༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི།

ཨོ་སི་ཀྲོ་ལི་ཡའི་མལ་བྷོན་གྲོང་ཁྱེར་དུ་བཞུགས་པའི་གསེར་རྟ་མཁན་ལེབ་དགོན་པའི་དབོན་སྤྲུལ་ཆོས་དབྱིངས་རང་གྲོལ་རིན་པོ་ཆེ་མཆོག་གིས།   ཁོང་ཉིད་བཙན་བྱོལ་དུ་འབྱོར་བ་ནས་བཟུང་༧གོང་ས་མཆོག་གི་འཁྲུངས་སྐར་ལ་ལོ་ལྟར་ཡར་དཀོན་མཆོག་གསུམ་ལ་མཆོད་པ་རྒྱ་ཆེན་བཤམས་པ་དང་མར་མང་ཚོགས་དད་ལྡན་རྣམས་ལ་རིན་མེད་ཀྱི་ཞལ་ལག་དང་བཞུགས་ས།      གླུ་དང་བྲོ་གར་སོགས་ཀྱི་བླ་མ་དགྱེས་པའི་མཆོད་པ་ལོ་ལྟར་ཚོགས་པ་ཞིག་ལས་ལྷག་པའི་སྲུང་བརྩི་ཞུས་པ་ནི་ང་ཚོ་བོད་པ་ཚང་མས་ཁ་མིག་ཡར་ལྟ་བྱེད་ས་ཞིག་ཏུ་འགྱུར་འདུག

དེ་བཞིན་ཁོང་ཉིད་གནས་མཆོག་མཚོ་པདྨ་ལ་བཞུགས་དུས་ལྷག་དཀར་ནམ་ཡིན་ལ་བོད་ཀྱི་སྐད་ཡིག་ཐོག་ལ་ལས་འགུལ་རབ་དང་རིམ་པ་སྤེལ་བ་མ་ཟད་མཚོ་པདྨ་ཁོར་ཡུག་གཙང་བཟོ་བྱེད་ཀྱི་འདུག       ལྷག་པར་དུ་ཁོང་གིས་༧གོང་ས་མཆོག་གིས་མི་མང་ལ་ནང་ཆོས་ངོ་སྤྲོད་བྱེད་རྒྱུ་དེ་གལ་ཆེན་ཡིན་པ་བཀའ་གནང་བ་དེ་ལག་ལེན་དངོས་ཀྱི་ཐོག་ནས་རིས་མེད་ཀྱི་དགེ་བཤེས་གདན་དྲངས་ནས་ནང་ཆོས་ངོ་སྤྲོད་ཡང་གནང་བཞིན་འདུག

རིན་པོ་ཆེ་ཁོང་ཉིད་ཨོ་སི་ཀྲོ་ལི་ཡར་འབྱོར་ནས་སྐད་དང་ལས་ཀ་སོགས་ཀྱི་དཀའ་ངལ་ག་ཚོད་ཡོད་རུང་རང་གི་དྲིན་ཅན་རྩ་བའི་༧བླ་མ་གོང་ས་མཆོག་གི་འཁྲུངས་སྐར་དེ་སྔར་རྒྱུན་བཞིན་གྲ་རྒྱས་པོའི་ངང་ནས་སྲུང་བརྩི་ཞུས་ནས་ད་ལོ་ཐེངས་གསུམ་པ་དེ་ཆགས་འདུག       འདིར་པར་འགའ་ཡོད་པ་དེ་རིན་པོ་ཆེ་ཁོང་གིས་༧ གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་པའི་རྣམ་པ་ཞིག་རེད།        སྤྱི་ལོ་༢༠༡༧/༧/༨ཉིན་ཨོ་སི་ཀྲའོ་ལི་ཡའི་གྲོང་ཁྱེར་མལ་བྷོན་དུ་བསྡད་ཡོད་པ་མིང་དངོས་བཀྲིས་རྒྱ་མཚོ་དང་དྲ་མིང་གངས་སེང་ནས་ཟླ་ཚེས་བཟང་པོར་བྲིས།

 

 

Share on Facebook8Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 122

Leave a Reply