རྒྱལ་སྤྱི།

ཨི་རག་གི་ས་ཆ་མང་པོ་དྲག་སྤྱོད་པས་བཙན་བཟུང་།

ཨི་རག་གི་ས་ཆ་མང་པོ་དྲག་སྤྱོད་པས་བཙན་བཟུང་།

ཁ་ཆེའི་ངོ་ལོག་དྲག་སྤྱོད་ཤོག་ཁག་གིས་རེས་གཟའ་ཕུར་བུའི་ཉིན་ཨི་རག་གི་རྒྱལ་ས་བྷ་གྷི་ངྷའི་ཕྱོགས་སུ་མདུན་བསྐྱོད་བྱས་ཏེ། ཁོང་ཚོའི་སྟངས་འཛིན་བྱས་པའི་ས་ཆ་མུ་མཐུད་དུ་རྒྱ་ཆེར་འགྲོ་བཞིན་པ་དང་། ད་ལྟའི་ཆར་བྷ་གྷི་ངྷའི་བྱང་ཕྱོགས་ཀྱི་སྤྱི་ལེ་༩༠ཡི་མཚམས་སུ་སླེབས་ཡོད་པ་རེད།

Lobsang Thupten· · 0 མཆན་འགྲེལ། ·
རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་རྒྱ་གར་དུ་སླེབས།

རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་རྒྱ་གར་དུ་སླེབས།

རེས་གཟའ་ཉི་མའི་ཉིན་རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་འབྱོར་ཏེ་ཉིན་གཉིས་རིང་གི་འཚམས་འདྲི་འགོ་འཛུགས་བྱས་ཡོད་པ་དང་། རྒྱ་གར་གྱི་ད་ལྟའི་གཞུང་འཛིན་ཆབ་སྲིད་ཚོགས་པར་རྒྱལ་ཁ་ཐོབ་པའི་རྗེས་རྒྱ་དཀར་ནག་གཉིས་བར་གྱི་མཇལ་འཕྲད་ཐོག་མ་དེ་ཆགས་ཡོད་པ་རེད། རེས་གཟའ་ཉི་མའི་ཉིན་རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཝང་ཡཱི་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་འབྱོར་ཏེ་རྒྱ་གར་གྱི་ཕྱི་འབྲེལ་བློན་ཆེན་ལྕམ་སུ་ཤི་མ་སི་ར་རྗི་དང་ལྷན་དུ་མཇལ་འཕྲད་བྱས་པའི་སྐབས། རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ཞི་འགྲིག་དང་དཔལ་འབྱོར་གྱི་འབྲེལ་ལམ་གོང་མཐོར་གཏོང་ཐབས་སོགས་ཀྱི་ཐོག་ལ་ཆུ་ཚོད་༣ རིང་གླེང་མོལ་བྱས་ཡོད་པ་མ་ཟད། ཕྱོགས་གཉིས་ཀྱིས་དཔལ་འབྱོར་འབྲེལ་ལམ་གོང་མཐོ་ཆེད་ཧ་ཅང་དོན་ཕན་ལྡན་པའི་ནུས་པ་འདོན་རྒྱུའི་མོས་མཐུན་བྱུང་ཡོད་པ་རེད། ཐེངས་འདིའི་རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་གྱི་འཚམས་གཟིགས་དེ་ནི་སྲིད་བློན་གསར་པ་མོ་དི་ཡིས་སྲིད་དབང་བཟུང་བའི་རྗེས། རྒྱལ་ཁབ་གཉིས་བར་དཔོན་རིགས་འགྲོ་འོང་བྱས་པ་ཐོག་པ་མ་དེ་ཆགས་ཡོད་པ་དང་། ཝང་ཡཱི་ཡི་འཚམས་གཟིགས་མཇུག་མ་སྒྲིལ་བའི་སྔོན་སྲིད་བློན་མོ་དི་དང་མཇལ་འཕྲད་བྱེད་འཆར་ཡོད་འདུག རྒྱ་གར་ཕྱི་སྲིད་མགྲིན་ཚབ་པས་བརྗོད་པ་ལྟར་ན། རིང་མིན་རྒྱལ་ཁབ་གཉིས་ཀྱི་དཔོན་རིགས་ཀྱི་མཇལ་འཕྲད་ཐེངས་ཁ་ཤས་ཤིག་གོ་སྒྲིག་བྱས་ཟིན་ཡོད་པ་དང་། དེའི་ཁྲོད་དུ་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་རྒྱ་གར་དུ་གཟིགས་སྐོར་ཕེབས་འཆར་སོགས་ཚུད་ཡོད་པ་རེད། མིག་སྔར་རྒྱ་དཀར་ནག་གཉིས་བར་དུ་ཚོང་འབྲེལ་ཉོ་ཚོང་གི་ཧེ་བག་ཨ་སྒོར་ས་ཡ་༤༠༠ ལྷག་ཡོད་པ་དང་། སྲིད་བློན་མོ་དི་ཡིས་ཝང་ཡཱི་དང་མཇལ་འཕྲད་སྐབས་རྒྱ་གར་གྱི་ཚོང་རྫས་རྒྱ་ནག་གི་ཁྲོམ་རར་ཇི་ལྟར་ཞུགས་དགོས་མིན་སྐོར་གྲོས་མོལ་བྱས་ཏེ། རྒྱལ་ཁབ་གཉིས་བར་གྱི་ཚོང་འབྲེལ་གྱི་ཧེ་བག་ཇེ་ཉུང་དུ་གཏོང་འཆར་ཡོད་པ་རེད།།

