དགའ་བའི་འཚོ་བ་ཞེས་པའི་དཔེ་དེབ་སྐད་ཡིག་ཉེར་ལྔའི་ནང་བསྒྱུར།

ཡོངས་དགེ་མི་འགྱུར་རིན་པོ་ཆེས་མཛད་པའི་<<དགའ་བའི་འཚོ་བ་>>ཞེས་པའི་དཔེ་དེབ་དེ་ནང་ཆོས་དང་ཚན་རིག་གི་སྐོར་ཡིན་པ་དང་། ཐོག་མར དབྱིན་ཡིག་ཐོག་བྲིས་རྗེས། གྲགས་པ་དཔལ་བཟང་གིས་བོད་ཡིག་ཏུ་བསྒྱུར་བ་བོད་ཀྱི་དཔེ་མཛོད་ཁང་ནས་ཀུན་ཕན་དེབ་ཕྲེང་༣ པའི་ངོ་བོར་པར་སྐྲུན་བྱས་ཡོད་པ་རེད།

Read more

མེར་བསྲེགས་ཀྱི་གཏན་ཚིགས།

རྩོམ་པ་པོ་འཇིགས་མེད་ཚེ་རིང་གིས་བརྩམས་པའི་<<མེར་བསྲེགས་ཀྱི་གཏན་ཚིགས་>>ཞེས་པའི་རང་ལུས་མེར་སྲེག་གི་བོད་དོན་ལས་འགུལ་སྐོར་གྱི་དཔེ་དེབ་ཅིག་བཏོན་ཡོད་པ་དང་། དེབ་དེའི་ནང་། ༡ མེ་ལྕེའི་ཁྲོད་ཚུར་མངོན་བྱུང་བའི་མིའི་ཐོབ་ཐང་གི་འཐབ་རྩོད་གླེང་བ་ཞེས་པ་དང་།

Read more

བྱ་རྒྱུད་དོན་གསལ་མཁས་པའི་དགའ་སྟོན།

(སྟོད་ཆ་དང་སྨད་ཆ) ཡོངས་འཛིན་དཀའ་ཆེན་ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ་པོད་༼ཏ༽པའི་ནང་བཞུགས་པའི་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ཀྱི་དོན་རྣམ་པར་བཤད་པ་བྱ་བའི་རྒྱུད་ཀྱི་དོན་གསལ་མཁས་པའི་དགའ་སྟོན་དང་།

Read more

སྟག་ལུང་སྡོམ་གསུམ་དང་སྟག་ལུང་ཐང་པའི་རྣམ་ཐར།

karmapa12ཉེ་བའི་ཆར་སྟག་ལུང་ཆོས་མཛོད་དཔེ་སྐྲུན་ཁང་ནས་ཀུན་མཁྱེན་ངག་དབང་རྣམ་རྒྱལ་མཆོག་གིས་མཛད་པའི། སྟག་ལུང་སྡོམ་གསུམ་དང་། སྟག་ལུང་ཐང་པའི་རྣམ་ཐར་གཉིས་པར་སྐྲུན་གནང་འདུག དང་པོ་སྟག་ལུང་སྡོམ་གསུམ་གྱི་ནང་དུ་ཕྱི་སོ་ཐར་གྱི་སྡོམ་པ་དང་། ནང་བྱང་སེམས་ཀྱི་སྡོམ་པ། གསང་བ་རིག་འཛིན་སྔགས་ཀྱི་སྡོམ་པ་བཅས་སྡོམ་པ་གསུམ་གྱི་སྤང་བླངས་ཀྱི་རྣམ་གཞག་ཁ་གསལ་གོ་བདེའི་ལམ་ནས་ཞིབ་ཕྲ་བསྟན་འདུག་པ་དང་། དཔེ་གཟུགས་ཤོག་གྲངས་༤༢༧ ཙམ་ཡོད་པ་རེད། གཉིས་པ་སྟག་ལུང་ཐང་པའི་རྣམ་ཐར་དེ་ནང་གསེས་རབ་དབྱེ་༢༡ ཏུ་དབྱེ་ཡོད་པ་དང་། དཔེ་གཟུགས་ཤོག་གྲངས་༢༦༦ ཙམ་ཡོད་པ་རེད།།

