རྒྱལ་སྤྱི།

རྒྱ་ནག་གི་སྤྲོ་སེང་གླིང་ག་ནས་བུ་མོ་ཞིག་བརྡབ་སྐྱོན།

ཟླ་འདིའི་ཚེས་༥ ཉིན་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟ་ན། རྒྱ་ནག་གི་དབུས་སུ་ཡོད་པའི་སྤྲོ་སེང་གླིང་ག་རུ་ན་གཞོན་བུ་མོ་ཞིག་ལྕགས་འཁོར་གྱི་སྐོར་སྐྱོད་མགྱོགས་ཐག་ཆོད་ནས་ལྕགས་འཁོར་གྱི་ཕྱི་ལོགས་སུ་གཡུག་ནས་གྲོངས་འདུག

Bangchen admin· · 0 མཆན་འགྲེལ། ·

ཨབ་གྷན་དང་པ་ཀི་སི་ཐན་དུ་གངས་རུད་ཀྱི་གནོད་སྐྱོན།

ཟླ་འདིའི་ཚེས་༦ ཉིན་རྒྱལ་སྤྱིའི་གསར་ཁང་སྦིས་སྦིས་སིའི་ནང་དུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཚེས་༥ ཉིན་གྱི་དགོང་མོར་པ་ཀི་སི་ཐན་དང་ཨབ་གྷན་ས་མཚམས་ཀྱི་གྲོང་ཁུལ་ནུ་རི་སི་ཐན་ནང་ཁ་བ་བབས་ཤུགས་ཆེ་དྲག་པའི་རྐྱེན་གྱིས། མི་གྲངས་༤༥ གངས་རུད་འོག་ཚེ་སྲོག་ཤོར་ཡོད་འདུག

Bangchen admin· · 0 མཆན་འགྲེལ། ·

 ཏཱ་ལའི་བླ་མ་བེད་སྤྱད་ན་ཨ་རིར་གྱོང་རག་རྒྱུ་ཡིན་སྐོར་རྒྱ་ནག་གིས་བརྗོད་འདུག

ཟླ་འདིའི་ཚེས་༤ ཉིན་རྒྱ་གར་གྱི་དུས་བབ་ཐོག་གནས་ཚུལ་འཁོད་གསལ་ལྟར་ན། བོད་ཀྱི་ལས་དོན་ཐོག་ལ་ལས་ཀ་བྱེད་མཁན་རྒྱ་ནག་གཞུང་གི་ལས་བྱེད་མི་སྣ་རྒན་པ་ཞིག་གིས། ཨ་རིས་ཏཱ་ལའི་བླ་མའི་མཚན་བེད་སྤྱོད་བྱས་ནས་རྒྱ་ནག་ལ་དཀའ་ངལ་བཟོ་རྒྱུ་དེ་ངེས་པར་དུ་འཚམས་འཇོག་དགོས་སྐོར་རྒྱ་ནག་གིགཞུང་འབྲེལ་གསར་འགྱུར་རྒྱུད་ལམ་ཞིག་ལ་བརྗོད་ཡོད་འདུག

Bangchen admin· · 0 མཆན་འགྲེལ། ·
ཆགས་སྤྱོད་ཀྱི་རྩེད་ཆས་རྙིང་ཤོས་གཉིས་འགྲེམས་སྟོན་བྱ་རྒྱུ།

ཆགས་སྤྱོད་ཀྱི་རྩེད་ཆས་རྙིང་ཤོས་གཉིས་འགྲེམས་སྟོན་བྱ་རྒྱུ།

རྒྱ་ནག་གི་ཧན་རྒྱལ་རབས་སྐབས་ཀྱི་ལིའི་རྒྱུ་ཆ་ལས་བཟོས་པའི་ཆགས་སྤྱོད་ཀྱི་རྩེད་ཆས་རྙིང་པ་གཉིས་སོགས། རྒྱལ་རབས་སྐབས་དེའི་གནའ་དུས་ཀྱི་ཅ་དངོས་མང་པོ་ཞིག་ཨ་རིར་འགྲེམས་སྟོན་བྱ་རྒྱུ་ཡིན་འདུག

Bangchen admin· · 0 མཆན་འགྲེལ། ·
མེ་འཁོར་གཞུང་ལམ་ནས་རྒད་མོ་ཞིག་གི་ཚེ་སྲོག་བསྐྱབས།

མེ་འཁོར་གཞུང་ལམ་ནས་རྒད་མོ་ཞིག་གི་ཚེ་སྲོག་བསྐྱབས།

ཟླ་འདིའི་ཚེས་༢ ཉིན་རྒྱ་གར་གྱི་ཨིན་ཌོའོ་(Indio)གསར་འཕྲིན་ནང་གནས་ཚུལ་སྤེལ་གསལ་ལྟར་ན། ཁ་སང་གཟའ་འཕུར་བུ་ཉིན་གྱི་དགོང་མོ་ཚུ་ཚོད་༡༡ ཙམ་ལ་རྒྱ་གར་གྱི་རྒན་མོ་ཞིག་མེ་འཁོར་ཐིག་གཞུང་བཞི་པ་ནས་གསུམ་པ་ལ་ཕར་བསྐྱོད་སྐབས།