Lobsang Thupten· · 0 མཆན་འགྲེལ། ·
ཝེ་ཐི་ནམ་དུ་རྒྱ་ནག་ལ་ངོ་རྒོལ།

ཝེ་ཐི་ནམ་དུ་རྒྱ་ནག་ལ་ངོ་རྒོལ།

ཝན་ཐི་ནམ་གྱི་ལྷོ་ཕྱོགས་སུ་ཡོད་པའི་ཕྱི་རྒྱལ་ཁེ་ལས་པའི་ལྟེ་གནས་སུ་རྒྱལ་ཁབ་དེའི་མི་སེར་སྟོང་ཚོ་བརྒལ་བས། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་ཏུ་རྡོ་སྣུམ་ས་ཚིགས་གསར་རྒྱག་བྱས་པར་ངོ་རྒོལ་བྱས་ཡོད་ཅིང་། གནས་ཚུལ་ད་དུང་ཞི་འཇགས་མ་བྱུང་བར་ཛ་དྲག་གི་གནས་སྟངས་འོག་ལུས་ཡོད་པ་རེད།

Lobsang Thupten· · 0 མཆན་འགྲེལ། ·
རྒྱ་ནག་ནང་འཇིགས་སྐུལ་གྱི་ཉེན་ཁ་མང་དུ་འགྲོ་བཞིན་པ།

རྒྱ་ནག་ནང་འཇིགས་སྐུལ་གྱི་ཉེན་ཁ་མང་དུ་འགྲོ་བཞིན་པ།

འདས་པའི་ཟླ་བ་གཉིས་ཙམ་གྱི་རིང་རྒྱ་ནག་གི་མེ་འཁོར་འབབ་ཚིགས་གཙོ་བོའི་ནང་དྲག་པོའི་འཇིགས་སྐུལ་འཇབ་རྒོལ་གྱི་དོན་རྐྱེན་ཐེངས་གསུམ་བྱུང་ཡོད་པ་དང་།རྒྱ་ནག་གཞུང་གིས་དེ་ནི་འཇིགས་སྐུལ་རིང་ལུགས་པས་སྤེལ་བའི་འཇབ་རྒོལ་ཡིན་སྐོར་བརྗོད་ཡོད་པ་མ་ཟད།ཉིན་བཞིན་ཚབས་ཆེར་འགྲོ་བཞིན་པའི་བདེ་འཇགས་ཀྱི་གནད་དོན་ལ་མི་རྣམས་ཀྱིས་དོ་སྣང་ཤུགས་ཆེན་བྱེད་བཞིན་ཡོད་འདུག

Lobsang Thupten· · 0 མཆན་འགྲེལ། ·
རྒྱ་ནག་གི་ཆབ་སྲིད་བཙོན་པ་ཞིག་གློད་གྲོལ།

རྒྱ་ནག་གི་ཆབ་སྲིད་བཙོན་པ་ཞིག་གློད་གྲོལ།

རྒྱལ་ཁབ་ཀྱི་སྲིད་དབང་འགོ་རྟིང་སློག་པར་རྒྱུད་སྐུལ་བྱས་པའི་ཉེས་མིང་འོག་ལོ་༡༢ ཀྱི་ཁྲིམས་ཐག་བཅད་པའི་ཁྲུང་ཆིང་དམངས་གཙོ་ཚོགས་པའི་ཚོགས་མི་ཞུའུ་ཝེ་ཕིང་། ལོ་༩ རིང་བཙོན་འཇུག་བྱས་པའི་རྗེས་གློད་གྲོལ་ཐོབ་སྟེ་ཁྲུང་ཆིང་གི་རང་ཁྱིམ་དུ་ཕྱིར་ལོག་བྱས་ཡོད་པ་རེད།

Lobsang Thupten· · 0 མཆན་འགྲེལ། ·

རྒྱ་ནག་གིས་ཨོ་སི་ཁྲུ་ལི་ཡའི་གྲོས་ཚོགས་ཀྱི་དྲ་ལམ་ལ་གསང་ཉུལ།

༢༠༡༡ ལོར་རྒྱ་ནག་གི་དྲ་ལམ་གསང་ཉུལ་བས་ཨོ་སི་ཁྲུ་ལི་ཡའི་གྲོས་ཚོགས་ཀྱི་གློག་ཀླད་མ་ལག་ནང་ལོ་གཅིག་ལྷག་རིང་བཙན་འཛུལ་བྱས་ཏེ། གྲོས་ཚོགས་དང་གྲོས་ཚོགས་འཐུས་མིའི་གནས་ཚུལ་ཆ་ཚང་ལ་ལྐོག་ལྟ་བྱས་ཡོད་པ་རེད།

Lobsang Thupten· · 0 མཆན་འགྲེལ། ·