དབུ་མའི་ལམ་གྱི་སྲིད་བྱུས་གོ་རྟོགས་སྤེལ་རྒྱུའི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་ཡོད།

ཕྱི་ཟླ་༧ ཚེས་༦ ཉིན་ནི་༸གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༧༩ ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་ཡིན་པས། དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བཀའ་སྤྱི་གཉིས་ཀྱིས་མི་མང་ལ་གཏམ་བཤད་དང་། སློབ་མས་གཞས་སྣ་འཁྲབ་སྟོན་སོགས་བྱས་ཏེ། འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་རེད།

Read more

རྒྱ་གར་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དེར་འགྱུར་བ་གཏོང་དགོས།

ཤིང་སྟག་སིམ་ལའི་ཆིངས་ཡིག་བཞག་ནས་མི་ལོ་བརྒྱ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་ཆེད་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གཉིས་ཀྱིས་ཕྱི་ལོ་༢༠༡༤ ཟླ་༧ ཚེས་༣ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་བགྲོ་གླེང་ལྷན་ཚོགས་ཤིག་གོ་སྒྲིག་བྱས་ཡོད་པ་དང། དེར་སྲིད་སྐྱོང་བློ་བཟང་སེང་གེས་གཏམ་བཤད་གནང་ཡོད་པ་རེད།

Read more

མཉམ་འབྲེལ་རྒྱལ་ཚོགས་མདུན་ཐང་དུ་བོད་དོན་ཞུ་གཏུགས་ལས་འགུལ།

ཕྱི་ཟླ་༧ཚེས་༣ཉིན་སུད་སིར་གནས་སྡོད་ལྷུན་གྲུབ་ཚང་ཀརྨ་བཀྲ་ཤིས་ཚེ་རིང་དང་།སྟག་ཚང་དཀོན་ཅོགབཀྲ་བསྟན་ཚང་པ་སངས་ནང་མི་གསུམ་གྱིས་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག་ལས་འགུལ་ཐེངས་༣༡པ་དེ་སྤེལ་ཡོད་འདུག

Read more

ཆར་བ་བབས་ན་དབང་ཞུ་བ་མི་མང་ལ་དཀའ་ངལ་འདུག

ཁ་སང་ཞོགས་པར་ཆར་བ་གཏོང་སྐབས་ནང་ལ་ཐིགས་ཆུ་ཡོང་སྟེ།ནང་གི་ཅ་ལག་ཚང་མ་རློན་པ་བཟོས་སོང་ལ།མི་ཁ་ཤས་ཀྱི་ཉལ་ས་ཡང་སྤོ་དགོས་བྱུང་སོང་།དེས་དཀའ་ངལ་འདུག་ཅེས་སྤི་ཏི་ནས་ཡིན་པའི་ཆོས་ཞུ་བ་དགེ་བཤེས་ངག་དབང་དཔལ་འབྱོར་གྱིས་བརྗོད་བྱུང་།

Read more

དུས་འཁོར་དབང་ཆེན་ཐེངས་༣༣པ་དབུ་འཛུགས།

མི་མང་ཚུར་བསྡུ་ཐབས་དེ་དུས་འཁོར་དབང་ཆེན་ཡོད་ཅེས་བསྡུ་ཡི་ཡོད་པ་དང་།བསྡུ་དགོས་པའི་དམིགས་ཡུལ་གཙོ་བོ་དེ་ནང་ཆོས་ངོ་སྤྲོད་བྱ་རྒྱུ་དེ་རེད་ཅེས།༧གོང་ས་མཆོག་གིས་ལ་དྭགས་སུ་དུས་འཁོར་དབང་ཆེན་ཐེངས་༣༣པའི་ཐོག་གསུངས་སོང་།

