རྒྱལ་སྤྱི།

ཟས་བཅད་ངོ་རྒོལ་ལས་འགུལ་བ་ལྕམ་ཨེ་རོམ་ཤར་མི་ལཱ།

ལོ་༡༤ རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་ཞིག་གློད་བཀྲོལ།

རྒྱ་གར་ནང་ལོ་༡༤ རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་རྒྱུན་མ་ཆད་པར་སྤེལ་བའི་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་ཞིག་གློད་བཀྲོལ་བཏང་འདུག

Lobsang Thupten· · 0 མཆན་འགྲེལ། ·
རྒྱ་གར་རང་བཙན་ཉིན་མོ།

རྒྱ་གར་རང་བཙན་ཉིན་མོ།

བློན་ཆེན་ན་རན་ཌར་མཱོ་ཌི་ཡིས་རྒྱ་གར་རང་བཙན་དུས་དྲན་ཐེངས་༦༨ པ་སྲུང་བརྩིའི་ཐོག་འཚམས་འདྲི་དང་། ཁོང་གིས་འཆར་འགོད་ལྷན་ཁང་གི་ཚབ་ལ་ལྷན་ཁང་གསར་པ་ཞིག་སྒོ་འབྱེད་བྱེད་འདོད་ཡོད་པ་དང་། ཡུལ་མི་རྣམས་མཉམ་རུབ་ཐོག་རྒྱལ་ཁབ་ཡར་རྒྱས་གཏོང་དགོས་པའི་ནན་སྐུལ་བྱས་འདུག

Lobsang Thupten· · 0 མཆན་འགྲེལ། ·
ཤིན་ཅང་དུ་རྒྱ་གཞུང་གིས་མི་༨༠༠ ལྷག་འཇུ་བཟུང་།

ཤིན་ཅང་དུ་རྒྱ་གཞུང་གིས་མི་༨༠༠ ལྷག་འཇུ་བཟུང་།

ད་ལོའི་ཕྱི་ཟླ་༥ པ་ནས་བཟུང་ཤིན་ཅང་དུ་ཁྱོན་མི་༨༠༠ ལྷག་འཇིགས་སྐུལ་རིང་ལུགས་པའི་ཉེས་མིང་འོག་འཇུ་བཟུང་བྱས་ཡོད་པ་དང་། དེའི་ཁྲོད་ཀྱི་མང་ཤོས་ཤིན་ཅང་གི་ཡུ་གུར་མི་རིགས་ཡིན་པ་རེད།

Lobsang Thupten· · 0 མཆན་འགྲེལ། ·
ཡུན་ནན་ས་ཡོམ་ཁྲོད་ཀྱི་ཤི་གྲངས་༤༡༠ བར་འཕར།

ཡུན་ནན་ས་ཡོམ་ཁྲོད་ཀྱི་ཤི་གྲངས་༤༡༠ བར་འཕར།

རྒྱ་ནག་ཡུན་ནན་ཞིང་ཆེན་དུ་བརྒྱབ་པའི་ས་ཡོམ་དེའི་ཁྲོད་འདས་གྲོངས་སུ་གྱུར་མི་གྲངས་༤༡༠ བར་འཕར་ཡོད་པ་དང་། སྡོད་ཁང་ཁྲི་ཁ་ཤས་རྡིབ་སྐྱོན་བྱུང་ཡོད་པའི་ཁྲོད་ཉེན་སྐྱོབ་མི་སྣས་གསོན་པོ་བཙལ་འཚོལ་བྱེད་བཞིན་ཡོད་པ་རེད།

Lobsang Thupten· · 0 མཆན་འགྲེལ། ·
ཀ་ཎ་ཌ་ག་མངའ་སྡེའི་ནང་སྤྱི་སྤྱོད་རླངས་འཁོར་གཏོར་སྐྱོན

ཀ་ཎ་ཌ་ག་མངའ་སྡེའི་ནང་སྤྱི་སྤྱོད་རླངས་འཁོར་གཏོར་སྐྱོན

ཟླ་འདིའི་ཚེས་༢ཉིན་གྱི་སྔ་དྲོ་ཆུ་ཚོད་༡༡ ཙམ་ལ་རྒྱ་གར་ལྷོ་ཕྱོགས་ཀ་ཎ་ཌ་ག་མངའ་སྡེ། ཧུབ་ལི་གྲོང་ཁྱེར་གྱི་ཉེ་འཁྲིས་གྱི་གཞུང་ལམ་ཐོག་ཀ་ཎ་ཌ་ག་(Karnataka)མངའ་སྡེའི་ནང་གི་མི་མང་གིས་མ་ཧ་ར་ཤི་ཌའི་(Maharashtra) མངའ་སྡེའི་སྤྱི་སྤྱོད་རླངས་འཁོར་ཆེ་བ་ཞིག་ལ་གཏོར་སྐྱོན་ཚབས་ཆེན་བཏང་ཡོད་པ་རེད།

