ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་དངོས་གཞིའི་ཁྲིད་ཡིག་ཟབ་རྒྱས་ཆོས་ ཀྱི་རྒྱ་མཚོ་ཆེན་པོ་ནས་སྙིང་པོ་ཡེ་ཤེས་ཀྱི་ནོར་བུ་འདྲེན་པར་བྱེད་པའི་གྲུ་ ཆེན།

ྋརྒྱལ་བ་མདོ་ཁམས་པ་ཆེན་པོ་སྐུ་ཕྲེང་གསུམ་པ་འགྲོ་འདུལ་ངག་དབང་ཀུན་དགའ་བསྟན་འཛིན་གྱིས་མཛད་པའི་<<ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་དངོས་གཞིའི་ཁྲིད་ཡིག་ཟབ་རྒྱས་ཆོས་ཀྱི་རྒྱ་མཚོ་ཆེན་པོ་ནས་སྙིང་པོ་ཡེ་ཤེས་ཀྱི་ནོར་བུ་འདྲེན་པར་བྱེད་པའི་གྲུ་ཆེན་>>ཞེས་བྱ་བ་མཚན་གྲྭ་བསྟན་པ་ཡར་འཕེལ་གྱིས་རྩོམ་སྒྲིག་གནང་བ་དང༌། ཁམས་སྒར་གསུང་རབ་ཉམས་གསོ་རྒྱུན་སྤེལ་ཁང་ནས་ཉེ་ཆར་པར་སྐྲུན་གནང་ཡོད་པ་རེད། དེབ་དེ་ཤོག་ངོས་༥༧༩ ཙམ་ཡོད་པའི་པོད་ཆེན་པོ་གཉིས་ཀྱི་ངོ་བོར་པར་བསྐྲུན་བྱས་ཡོད་པ་དང༌། ཕྱག་ཆེན་སྔོན་འགྲོ་ཐུན་མོང་ཐུན་མིན་རྒྱས་ཚང་དང༌། ཕྱག་རྒྱ་ཆེན་པོ་ལྷན་གཅིག་སྐྱེས་སྦྱོར་དངོས་གཞི་ཉམས་ལེན་གྱི་རིམ་པ་ལ། གེགས་དང་གོལ་ཤོར་དཔྱད་པ། ཉམས་རྟོགས་གོ་བ་གསུམ་གྱི་ཤན་འབྱེད་པ། ཉམས་མྱོང་གི་སྤུ་རིས་འབྱེད་པ། ས་ལམ་གྱི་དྲོད་རྟགས་འབྱེད་པ། འབྲས་བུ་མངོན་དུ་འགྱུར་བའི་ཚུལ་སོགས་གསལ་བར་འཁོད་པའི་ཁྲིད་རིམ་གྱི་དཔེ་དེབ་ཅིག་ཡིན་པ་དང༌། མཛད་པ་པོའི་མཛད་རྣམ་སྙིང་བསྡུས་དང༌། ཁོང་གི་གསུང་རྩོམ་པོད་བཅུ་དྲུག་ཡོད་པའི་དཀར་ཆག་ཀྱང་དེབ་དེའི་ནང་དུ་འཁོད་ཡོད་པ་རེད།།

Read more
Page 2 of 212