བྲག་གཡབ་རྟོགས་ལྡན་རིན་པོ་ཆེའི་གསུང་ཆོས།

ཟླ་འདིའི་ཚེས་༡༣ ཉིན་གྱི་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་རྟེན་གཞི་བྱས་པའི་འབྲས་སྤུངས་བློ་གསལ་གླིང་ཉག་རེ་ཁམས་ཚན་དུ། འབྲས་བློ་གླིང་མཁན་ཟུར་བྲག་གཡབ་རྟོགས་ལྡན་རིན་པོ་ཆེས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་བེའུ་བུམ་ལྗགས་ལུང་ཉིན་གསུམ་གྱི་རིང་གནང་ཡོད་པ་དང་། ཕྱི་ཚེས་༡༦ཉིན་ལོ་མ་གྱོན་པའི་དབང་། གཟའ་ཡུམ་གྱི་དབང་། ཕྱག་རྡོ་དང་ཕྱག་རྡོ་ཁྱང་ནག་གི་བཀའ་དབང་ཟབ་མོ་བཅས་གནང་གི་ཡོད་པ་རེད།

news photos from drephung speach tokden rinpཁོང་གསུང་ཆོས་དབུ་འཛུགས་མ་གནང་བའི་སྔོན་དུ་ཆོས་ཞུ་སྐབས་ཀུན་སློང་ཇི་ལྟར་བཅོས་དགོས་མིན་དང་འབྲེལ་བཀའ་སློབ་གནང་དོན། རྣམ་སྲས་ལྗགས་ལུང་བཤད་ཁྲིད་གནང་སྐབས་རྒྱུ་འབྱོར་སོགས་ཐོབ་རེའི་ཆེད་དུ་བསམ་བློ་བཏང་བ་ཡིན་ན་ནོར་བ་རེད། རྩ་བའི་ཆོས་བསྒྲུབ་པའི་མཐུན་རྐྱེན་ཙམ་དགོས་པ་རེད་མ་གཏོགས་གཞན་སྤྱིའི་དངོས་པོ་རྒྱུ་ནོར་ལོངས་སྤྱོད་ཐོབ་ལ་མི་རེ་བར་ཆོས་བསྒྲུབ་པའི་མཐུན་རྐྱེན་ཡག་པོ་ཞིག་བྱུང་བ་ཡིན་ན། སོ་སོའི་གང་ཐུབ་ཅི་ནུས་ཀྱིས་ཉམས་ལེན་ཡག་པོ་བྱས་ནས་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་རྒྱུ་གལ་ཆེན་པོ་ཡིན་པ་རེད། སྨོན་ལམ་རྒྱག་དགོས་པ་རེད། ང་རང་ཚོས་ཆོས་བསྒྲུབ་ཟེར་བ་དེ་དར་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་ཐོབ་ཡོད་པའི་རྒྱུ་རྐྱེན་ལ་བརྟེན་ནས་སོ་སོའི་ཆོས་མ་བསྒྲུབ་ན་མ་གཏོགས་རྒྱུ་རྐྱེན་ཚང་གི་ཡོད་པ་རེད། དེ་མ་ཡིན་པའི་མི་ཁོམ་པའི་གནས་སུ་སྐྱེས་ཡོད་པ་ཡིན་ན་བྱེད་བསམ་པ་ཡོད་ཀྱང་རྒྱུ་རྐྱེན་ཚང་གི་ཡོད་པ་མ་རེད། དེ་འདྲ་ཡིན་དུས་དར་འབྱོར་གྱི་མི་ལུས་ཐོབ་པ་དེ་སྐྱེ་བ་སྔ་མའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་རྒྱུ་ཚོགས་ཚང་མ་འཛོམས་ཡོད་པ་རེད། ད་ལྟ་ལེ་ལོ་དང་རྒྱུད་ལུགས་རྣམ་གཡེང་སོགས་ཀྱི་དབང་དུ་མ་སོང་བའི་ཐོག་ནས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཆོས་ཡང་དག་པ་ཞིག་བསྒྲུབ་ཐུབ་ཐབས་ལ་འབད་བརྩོན་གནང་དགོས་པ་རེད་ཅེས་སོགས་གསུངས་སོང་།

