ནང་པས་བདག་མེད་འདོད་ཚུལ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༢༠
འདོན་ཐེངས་སྔོན་མའི་འཕྲོས།
དེའི་ཐོག་ལ་ང་ཟེར་བ་དེ་ཕུང་པོ་ལ་བརྟེན་ནས་གྲུབ་བསྡད་པ་ཞིག་རེད་དེ། བློ་ལ་ཤར་བའི་སྐབས་སུ་ང་ཡི་ལུས་སེམས་གཉིས་ལ་དབང་བསྒྱུར་མཁན་གྱི་རྗེ་བོ་ལྟ་བུ། རང་མཚན་པ་འདྲ་པོ་ཞིག རྗེ་བོ་ཟེར་བ་དཔོན་པོ་དང༌། ལུས་སེམས་གཉིས་དེ་དབང་བསྒྱུར་བྱ་ཁུར་པོ་ལྟ་བུ། ལུས་སེམས་གཉིས་ལ་དབང་སྒྱུར་མཁན་བདག་དེ་རྗེ་བོ་ལྟ་བུ་ཞིག་བློ་ལ་ཤར་ནས་ངའི་ལུས། ངའི་སེམས་ཞེས་དཔེར་ན། ང་ཡི་སེམས་ལ་བདག་པོ་རྒྱག་མཁན་སེམས་ལ་ཆགས་སྡང་ཉུང་དུ་གཏོང་བ་ལྟ་བུ། སེམས་ལ་བྱམས་སྙིང་རྗེ་ཤུགས་ཆེ་རུ་གཏོང་བའི་བཟོ་འདྲ་པོ་ཞིག་ང་དེ་ཡིས་རྩོལ་བ་བྱེད་ཀྱི་འདུག་གཱ བྱས་ཙང་རྩོལ་བ་བྱེད་ཀྱི་ཡོད་པ་དེ་སེམས་ལ་དབང་བསྒྱུར་བ་ལྟ་བུ་ཞིག་འདུག་གཱ ཕྱོགས་གཅིག་ནས་བསམ་བློ་བཏང་ན་ང་དེ་སེམས་ཀྱིས་དབང་དུ་བསྒྱུར་བ་འདྲ་པོ་འདུག

Read more

ནང་པས་བདག་མེད་འདོད་ཚུལ།

    ྋགོང་ས་མཆོག་གིས་༢༠༠༨ ལོར་བོད་པའི་གཞོན་སྐྱེས་ཚོར་གནང་བའི་ནང་ཆོས་ངོ་སྤྲོད་ལས་སྒྲ་ཕབ་བྱས།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༡༩

སྐབས་རེ་ང་ཚོའི་ཆོས་བརྒྱུད་རྣམས་ཀྱི་ཆོས་པ་རྣམས་འཚོག་པའི་སྐབས་ལ་ང་ཞེས་པ་དེ་ག་རེ་རེད། ང་ཞེས་པ་དེ་ཐོག་མ་ཡོད་རེད་དམ། མཐའ་མ་ཡོད་རེད་དམ་ཅེས་པའི་དྲི་བ་ཞིག་ཡོང་གི་འདུག དེ་འབྲེལ་ཆགས་པོ་ཞེ་དྲག་ཅིག་འདུག གང་ལྟར་གནད་འགག་ཆེན་པོ་ཆགས་བསྡད་འདུག ངས་བར་སྐབས་རེར་འགྲེལ་བཤད་འདི་ལྟར་རྒྱག་གི་ཡོད། དེ་རིང་ཁྱེད་རང་ཚོ་ལ་དེ་ལྟར་འགྲེལ་བཤད་རྒྱག་དགོས་དྲན་སོང༌། སྔོན་ལ་ང་ཟེར་བ་ག་རེ་རེད་ཅེས་པ་དེ་རེད། འཛམ་བུ་གླིང་གི་མིའི་སྤྱི་ཚོགས་ཡར་རྒྱས་ཕྱིན་ནས་ཡི་གེ་བཟོ་ཤེས་པ་དང༌། དེ་ནས་རིམ་པས་མིའི་རྣམ་དཔྱོད་ཆེ་རུ་ཕྱིན་པའི་སྐབས་ལ་བདེ་བ་དང་སྡུག་བསྔལ་མྱོང་མཁན་གྱི་ང་ཟེར་བ་དེ་ལ་ཚུར་རྩད་གཅོད་བྱེད་པའི་འགོ་ཞིག་བཙུགས་པ་རེད།
    དཔེར་ན། དུད་འགྲོ་ལ་ཆ་བཞག་ན་སྡུག་བསྔལ་མི་འདོད་པ་རེད། བདེ་བ་འདོད་པ་རེད། སྡུག་བསྔལ་མི་ཡོང་བ་དང་བདེ་བ་ཡོང་བའི་ཆེད་དུ་ཉིན་རེ་ཉིན་རེར་དཀའ་ལས་དང་འགུལ་སྐྱོད་བརྒྱབ་ནས་འགྲོ་བསྡད་པ་གཅིག་པ་རེད།