Read more

གཏམ་ཚོགས།

གཏམ་ཚོགས་ནི་བོད་ཀྱི་དཔེ་མཛོད་ཁང་གིས་བོད་འབྲེལ་ཤེས་ཡོན་གོ་རྟོགས་གོང་སྤེལ་ཆེད་དུ་འདོན་བཞིན་པ་དང། ད་ཐེངས་དེབ་གཉིས་པར་སྐྲུན་བྱས་འདུག གཏམ་ཚོགས་དེབ་གཅིག་གི་ནང་དུ། བློ་བཟང་ཤཱསྟྲཱིས་བརྩམས་པའི་ཆབ་སྲིད་ཆོས་བཞིན་སྐྱོང་དགོས་པའི་སྐོར་གྱི་དཔྱད་པ་དང། ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་བརྩམས་པའི་སྒྲ་སྙན་ངག་གི་འཕེལ་རྒྱས་ལོ་རྒྱུས་རགས་བསྡུས།

Read more

སྟོན་པའི་མཛད་རྣམ་གསལ་བའི་མེ་ལོང།

སྟོན་པའི་མཛད་རྣམ་གསལ་བའི་མེ་ལོང་ཞེས་པའི་དཔེ་དེབ་དེ་ངེས་དོན་རྒྱ་མཚོས་དབྱིན་ཡིག་ལས་བསྒྱུར་བ་དང། བོད་ཀྱི་དཔེ་མཛོད་ཁང་གིས་པར་སྐྲུན་བྱས་པ་ཞིག་རེད། དེབ་དེའི་ཐུན་མིན་གྱི་ཁྱད་ཆོས་ནི། རྒྱལ་སྲས་གཞོན་ནུ་དོན་གྲུབ་སྐུ་འཁྲུངས་པ་ནས་བཟུང་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ། སྤྱིར་བཏང་སྐྱེས་བུ་ཞིག་གི་རྣམ་ཐར་ཇི་བཞིན་བྲིས་ཤིང་ལོ་དུས་ཀྱི་བྱུང་རབས་དང་སྐབས་དེའི་ཡུལ་ལུང་གི་གནས་བབ།

Read more

ནང་ཆོས་གཅེས་བཏུས།

བོད་ཀྱི་དཔེ་མཛོད་ཁང་གིས་ནང་ཆོས་གཅེས་བཏུས་ཀྱི་དེབ་ཕྲེང་གཉིས་པ་དེ་པར་སྐྲུན་བྱས་ཡོད་པ་དང། དེབ་དེའི་ནང་དུ་༧གོང་ས་མཆོག་དགུང་ལོ་བཅུ་དགུར་ཕེབས་སྐབས་མཛད་པའི་བླ་མ་དང་སྤྱན་རས་གཟིགས་དབྱེར་མེད་ཀྱི་རྣལ་འབྱོར་དངོས་གྲུབ་ཀུན་འབྱུང་དང། རྗེ་བཙུན་མི་ལའི་མགུར་འབུམ་ལས་ཕྱུང་བའི་རྩོད་པ་ཟློག་པའི་སྐོར། གུང་ཐང་འཇམ་པའི་དབྱངས་ཀྱིས་མཛད་པའི་ཤེས་རབ་སྙིང་པོའི་སྔགས་ཀྱི་རྣམ་བཤད།

