབས། རྒྱ་གཞུང་གིས་སློབ་གྲྭ་དེ་སྒོ་རྒྱག་ཏུ་བཅུག་པ་དང༌། ཉིན་བཅུ་ཙམ་རྗེས་ནས་སྒོ་ཕྱེ་ཆོག་ཚུལ་བརྗོད་ཀྱང་ད་བར་སྒོ་ཕྱེ་བཅུག་མེད་པ་རེད། སློབ་མ་རྣམས་སློབ་གྲྭ་གཞན་དུ་ཞུགས་ཀྱང་སློབ་ཡོན་གྱི་དཀའ་ངལ་ཆེན་པོ་ཡོད་པ་དང༌།

Read more

ཕྱི་ཚེས་བཅུ་ཉིན་ལྡན་ཆོས་འཁོར་དགོན་དུ་རྒྱ་གཞུང་ལ་ཞི་རྒོལ།

ཟླ་འདིའི་ཚེས་༥ ཉིན་ལྡན་ཆོས་འཁོར་དགོན་གྱི་ཉེ་སར་ཡོད་པའི་ཆོས་འཁོར་ཤང་ཐོག་ཏུ་མཚན་མོའི་ཆུ་ཚོད་༡།༠༠ ཐོག་འབར་རྫས་གས་གཏོར་ཐེངས་གཉིས་བྱུང་ནས་ས་གནས་ལས་ཁུངས་དེའི་རླངས་འཁོར་བཞི་གཏོར་བ་མ་ཟད། ལས་ཁུངས་ལའང་གནོད་སྐྱོན་ཚབས་ཆེ་བཏང་ཡོད་ཀྱང་མི་ལ་གནོད་སྐྱོན་ཕོག་མེད་པ་རེད།  དོན་རྐྱེན་དེའི་ཐད་ལ་འབྲེལ་ཡོད་དཔོན་རིགས་ཁག་ཅིག་གིས་བརྟག་དཔྱད་ཞིབ་འཇུག་བྱས་ཡོད་ནའང༌། འབར་རྫས་གཏོར་མཁན་སུ་ཡིན་ད་དུང་རྩད་ཆོད་མི་འདུག སྤྱིར་ལས་ཁུངས་དེར་ཁ་སྔོན་ཟླ་གཉིས་ཙམ་གྱི་སྔོན་ལ་སྦྱར་ཡིག་འདྲ་མིན་སྦྱར་ཡོད་པ་དང་མི་སུ་ཡིན་མི་ཤེས་པའི་ཐོག་ནས་ཁ་པར་མང་པོ་ཞིག་འབྱོར་ཡོད་པ་རེད་འདུག
Read more

དམྱལ་བ་ས་སྟེང་དུ་འཕོས་པ་ལྟ་བུའི་འཚོ་བ་སྐྱེལ་བཞིན་པ་རེད།

དཀར་མཛེས་དགོན་པའི་གྲྭ་ཚེ་བརྟན་ཕུན་ཚོགས་ཟླ་འདིའི་ཕྱི་ཚེས་༧ ཉིན་དྷ་སར་འབྱོར་ཡོད་པ་དང༌། ཁོང་ད་ལྟ་རང་ལོ་བཞི་བཅུ་ཡིན་ལ། བོད་ཤར་ཕྱོགས་དཀར་མཛེས་རྫོང་རྒྱ་མཁར་གྲོང་ནས་ཡིན་པ་རེད། ཁོང་༢༠༠༨ ལོར་དཀར་མཛེས་རྫོང་ཐོག་ནས་རྒྱ་རྒོལ་སྐབས་ལས་འགུལ་ནང་དངོས་སུ་ཞུགས་ཡོད་པ་རེད། ཁོང་ལ་དེའི་སྐོར་བཅར་འདྲི་བྱས་པར། ཁོང་གིས་ད་ལོའི་ཕྱི་ཟླ་༣ ཚེས་༡༨ ཉིན་དཀར་མཛེས་རྫོང་དུ་བྱུང་བའི་ཞི་བའི་ངོ་རྒོལ་སྐབས་ཀྱི་གནས་ཚུལ་ངོ་སྤྲོད་གནང་དོན།༢༠༠༨ ལོའི་ནང་ཞི་བའི་ངོ་རྒོལ་བྱེད་དགོས་དོན་གཙོ་བོ། ཕྱི་ལོ་༡༩༤༩ ནས་བཟུང་ད་བར་དུ་བོད་ནང་དྲག་པོའི་བཙན་གནོན་བྱས་དང་བྱེད་བཞིན་པ་དང༌།བོད་ལ་འགྲོ་བ་མིའི་ཐོབ་ཐང་མེད་པ་དང༌། བོད་ལ་རང་དབང་མེད་པ། ཆོས་ལུགས་དད་པ་རང་མོས་མེད་པ། དེ་ལ་བརྟེན་ནས་སེམས་ཀྱི་སྡུག་བསྔལ་ཕྱི་ལ་བཏོན་པ་རེད་ཅེས་འགྲེལ་བརྗོད་གནང་སོང༌།