Read more

སྤྱིར་སངས་རྒྱས་པའི་ཆོས་ཀྱི་ཕན་ནུས།

ྋགོང་ས་མཆོག་གིས་༢༠༠༨ ལོར་བོད་པའི་གཞོན་སྐྱེས་ཚོར་གནང་བའི་ནང་ཆོས་ངོ་སྤྲོད་ལས་སྒྲ་ཕབ་བྱས།

བོད་ལ་ནང་ཆོས་དར་བའི་རྗེས་མ་གཏོགས། དེ་སྔ་ཕལ་ཆེར་གདུག་རྩུབ་ཆེན་པོ་ཡོད་པའི་བཟོ་འདྲ་པོ་ཞིག་རེད། སྤྱིར་བཏང་འཚོ་ཐབས་འབྲོག་པ་ལྟ་བུ་ཞིག་དང༌། རྟ་ཧྲག་མི་ཧྲག་བྱས་ནས་ཕར་ཚུར་འགྲོ་བའི་སྐབས་གཏོར་བཅོམ་བྱེད་བཞིན་འགྲོ་འདུག་མཁན་ཕལ་ཆེར་ཡིན་ས་རེད། དེ་ནས་རིམ་པས་ནང་ཆོས་དར། ཞིང་ལས་ཡར་རྒྱས་ཕྱིན། གཏན་འཇགས་ཆགས་ནས་སྤྱི་ཚོགས་དེ་རང་བཞིན་གྱིས་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཤིག་ཆགས་པ་ཡིན་པ་རེད། དཔེར་ན། བོད་པའི་གོམས་གཤིས་ཟེར་བ་དེ། སྔོན་མ་ཨ་མི་རི་ཁའི་གཞིས་ཆགས་ལ་ཕྱིན་པའི་ལས་བྱེད་རྙིང་པ་ཞིག་རེད། ཁོ་རང་བཟའ་ཚང་གཉིས་ཨ་རིའི་སློབ་གྲྭ་ཞིག་གི་ཐབ་ཚང་ནང་དུ། ཚལ་ཚོང་ཁང་ནས་ཉོས་ཏེ་གཙང་མ་བཟོ་མཁན་གྱི་ལས་ཀ་བྱས་ནས་བསྡད་པ་ཡིན་ཟེར། ཚལ་གཙང་མ་བཟོ་བའི་སྐབས་ལ་འབུ་ཡོད་པ་རྣམས། སྣོད་ཆས་ཤིག་གི་ནང་དུ་བསགས་ནས་ཚལ་གཙང་མ་བཟོས་ཚར་རྗེས། འབུ་དེ་རྣམས་ས་ཆ་སྤང་ཡོད་ས་ཞིག་ཏུ་ཕྱིན་ནས་གློད་ཀྱི་ཡོད་ཟེར།

