ཆོས་རའི་དབུ་འབྱེད་མཛད་སྒོ་དང་གསུང་ཆོས་གསལ་བསྒྲགས།

༄༅།།འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་དད་ལྡན་གསུང་ཆོས་དོན་གཉེར་ཅན་རྣམས་དང་། གྲྭ་ཚང་དང་འབྲེལ་ཡོད་བླ་སྤྲུལ་དགེ་བཤེས་རྣམ་པའི་གཙོའི་སྐྱ་སེར་ཕོ་མོ་ཡོངས་ཀྱི་སྙན་ལམ་དུ། ཆེད་ཞུ། དེ་ཡང་ཇི་ལྟར་གསོལ་བ་བཏབ་པ་བཞིན་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་རྒྱལ་བའི་དབང་བོ་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཆོས་ར་གསར་བའི་དབུ་འབྱེད་ཀྱི་རྟེན་འབྲེལ་མཛད་སྒོའི་ཚོགས་མགོན་དུ་ཆིབས་བསྒྱུར་དང་ཆོས་འབྲེལ་བཀའ་དྲིན་བསྐྱང་རྒྱུའི་ཞལ་བཞེས་ཟབ་མོ་སྤྱི་བོར་སྨིན་སྩོལ་བྱུང་བ་ལྟར། ལྕང་སྐྱའི་ལྟ་མགུར་ཨ་མ་ངོ་ཤེས་ཀྱི་གསུང་ཆོས་དང་། ཆོས་རའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་དེ་ཉིད་བོད་རྒྱལ་ལོ་ ༢༡༤༦ ལོའི་བོད་ཟླ་ ༡༠ ཚེས་ ༡༧ དང་། ཕྱི་ལོ་༢༠༡༩ ལོའི་ཕྱི་ཟླ་ ༡༢ ཚེས་ ༡༤ ཉིན་གྱི་སྔ་དྲོའི་ཆ་ལ་གནང་གཏན་ཁེལ་ཡོད་པ་ལགས་ན། རྣམ་པ་ལྷན་རྒྱས་དུས་ཐོག་ཏུ་ངེས་ཕེབས་ཡོང་བའི་གསལ་བསྒྲགས་སུ། འབྲས་སྤུངས་སྒོ་མང་གྲྭ་ཚང་ནས་ཕྱི་ལོ་༢༠༡༩ཟླ་༡༡ཚེས་༠༨བཟང་པོར།

Read more

སྦེང་ལོར་༸གོང་ས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱིའི་ས་མིག་གསལ་བསྒྲགས།

༄༅།   བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་འཛིན་སྐྱོང་ཁོངས་སྦེང་ལོར་༸གོང་ས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱིའི་ས་མིག་ སྟོང་པ་ཡོད་ན།  གཤམ་འོག་གི་དགོས་ངེས་ཆ་རྐྱེན་དང་ཉེར་མཁོའི་ཡིག་ཆ་ཁག་ཚང་ཞིང་ཞུགས་འདོད་ཡོད་རིགས་ཚོས་ཕྱི་ལོ་ ༢༠༡༩ ཕྱི་ ཟླ་ ༡༠ ཚེས་ ༡༥ འགྱངས་མེད་བོད་ཁྱིམ་སྤྱི་ཁྱབ་གཙོ་འཛིན་མཆོག་གི་གློག་ཕྲིན་ཁ་བྱང་  thuptend@gmail.com  ཐོག་འཚང་སྙན་ འབུལ་དགོས་རྒྱུ།   ཆ་རྐྱེན་ཚང་བའི་སྙན་འབུལ་ཁག་ལ་ཡིག་རྒྱུགས་སམ་ངག་རྒྱུགས་བཅས་འདེམས་རྒྱུགས་ལམ་ནས་འདམས་རྒྱུ་ཡིན།  ། ཀ  

Read more

ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་སློབ་འཇུག་དུས་འགྱངས་གསལ་བསྒྲགས།

CENTRAL INSTITUTE OF HIGHER TIBETAN STUDIES (DEEMED UNIVERSITY) Sarnath, Varanasi-221007 No. F.6/SoE/CTE/CIHTS/2019-20/57  04th June 2019 NOTIFICATION FOR EXTENSION OF ADMISSION