Read more

༄༅།།ཏཱ་ལའི་བླ་མ་དང་“བོད་ཀྱི་གཞོན་ནུ་ཚོགས་པ།”

I would like to put some copies from www.Tibet.net, but it was not available even some of them especially announcement for the public! ཏཱ་ལའི་རུ་ཚོགས་རྒྱ་གར་དུ་བྲོས་བྱོལ་བྱུང་རྗེས།ཡུལ་གྱར་སྲིད་གཞུང་ཟེར་བ་ འདི་བཙུགས་པ་དང་།     ཡུལ་གྱར་རྩ་ཁྲིམས་ཟེར་བའི་རྩ་ཁྲིམས་སྤེལ་བ་རེད།    དེ་རྗེས་ཕྱིའི་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཚོགས་པ་ཁ་ཤས་ཤིག་གི་རྩ་འཛུགས་ཀྱི་རྣམ་ པར་ལད་ཟློས་ཀྱིས།   ༡༩༧༠ལོར་རྡ་ལན་ས་ལར་བཙུགས་པའི་བོད་ཀྱི་གཞོན་ནུ་ཚོགས་པ་(མདོར་བསྡུས་ན་བོད་གཞོན་ཚོགས་པ་ཟེར)དེ་ནི་དེའི་ཁྲོད་ཀྱི་གཅིག་ཡིན་པ་རེད།

Read more

༄༅།།ཏཱ་ལའི་བླ་མ་དང་“བོད་ཀྱི་གཞོན་ནུ་ཚོགས་པ།”

Source of the copy: www.tibetinfor.com

I would like to put some copies from www.Tibet.net, but it was not available even some of them especially announcement for the public!

 

ཏཱ་ལའི་རུ་ཚོགས་རྒྱ་གར་དུ་བྲོས་བྱོལ་བྱུང་རྗེས།ཡུལ་གྱར་སྲིད་གཞུང་ཟེར་བ་འདི་བཙུགས་པ་དང་།     ཡུལ་གྱར་རྩ་ཁྲིམས་ཟེར་བའི་རྩ་ཁྲིམས་སྤེལ་བ་རེད།    དེ་རྗེས་ཕྱིའི་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཚོགས་པ་ཁ་ཤས་ཤིག་གི་རྩ་འཛུགས་ཀྱི་རྣམ་པར་ལད་ཟློས་ཀྱིས།   ༡༩༧༠ལོར་རྡ་ལན་ས་ལར་བཙུགས་པའི་བོད་ཀྱི་གཞོན་ནུ་ཚོགས་པ་(མདོར་བསྡུས་ན་བོད་གཞོན་ཚོགས་པ་ཟེར)དེ་ནི་དེའི་ཁྲོད་ཀྱི་གཅིག་ཡིན་པ་རེད།

 བོད་ཀྱི་གཞོན་ནུ་ཚོགས་པནི་དམངས་ཁྲོད་རྩ་འཛུགས་ཀྱི་རྣམ་པ་ལས་བྱུང་བའི་དྲག་ཤུལ་བྱེད་སྒོ་སྤེལ་བའི་ཚོགས་པ་ཞིག་ཡིན་ཞིང་།    དེ་ནི་ཏཱ་ལའི་ཡིས་ཐད་ཀར་ལྐོག་བཀོད་བཏང་བའི་འོག་ཏུ་བཙུགས་པ་ཞིག་ཡིན་ཞིང་།    ཏཱ་ལའི་ཡིས་ལོ་རྒྱུས་སྟེང་གྲུབ་པའི་ས་ཁུལ་དང་ཆོས་ལུགས་གྲུབ་མཐའི་དབྱེ་མཚམས་མེད་པར་བྱེད་འགོ་བརྩབས་ནས་ཕྱི་རྒྱལ་དུ་གྱར་བའི་བོད་རིགས་གཞོན་ནུ་རྣམས་རྩ་འཛུགས་ཀྱིས།   ཁོ་ཚོ་བོད་ལྗོངས་ཀྱི་ལོ་རྒྱུས་ལ་ཆ་རྒྱུས་མེད་ཀྱང་མི་རིགས་རིང་ལུགས་ཀྱི་ཕྱོགས་འཁྱེར་བརྟན་པོ་ཞིག་ཡོད་པའི་ངང་ཚུལ་དེ་བེད་སྤྱད་ནས།    ཁོ་ཚོབོད་རང་བཙན་མངོན་འགྱུར་བྱེད་པའི་གདུང་མ་གཙོ་བོལྟ་བུ་དང་བོད་རང་བཙན་ཡོང་བར་བརྩོན་ལེན་བྱེད་པའི་གདོང་མཆོང་པརའགྱུར་དུ་བཅུག་ཡོད་པ་རེད།