ཐེངས་འདིའི་བཀའ་ཆོས་དང་འབྲེལ་བའི་སྐོར་ལ་གསུང་ཆོས་གོ་སྒྲིག་པ་འབྲས་སྤུངས་ཉག་རེ་ཁམས་ཚན་གྱི་སྤྱི་རྒན་བློ་བཟང་ཟླ་བ་མཆོག་ལ་བཅར་འདྲི་ཞུས་པར།གསུང་ཆོས་ཞུ་མཁན་རྩ་བའི་གདན་ས་གསུམ་གྲྭ་ཚང་དྲུག་གི་ནང་ནས་དགེ་འདུན་པ་ཆེད་ཕེབས་གནང་ཡོད་པ་རེད།ཡིན་ན་ཡང་ཐེངས་འདིར་གསུང་ཆོས་ཞུ་མཁན་སྔོན་མ་ནང་བཞིན་ཕོན་ཆེན་པོ་དེ་འདྲ་ཕེབས་ཐུབ་ཡོད་པ་མ་རེད།གསུང་ཆོས་ཞི་རི་ཕེབས་མཁན་མང་ཆེ་བ་མཁན་ཟུར་ཁག་གཅིག་དང་གདན་ས་གྲྭ་ཚང་ཁག་གི་དཔེ་ཁྲིད་དགེ་རྒན་རྣམ་པ་ཕེབས་ཡོད་པ་རེད།གྲྭ་མང་ཧ་ཅང་མང་པོ་ཕེབས་ཐུབ་ཡོད་པ་མ་རེད།གང་ཡིན་ཟེར་ན་གྲྭ་ཚང་ཁག་གི་ནང་དགེ་བཤེས་དམ་འཇོག་གི་སྐབས་དང་ཁེལ་ཡོད་པ་རེད་ཅེས་སོགས་འགྲེལ་བརྗོད་གནང་སོང་།།

དེ་ཡང་འབྲས་བློ་གླིང་མཁན་ཟུར་རྟོགས་ལྡན་སྤྲུལ་སྐུ་རྗེ་བཙུན་གྲགས་པ་བློ་བཟང་བསྟན་པའི་རྒྱལ་མཚན་ནི་བོད་རབས་བྱུང་བཅུ་དྲུག་པའི་ཤིང་སྤྲེལ་ཕྱི་ལོ་༡༩༤༤ ལོར་བོད་ལྗོངས་བྲག་གཡབ་མ་དགོན་ཉེ་ཕྱོགས་ཟི་ཟོར་ཡུལ་དུ་སྐུ་འཁྲུངས་ཤིང་། ཕྱི་ལོ་༡༩༥༩ ལོར་བོད་དུ་དུས་འགྱུར་བྱུང་བ་ལྟར་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ཏེ་སྦག་ས་ཆོས་སྒར་དུ་ལོ་ངོ་དགུ་ཙམ་བཞུགས་ཤིང་། དེ་རྗེས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་འབྲས་བློ་གླིང་གྲྭ་ཚང་དུ་གཞུང་ཆེན་ཁག་ལ་གསན་བསམ་མཐར་ཕྱིན་མཛད་དེ་དགེ་ལུགས་རྒྱུགས་སྤྲོད་ཕེབས་ནས། ཕྱི་ལོ༡༩༨༡ ལོར་དགེ་བཤེས་ལྷ་རམས་པ་ཨང་གཉིས་པའི་མཚན་རྟགས་བཞེས།

ཕྱི་ལོ་༡༩༨༤ལོར་མོན་འབུམ་ཐེར་བསྟན་འཛིན་སྒང་དུ་ཡོད་པའི་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་ཆོས་ཐོག་ལོ་གཅིག་དང་། དེ་རྗེས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་ཊིཀྐ་གསུངས་ཏེ་སྔགས་རམས་པའི་དམ་བཅའ་བཞག །
ལྷོག་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲིས།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||