Read more

བོད་ཀྱི་སྲོལ་རྒྱུན་སྨན་རྩིས་རིག་པའི་དཔྱད་ཡིག་མུ་ཏིག་ཕྲེང་མཛེས།

རྩོམ་པ་པོ་ཨེ་པ་བསོད་ནས་རིན་ཆེན་གྱིས་བརྩམས་པའི་<<བོད་ཀྱི་སྲོལ་རྒྱུན་སྨན་རྩིས་རིག་པའི་དཔྱད་ཡིག་མུ་ཏིག་ཕྲེང་མཛེས་>>ཞེས་པ་ཉེ་ཆར་བོད་ཀྱི་དཔེ་མཛོད་ཁང་གིས་པར་སྐྲུན་བྱས་ཡོད་པ་དང། དེབ་དེར་སྨན་རྩིས་སྐོར་གྱི་དེབ་སྟོད་ཆ་སྨད་ཆ་གཉིས་ཡོད་པ་རེད། དེའི་ནང་དུ་བོད་རྩིས་རིག་པའི་ངོ་སྤྲོད་དང། ཉེས་པ་གསུམ་གྱི་ལྡང་དུས་སྐོར་ལ་ཅུང་ཟད་དཔྱད་པ། དཔལ་དུས་འཁོར་རྒྱུད་ཀྱི་འགྲེལ་ཆེན།

Read more

རེ་དོགས་ཀྱི་ཁུར་པོ།

གྲྭ་ཨོ་རྒྱན་རྡོ་རྗེའི་རྩོམ་ཡིག་ཕྱོགས་སྒྲིག་<<རེ་དོགས་ཀྱི་ཁུར་པོ་ཀ>>ཞེས་པ་ཉེ་ཆར་པར་སྐྲུན་གནང་ཡོད་པ་དང༌། དེབ་དེའི་ནང་དུ་སྔོན་བྱོན་རྒྱལ་དང་རྒྱལ་སྲས་འགའ་ལ་བསྟོད་པ་དད་གསུམ་ཆུ་སྐྱེས་གཞོན་ནུའི་ལང་ཚོ་ཞེས་པ་དང༌། ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བསྟོད་པ་དད་པའི་ཟེའུ་འབྲུ། དཔལ་ྋརྒྱལ་བའི་དབང་པོ་ཀརྨ་པ་མཆོག་ལ་མདོ་ཙམ་བསྔགས་པ་དད་གསུམ་ཟླ་འཛུམ་རླབས་སོགས་བརྗོད་གཞི་ཁག་ཉི་ཤུ་ལྷག་ཡོད་པའི་ཚིགས་བཅད་སྙན་ངག་དང༌། རང་མོས་སྙན་ངག་བྲིས་ཡོད་པ་དང༌། མཇུག་ཏུ་འབྲུག་ཡུལ་དུ་གནས་མཇལ་ལ་འགྲོ་སྐབས་ཀྱི་ཟིན་ཐོ་མདོར་བསྡུས་རྒྱུས་མེད་མགྲོན་པོའི་ལམ་མཁན་ཞེས་པ་དང༌། འགྲོ་མགོན་བཀའ་བརྒྱུད་པའི་བྱུང་བ་མདོར་བསྡུས་ཙམ་བརྗོད་པ་དངོས་གྲུབ་རྒྱ་མཚོའི་ཤིང་རྟ་ཞེས་པ་འཁོད་ཡོད་པ་རེད།།

Read more

དཔལ་སྟག་ལུང་བཀའ་བརྒྱུད་པའི་ངོ་སྤྲོད་རགས་བསྡུས།

སྟག་ལུང་རིན་པོ་ཆེ་མཆོག་གིས་མཛད་པའི་<<དཔལ་སྟག་ལུང་བཀའ་བརྒྱུད་པའི་ངོ་སྤྲོད་རགས་བསྡུས་>>ཞེས་པ་ཉེ་ཆར་པར་སྐྲུན་གནང་ཡོད་པ་དང༌། ངོ་སྤྲོད་རགས་བསྡུས་དེ་དབྱིན་ཡིག་རྒྱ་ཡིག་གཉིས་ཀྱི་ཐོག་ཏུ་བསྒྱུར་ཡོད་པ་དང༌། བསྟན་པ་ཡར་འཕེལ་ལགས་དང༌། ཨོ་རྒྱན་རྡོ་རྗེས་ལགས་གཉིས་ཀྱིས་སྩོམ་སྒྲིག་གནང་བའི་དེབ་ཆུང་ཤོག་གྲངས་ལྔ་བཅུ་ལྷག་ཡོད་པ་ཞིག་རེད།།`

Read more
Page 1 of 212