 “བོད་ཀྱི་གཞོན་ནུ་ཚོགས་པནི་ཏཱ་ལའི་རུ་ཚོགས་ཀྱི་དབང་ཤུགས་ཀྱི་སྲོག་ཤིང་ཡིན་ཞིང་།བོད་ཀྱི་གཞོན་ནུ་ཚོགས་པབཙུགས་པའི་ཚུན་ལ་ཁྱོན་ཡོངས་ནས་བོད་ལྗོངས་ཡུལ་གྱར་སྲིད་གཞུང་ཞེས་བྱ་བའི་གྲས་སུ་ཚུད་ཡོད་ཅིང་།ཡུལ་གྱར་སྲིད་གཞུང་གི་རིམ་པ་སོ་སོའི་འགོ་དཔོན་ཁྲོད་དུ།བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་མི་ཡིས་བརྒྱ་ཆའི༩༠ཟིན་ཡོད་པ་དང་།    ལྷག་པར་དུ་༡༩༩༢ལོའི་ཚུན་ལ་ཙུང་ལིའིགོ་གནས་ཀྱི་འགན་བཞེས་མཁན་ཚང་མ་བོད་ཀྱི་གཞོན་ནུ་ཚོགས་པ་ནས་ཐོན་པ་དང་།    དེང་སྐབསཡུལ་གྱར་སྲིད་གཞུང་གི་ཙུང་ལིའི་འགན་ཁུར་ཡོད་པའི་ཟམ་གདོང་རིན་པོ་ཆེ་ཡིས་བོད་ཀྱི་གཞོན་ནུ་ཚོགས་པའི་སྐབས་དང་པོའི་ཀྲུའུ་ཞི་གཞོན་པའི་འགན་ཁུར་མྱོང་བ་དང་།   ཙུང་ལི་གཞོན་པ་དང་ཏཱ་ལའི་བླ་མའི་གཞུང་ལས་ཁང་གི་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་འཁུར་བའི་བཀྲས་མཐུན་བསྟན་འཛིན་སྐལ་རྒྱམ་དང་།    ཕྱི་འབྲེལ་དང་གསར་འགྱུར་པུའུ་ཀྲང་གི་འགན་ཁུར་ཡོད་པའི་བཀྲས་མཐུན་བསྟན་འཛིན་རྣམ་རྒྱལ།གཞན་ཡང་ཏཱ་ལའི་བླ་མ་མི་སྒེར་གྱི་འཐུས་མི་རྒྱ་རི་བློ་གྲོས་བཅས་ཚང་མ་བོད་ཀྱི་གཞོན་ནུ་ཚོགས་པ་འཛུགས་མཁན་གྱི་ཁོངས་མི་ཡིན་པ་རེད།

Read more

མཉམ་འབྲེལ་རྒྱལ་ཚོགས་ལ་མ་བརྩིས་པར་བློ་ཕམ།

    ཕྱི་ཚེས་༩ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེས་ཨི་ཟི་རལ་གྱི་སྲིད་བློན་ལ་གྷ་ཟའི་ནང་གི་དམག་ཕྱིར་འཐེན་བྱེད་རྒྱུར་འབོད་སྐུལ་གནང་ཡང༌། ཨི་ཟི་རལ་གྱིས་ཡ་ལན་མ་བྱས་པར་མུ་མཐུད་གཡུལ་འགྱེད་བྱས་པས་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེའི་མགྲིན་ཚབ་མས་བློ་ཕམ་ཡོད་སྐོར་བརྗོད་འདུག
    གྷ་ཟའི་ནང་ཨི་ཟི་རལ་དང་པཱ་ལི་སི་ཐན་གྱི་ཧ་མཱ་སི་གཉིས་ཀྱིས་དམག་འཐབ་བྱས་ནས་བདུན་ཕྲག་གསུམ་ཙམ་ཕྱིན་ཅིང༌། པཱ་ལི་སི་ཐན་གྱི་མི་མང་༩༢༠ དང་ཨི་ཟི་རལ་གྱི་དམག་མི་༡༣ བསད་ཡོད་པའི་གནས་ཚུལ་ཐོན་བཞིན་འདུག ཨི་ཟི་རལ་གྱི་དྲག་པོའི་གཡུལ་དམག་རྣམས་ཀྱིས་རྒྱལ་ཚོགས་དང་རྒྱལ་སྤྱིའི་འབོད་སྐུལ། གནོན་ཤུགས་གང་ལའང་ལ་མ་ལྟོས་པར་མུ་མཐུད་བཙན་རྒོལ་བྱེད་བཞིན་ཡོད་པ་རེད། ཕྱི་ཚེས་༡༡ ཉིན་རྒྱལ་ཚོགས་ཀྱི་དྲུང་ཆེ་བྷན་ཀི་མོན་ནས་ཨི་ཟི་རལ་གྱི་སྲིད་བློན་ཨེ་ཧུད་ཨོལ་མར་ཏ་ལ་ཁ་པར་བརྒྱུད་ནས་དམག་མཚམས་འཇོག་དགོས་པའི་སྐོར་ལ་བཀའ་མོལ་གནང་ཡོད་པ་དང༌། ཁོང་གིས་དྲག་པོའི་འཐབ་འཛིང་དེ་མཚམས་མ་བཞག་པར་བློ་ཕམ་ཡོད་ཅེས་བརྗོད་ཡོད་འདུག