Bangchen admin· · 0 མཆན་འགྲེལ། ·

དངུལ་ལོའི་གསར་བརྗེས་རྒྱ་གར་གྱི་དཔལ་འབྱོར་ཉམས་ཆགས་བཏང་འདུག་ཟེར།

དངུལ་ལོར་གསར་བརྗེ་ལ་བརྟེན་ནས་རྒྱལ་དམངས་དཔལ་འབྱོར་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་བྱུང་བ་རེད་ཅེས་རྒྱ་གར་གཞུང་གི་དཔལ་འབྱོར་རིག་པའི་ལམ་སྟོན་པ་གཙོ་བོ་ཨར་ཝིན་ཌི་སབ་ར་མ་ནི་ཡན་གྱིས་བརྗོད་ཡོད་འདུག

Bangchen admin· · 0 མཆན་འགྲེལ། ·
རྒྱ་ནག་གི་ཚོང་བདག་གྲགས་ཅན་བོར་སྟངས་ཡ་མཚན།

རྒྱ་ནག་གི་ཚོང་བདག་གྲགས་ཅན་བོར་སྟངས་ཡ་མཚན།

ཟླ་འདིའི་ཚེས་༢ ཉིན་ཨ་རིའི་ནེའུ་ཡོག་གི་མཱིན་ཇིན་(Mingjing News)གསར་ཤོག་ཐོག་གནས་ཚུལ་འཁོད་པ་ལྟར་ན། ཁ་ཉིན་རེས་གཟའ་པ་སངས་ཀྱི་དགོང་མོར། རྒྱ་ནག་གཞུང་གི་ཉེན་རྟོག་པ་སྐོར་ཞིག་གིས་མིང་མ་ངེས་པའི་རྒྱ་མི་ཨ་སྒོར་ཐེར་འབུམ་གྱི་བདག་པོ་ཞིག་ཧོང་ཀོང་ནས་འཛིན་བཟུང་བྱས་ཏེ་རྒྱ་ནག་སྐམ་ས་ཆེན་མོར་ཁྲིད་ཡོད་འདུག

Bangchen admin· · 0 མཆན་འགྲེལ། ·
ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་ས་གོ་ལ་གཞན་གྱི་མཁའ་སྐྱོད་དངོས་གཟུགས་མཐོང་བ།

ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་ས་གོ་ལ་གཞན་གྱི་མཁའ་སྐྱོད་དངོས་གཟུགས་མཐོང་བ།

ཟླ་༡ པོའི་ནང་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་གསང་བའི་ཡིག་ཆ་ཤོག་ལྷེ་ས་ཡ་༡༣ བྱས་པ་ཞིག་ཕྱིར་བསྒྲགས་བྱས་ཡོད་པ་དང་། དེའི་ཁོངས་སུ་ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་ངོས་འཛིན་དཀའ་བའི་མཁའ་སྐྱོད་དངོས་གཟུགས་འཕུར་བ་ཐེངས་༦ མཐོང་ཡོད་པའི་གནས་ཚུལ་སྐོར་ཡོད་འདུག

Bangchen admin· · 0 མཆན་འགྲེལ། ·
ཁ་ཆེའི་ལྷ་ཁང་ཞིག་ནང་མེ་མདའ་བརྒྱབ་ནས་མི་༦ བསད་ཡོད་འདུག

ཁ་ཆེའི་ལྷ་ཁང་ཞིག་ནང་མེ་མདའ་བརྒྱབ་ནས་མི་༦ བསད་ཡོད་འདུག

ཟླ་འདིའི་ཚེས་༣༠ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་སྦིས་སྦིས་སིའི་ནང་གནས་ཚུལ་འཁོད་གསལ་ལྟར་ན། ཟླ་འདིའི་ཚེས་༢༩ ཉིན་གྱི་དགོང་མོར། ཁེ་ན་ཌའི་གྲོང་ཁྱེར་ཁུ་སྦིག་ནང་དུ་ཡོད་པའི་ཁ་ཆེ་ལྷ་ཁང་ཞིག་གི་ནང། དྲག་སྤྱོད་པ་འགའ་ཞིག་གིས་མེ་མདའ་གང་བྱུང་བརྒྱབ་ནས་མི་དྲུག་གི་ཚེ་སྲོག་ཤོར་ཡོད་པ་དང་། མི་༨ ལ་རྨས་སྐྱོན་ཕོག་ཡོད་འདུག

Bangchen admin· · 0 མཆན་འགྲེལ། ·
རྒྱ་གར་ནང་མེ་འཁོར་ཁ་འཆུས་ཤོར་ནས་མི་༣༩ བསད་འདུག

རྒྱ་གར་ནང་མེ་འཁོར་ཁ་འཆུས་ཤོར་ནས་མི་༣༩ བསད་འདུག

ཨན་དྷ་ར་མངའ་སྡེའི་ནང་མེ་འཁོར་ཞིག་ལྕགས་ལམ་ཐོག་ནས་ཁ་འཆུས་ཤོར་ཏེ། ཉུང་མཐར་མི་༣༩ རྐྱེན་ལམ་དུ་བཏང་ཡོད་པ་དང་། མི་བཅུ་ཕྲག་མང་པོར་རྨས་སྐྱོན་ཕོག་ཡོད་འདུག

Choenyi Woser· · 0 མཆན་འགྲེལ། ·