Read more

བོད་ཀྱི་བང་ཆེན་དུ་གསར་འགོད་པའི་ས་མིག་གསལ་བསྒྲགས།

འདི་ག་བོད་ཀྱི་བང་ཆེན་གསར་ཁང་དུ། གསར་འགོད་པ་གཅིག་གི་ས་མིག་ཡོད་པས། ལས་གནས་འདིར་ཞུགས་འདོད་ཡོད་རིགས་ཚོས། ཟླ་༥ པའི་ཚེས་༡༠ ཉིན་གྱི་གོང་དུ་སྙན་ཞུ་ཕུལ་ཟིན་པ་དགོས་པ་དང་། དེའི་རྗེས་སུ་འདེམ་སྒྲུག་གི་བརྒྱུད་རིམ་ཐོག་སྙན་ཞུ་ཕུལ་མཁན་དོ་བདག་རྣམས་ལ་འབྲེལ་བ་བྱེད་རྒྱུ་ཡིན། དགོས་ངེས་ཆ་རྐྱེན། ༡། བོད་ཡིག་གཙོ་བོར་བྱས་ཏེ་སྐད་ཡིག་གཉིས་པ་དབྱིན་ཡིག་དང་རྒྱ་ཡིག་ག་རུང་རང་སྐྱ་འཕེར་བ། ༢། རང་བཙན་ལག་དེབ་ཀྱི་དཔྱ་དངུལ་དུས་ཐོག་ཕུལ་ཟིན་པ། ༣། རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་འཁྱེར་ R.C ཡོད་པ། སྙན་ཞུ་དེ་tibetexpress@gmail.com ཐོག་གཏོང་གནང་མཛད་དགོས། ​བོད་ཀྱི་བང་ཆེན་གསར་ཁང་ནས།།

Read more

རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ་པར་སྐྲུན་དང་བླུ་ཡོན་གཏོང་རྒྱུའི་གསལ་བསྒྲགས།

འབྲས་བློ་གླིང་དཔེ་ཐུབ་ཁང་ཚན་གྱིས་གོ་སྒྲིག་འོག་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་གིས་དཔེ་ཁྲིད་མཛད་མཁན་གྱི་དགེ་རྒན་རྣམ་པ་དང་། རྗེ་ཡབ་སྲས་ཀྱི་གསུང་ལ་ཞིབ་འཇུག་གནང་མཁན་སོགས་ལ་ཕན་ཐོགས་འབྱུང་བའི་རེ་བས་ལས་གཞི་འདི་ཉིད་མགོ་བརྩམས། ཐོག་མར་དགེ་བཤེས་བརྒྱད་ཀྱིས་སྐུ་འབུམ་བྱམས་པ་གླིང་ནས་ཆེད་དུ་གདན་འདྲེན་ཞུས་པའི་སྐུ་འབུམ་པར་མ་དང་ཞིབ་བསྡུར་གྱིས་ཞུས་དག་བྱས། དེ་ནས་ལོ་ངོ་དྲུག་གི་རིང་སྐུ་འབུམ་པར་མ་དེ་ཉིད་དང་བསྡུར་ནས་ཞུས་དག་ལན་ལྔ་ཙམ་བྱས་ཡོད། དེའི་རྗེས་ལོ་ངོ་གཉིས་ཀྱི་རིང་དགེ་བཤེས་བཞི་ཡིས་གཙང་པར་དང་། ཞོལ་པར། སྐུ་འབུམ་པར་མ་བཅས་དང་ཡིག་འབྲུ་རེ་རེ་བཞིན་ཞིབ་ཏུ་བསྡུར་ནས་མི་མཐུན་པ་རྣམས་མཆན་དུ་བཀོད། མཐར་གསུང་འབུམ་དུ་དྲངས་པའི་བཀའ་བསྟན་གྱི་ལུང་རྣམས་ལུང་ཁུངས་ཉིད་ལ་གཏུགས་ཏེ་ཤོག་གྲངས་སོགས་ཁ་གསལ་བཀོད་ཅིང་ཞུས་དག་མཐིལ་ཕྱིན་པ་བགྱིས། དེའི་རྗེས་སུ་ཞུས་དག་ཐེངས་བདུན་པ་མགོ་བཙུགས་ཟིན་ཅིང་རིང་མིན་ཆ་ཚང་ལེགས་གྲུབ་ཐུབ་པའི་རེ་བ་ཡོད། མདོར་ན་སྐུ་འབུམ་པར་མ་གཞིར་བཟུང་རྗེའི་གསུང་འབུམ་པོད་གྲངས་ ༡༩ རྒྱལ་ཚབ་རྗེའི་གསུང་འབུམ་པོད་གྲངས་བརྒྱད་ ༨ མཁས་གྲུབ་རྗེའི་གསུང་འབུམ་པོད་གྲངས་ ༡༦ བཅས་ཁག་གསུམ་བསྡོམས་པའི་པོད་གྲངས་ ༤༣ སྟེང་སྐུ་འབུམ་པར་མའི་ནང་མི་བཞུགས་པ་རྒྱལ་ཚབ་རྗེའི་གསུང་ཚད་མ་རིགས་གཏེར་གྱི་འགྲེལ་པ། བདེན་གཉིས་འགྲེལ་པ་སོགས་བཞུགས་པའི་པོད་གཅིག་བཅས་ཁྱོན་བསྡོམས་པོད་གྲངས་ ༤༤

Read more
Page 1 of 41234