Read more

ཕྲུ་གུ་གཉིས་གཉེན་སྒྲིག་གི་ཆེད་དུ་བྲོས་བྱོལ།

ཟླ་འདིའི་ཚེས་༩ ཉིན་ཨེ་པི་གསར་ཁང་ནས་གནས་ཚུལ་སྤེལ་གསལ་ལྟར་ན། འཇར་མི་ནི་ཡི་རྒྱལ་ས་བྷར་ལིན་ནས་ཕྲུ་གུ་བུ་ལོ་༧ དང་བུ་མོ་ལོ་༦ ལོན་པ་གཉིས་དགའ་རོགས་བསྒྲིགས་ནས་ཉེ་ཆར་ལོ་སར་གནམ་གང་ཉིན་རང་ཉིད་ཀྱི་ཁྱིམ་ནས་ཕ་མ་རྣམས་གཉིད་དུ་ཡོལ་བའི་སྐབས་དང་བསྟུན་ནས་གསང་བའི་ངང་ཨ་ཧཕ་རི་ཁར་བྲོས་བྱོལ་དུ་ཕྱིན་ཡོད་པ་རེད།

Read more

རྒྱ་ནག་ལ་དཔལ་འབྱོར་ཁྲོམ་རའི་དཀའ་ངལ།

      ཕྱི་ཚེས་༡༣ ཉིན་འཛམ་གླིང་གསར་འགྱུར་དྲ་གནས་སུ་གནས་ཚུལ་སྤེལ་གསལ་ལྟར་ན། ད་ལྟ་རྒྱ་ནག་གི་ཕྱི་འབྲེལ་ཚོང་དོན་དང་ནང་ཁུལ་ཚོང་འབྲེལ་གཉིས་ཀ་ཟླ་བ་སྔོན་མ་ནས་ཞན་དུ་ཕྱིན་ནས་མི་མང་གི་ལས་ཀ་ཤོར་རྒྱུའི་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད་པ་དང༌། མི་མང་ཁྲོད་ལ་ལས་ཀ་ཇི་ཙམ་མེད་པ་ཆགས་པ་དེ་ཙམ་གྱིས་སྤྱི་ཚོགས་བརྟན་ལྷིང་མེད་པ་ཆགས་རྒྱུ་ཡིན་པས། ལས་མེད་ཀྱི་དཀའ་ངལ་དང་སེམས་ཁྲལ་ཆེ་རུ་འགྲོ་མུས་ཡིན་འདུག

Read more

མིག་མ་བཙུམ་གོང་དུ།

ངས་འདི་ལྟར་རེ་བ་ཞིག་བྱེད་ཀྱི་ཡོད། མིག་མ་བཙུམ་གོང་དུ་རང་རིགས་གཞིས་བྱེས་གཉིས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་གངས་རིའི་ལྷ་སྐལ་ཕྱི་ལོག་ནས་རང་ཡུལ་དུ་གདན་འདྲེན་བྱེད་ཐུབ་ན་འདོད་ཀྱི་ཡོད་ལ། ཁོང་གི་རེ་བ་ཡང་མིག་མ་བཙུམ་ཡར་སྔོན་དུ་བོད་ལ་ཕེབས་རྒྱུ་དེ་རེད། དེས་ན་ངེད་ཅག་གི་རེ་བ་འདི་སྒྲུབ་ཐུབ་ཀྱི་རེད་དམ། ངེད་ཅག་ལ་འདི་སྒྲུབ་པའི་ནུས་པ་དང་རང་ཉིད་ལ་ཡིད་ཆེས་ཡོད་པ་རེད་དམ།

Read more
Page 987 of 1,041« First...985986987988989...Last »