Choenyi Woser· · 0 མཆན་འགྲེལ། ·
རྒྱ་ནག་ཡུན་ནན་ཞིང་ཆེན་དུ་ས་ཡོམ་བརྒྱབ་འདུག

རྒྱ་ནག་ཡུན་ནན་ཞིང་ཆེན་དུ་ས་ཡོམ་བརྒྱབ་འདུག

རེས་གཟའ་ཉི་མའི་ཉིན་རྒྱ་ནག་ཡུན་ནན་ཞིང་ཆེན་ལུའུ་ཏེ་རྫོང་དུ་ས་ཡོམ་རིམ་པ་དྲུག་ཚེག་གཅིག་ཅན་ཞིག་བརྒྱབ་སྟེ། ད་ལྟའི་བར་ཤེས་རྟོགས་བྱུང་བའི་ནང་མི་གྲངས་༣༨༡ འདས་གྲོངས་དང་། མི་༡༨༠༡ ལ་རྨས་སྐྱོན་ཕོག་ཡོད་འདུག

Lobsang Thupten· · 0 མཆན་འགྲེལ། ·
ཐེ་ཝན་དུ་སོལ་རླངས་ལྕགས་སྦུག་འབར་འགད།

ཐེ་ཝན་དུ་སོལ་རླངས་ལྕགས་སྦུག་འབར་འགད།

ཕྱི་ཟླ་༧ཚེས་༣༡རེས་གཟའ་ཕུར་བུའི་ཉིན་ཐེ་ཝན་ལྷོ་ཕྱོགས་གྲོང་ཁྱེར་ཀོ་ཞང་ནང་སོལ་རླངས་ལྕགས་སྦུག་ཁ་ཤས་ཞིག་རིམ་པས་འབར་འགད་བྱུང་སྟེ་ཡུལ་མི་༢༤རྐྱེན་ལམ་དང་མི་༢༧༠ཙམ་ལ་ཚབས་ཆེན་རྨས་སྐྱོན་ཕོག་འདུག

Lobsang Thupten· · 0 མཆན་འགྲེལ། ·
རྒྱ་གར་གྱི་སྲིད་བློན་བལ་ཡུལ་དུ་བསྐྱོད་འཆར།

རྒྱ་གར་གྱི་སྲིད་བློན་བལ་ཡུལ་དུ་བསྐྱོད་འཆར།

རྒྱ་གར་གྱི་སྲིད་བློན་ན་རན་ཌར་མོ་ཏི་གཟའ་འཁོར་འདིའི་ནང་ཁྱིམ་མཚེས་རྒྱལ་ཁབ་བལ་ཡུལ་དུ་གཟིགས་སྐོར་ཕེབས་རྒྱུ་ཡིན་པ་དང་། འདི་ནི་རྒྱ་གར་དང་བལ་ཡུལ་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་དཔོན་རིགས་ཀྱི་འགྲོ་འོང་ཆད་དེ་ལོ་༡༧ ཕྱིན་པའི་རྗེས། རྒྱ་གར་གྱི་སྲིད་བློན་བལ་ཡུལ་དུ་འཚམས་འདྲིར་བསྐྱོད་པ་ཐོག་མ་ཆགས་རྒྱུ་ཡིན་འདུག

Lobsang Thupten· · 0 མཆན་འགྲེལ། ·
ཀྲུའུ་ཡོང་ཁང་གི་ནག་ཉེས་ལ་ཞིབ་བཤེར།

ཀྲུའུ་ཡོང་ཁང་གི་ནག་ཉེས་ལ་ཞིབ་བཤེར།

དེ་རིང་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཟུར་པ་ཀྲུའུ་ཡོང་ཁང་གི་ནག་ཉེས་ལ་ཞིབ་བཤེར་བྱེད་བཞིན་ཡོད་འདུག

Lobsang Thupten· · 0 མཆན་འགྲེལ། ·
རྩ་ཁྲིམས་བསྐྱར་བཅོས་དགོས་པའི་ས་ཡིག་བསྡུ་རུབ་ཀྱི་ལས་འགུལ།

རྩ་ཁྲིམས་བསྐྱར་བཅོས་དགོས་པའི་ས་ཡིག་བསྡུ་རུབ་ཀྱི་ལས་འགུལ།

འབར་མའི་ཁ་གཏད་ཆབ་སྲིད་ཚོགས་པས་གྲོས་ཚོགས་ནང་ཐད་བསྐོས་དམག་གི་འཐུས་མིའི་དབང་ཚད་གཅོག་ཆེད་མི་མང་གི་མཚན་རྟགས་ས་ཡ་ལྔ་ཙམ་བསྡུ་རུབ་བྱས་འདུག

Lobsang Thupten· · Comments are Disabled ·