Read more

དུས་དབང་ཆེད་མ་གཏོགས་གཞན་ཞལ་འདེབས་བསྡུ་སློང་བཀག་རྒྱུ་ཡིན།

ཟླ་འདིའི་ཚེས་༣ དུས་དབང་ལ་དྭགས་གླེ་རུ་དུས་དབང་དངོས་སུ་འགོ་འཛུགས་གནང་ཡོད་པ་ནའང་། ཚེས་༢ ཉིན་ད་དུང་གོ་སྒྲིག་ཡག་པོ་ཚར་མེད་པ་རེད། ཡིན་ཡང་ཚེས་༣ ཉིན་ལས་ཀ་གཅིག་ཀྱང་མ་ལྷག་པར་ཆ་ཚང་གྲ་སྒྲིག་ཚར་བ་བྱ་རྒྱུ་ཡིན་ཞེས། དུས་དབང་གོ་སྒྲིག་པ་ལ་དྭགས་ནང་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་དོན་འགྲུབ་ཚེ་དབང་གིས་བརྗོད་བྱུང་།

Read more

བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟབ་སྦྱོང་།

ཟླ་འདིའི་ཚེས་༢ ཉིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་།ཧུན་སུར་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་གཉིས་ཟུང་གྱི་གོ་སྒྲིག་འོགབོད་ཀྱི་སྐད་ཡིག་དང་ནང་ཆོས་ཀྱི་ཟབ་སྦྱོང་ཞིག་འགོ་འཛུགས་བྱས་ཡོད་པ་རེད།

Read more

བོད་ཀྱི་ཆགས་འཇིག་དང་༧གོང་ས་མཆོག

རྒྱལ་དབང་སྐུ་ཕྲེང་ལྔ་པ་ནས་བཟུང་༧གོང་ས་༧སྐྱབས་མགོན་ཆེན་པོ་སྐུ་ཕྲེང་རིམ་བྱོན་གྱིས་བོད་གངས་ཅན་ལྗོངས་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གནང་ཡོད་པ་དང། བོད་མི་རིགས་ཀྱི་སེམས་ནང་དུ་དུས་ནམ་ཡང་ནུབ་པ་མེད་པའི་ཉི་མ་ལྟ་བུ་ཞིག་ཏུ་གྱུར་ཡོད།

Read more

༸གོང་ས་མཆོག་གི་སྐུ་པར་བཤམས་པར་དངུལ་ཆད་གཅོད་རྒྱུའི་ཉེན་བརྡ།

ཡོ་རུབ་ནང་གི་ཆེ་ཁི་(Czech) སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ཕ་རལ་རྒིའི་(Prague)དཔལ་འབྱོར་དང་ཤེས་རིག ཆབ་སྲིད་ཀྱི་ལྟེ་གནས་སུ་༸གོང་ས་མཆོག་དང་ཆེ་ཁི་སྲིད་འཛིན་ཧ་ཝལ་རྣམ་གཉིས་ཀྱི་སྐུ་པར་ཆེན་པོ་ཞིག་བཤམ་པར། གཞུང་དང་གྲོང་ཁྱེར་གྱི་གནའ་མཁར་སྲུང་སྐྱོབ་ལས་ཁུངས་ཀྱིས་དེ་ནི་གནའ་ཁང་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་དང་འགལ་ཚུལ་བཤད་དེ་བཀག་འགོག་བྱས་ཡོད་འདུག

Read more

སངས་རྒྱས་བཅོམ་ལྡན་འདས་སྤྱི་ཚོགས་གསར་བརྗེ་བ་ཞིག་ཀྱང་རེད།

ཕྱི་ཟླ་༦ ཚེས་༢༩ཉིན་༸གོང་ས་མཆོག་གིས་ལ་དྭགས་སླེའི་ཇོ་ཁང་དང་བ་ཀུ་ལ་དྲན་རྟེན་གླིང་གདཔེ་ཐུབ་དགོན་པ་བཅས་སུ་ཆིབས་སྒྱུར་གྱིས་མཆོད་མཇལ་དང་།བ་ཀུ་ལའི་དྲན་རྟེན་སྐུ་བརྙན་དང་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་བརྙན་གསར་བཞེངས་ཞིག་གསོ་ཞུས་པར་རབ་གནས། དེ་བཞིན་མི་མང་ལ་ལམ་སྟོན་གནང་ཡོད་པ་རེད།

Read more
Page 141 of 154« First...139140141142143...Last »