Read more

ནང་ཆོས་དང་འབྲེལ་བའི་དྲི་བ་འགའ།

མཚན་ཉིད་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་དཀོན་མཆོག་དབང་འདུས་ལགས་སུ་འདི་ག་གསར་ཁང་གིས་བཅར་འདྲི་ཞུས།
འདོན་ཐེངས་སྔ་མའི་འཕྲོས།
གནས་ཚུལ་གཅིག་དེ་མིའི་ཁོག་པར་གཞན་ཞིག་ཞུགས་རྒྱུ་ཡོད་པ་དེ་རེད། དཔེར་ན། ལ་དྭགས་ལ་དམག་མི་ཞིག་ས་ཆ་ཞིག་ལ་གྲོངས་པ་རེད། དེའི་ཨ་མ་དེས་ཧིན་དྷིའི་སྐད་ཚིག་གཅིག་ཀྱང་ཤེས་ཀྱི་ཡོད་མ་རེད། སློབ་གྲྭར་རྩ་བ་ནས་འགྲོ་མ་མྱོང་བ་ཞིག་རེད། དམག་དཔོན་ཞིག་དེའི་སར་སོང་བའི་སྐབས་སུ་མོས་ཧིན་དྷིའི་སྐད་བརྒྱབ་པ་མ་ཟད། དམག་མིའི་གུས་ཕྱག་བྱེད་སྟངས་ཚང་མ་ཤེས་པ་མ་ཟད། དམག་མིའི་སྡེ་ཚན་སོ་སོའི་མིང་ལ་སོགས་པ་ཚང་མ་ཤེས་ཀྱི་ཡོད་རེད། རླངས་འཁོར་བརྡབ་སྐྱོན་བྱུང་ནས་ཤི་བའི་དམག་མི་རྣམས་ཀྱི་གོ་ས་དང་བཅས་པ་ཁོ་འདིར་འདུག་ཅེས་གནས་ཚུལ་ཆ་ཚང་བཤད་པ་རེད། དེ་ཚོ་སྐྱེ་དངོས་ཚན་རིག་གི་ཐོག་ནས་བཤད་ན་འགྲེལ་བཤད་རྒྱག་ཐུབ་རྒྱུ་ཡོད་མ་རེད། གང་ཡིན་ཟེར་ན། ཀླད་པའི་ནང་དུ་ཧིན་དྷིའི་སྐད་ཤེས་པའི་རྫས་བསགས་ཡོད་མ་རེད། དེ་མེད་དུས་ཧིན་དྷིའི་སྐད་རྒྱག་ཐུབ་ཀྱི་མ་རེད།

Read more

ནང་ཆོས་དང་འབྲེལ་བའི་དྲི་བ་འགའ།

མཚན་ཉིད་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་དཀོན་མཆོག་དབང་འདུས་ལགས་སུ་འདི་ག་གསར་ཁང་གིས་བཅར་འདྲི་ཞུས།

འདོན་ཐེངས་སྔོན་མའི་འཕྲོས།
དྲི་བ། ནང་པའི་གང་ཟག་ཅིག་ཡིན་ཞེས་པ་ལ་མཚན་ཉིད་གང་ཚང་དགོས་པ་རེད།
ལན། མ་མཐའ་ཡང་ངན་སོང་གི་སྡུག་བསྔལ་ལ་འཇིགས་ནས་དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་གསུམ་ལ་ཡོད་པ་ཡིད་ཆེས་པ་དེ་རེད། དེའི་སྔོན་ལ་སངས་རྒྱས། ཆོས། དགེ་འདུན་གསུམ་ཤེས་དགོས་ཀྱི་རེད། ཆོས་ཟེར་བ་དེ་ཡང་པོ་ཏི་ཙམ་མ་ཡིན་པར། མི་དགེ་བ་བཅུ་སྤོང་བ་དེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་མཐའ་མ་དེ་རེད། སངས་རྒྱས་ཀྱི་བསྟན་པ་ཟེར་བ་ལྟེ་བ་དེ་མི་དགེ་བཅུ་སྤོང་བ་དེ་རེད། སངས་རྒྱས་ཀྱི་ཁྲིམས་ནང་གི་མཐའ་མ་དེ་མི་དགེ་བ་བཅུ་རེད། དེ་བཅུ་པོ་སྲུང་གི་ཡོད་ན་སངས་རྒྱས་ཀྱི་བསྟན་པ་དང་མཇལ་བ་རེད། དེ་སྲུང་གི་མེད་ན་སངས་རྒྱས་ཀྱི་བསྟན་པ་དང་མཇལ་ཡོད་མ་རེད། དགོན་པའི་ནང་དུ་བསྡད་ནའང་མཇལ་ཡོད་མ་རེད། གྲྭ་ཆས་གོན་ནའང་མཇལ་ཡོད་མ་རེད། མི་དགེ་བ་བཅུ་སྤོང་བ་དེ་ལ་ཆོས་ཞེས་ཟེར་དགོས་ཀྱི་རེད། དེ་གཞི་རྩར་བཞག་པ་དང་ཉམས་སུ་ལེན་པ་ལ་བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་རྒྱུ་ཡོད་པ་དང༌། དགེ་འདུན་བྱེད་རྒྱུ་ཡོད་པ། དོན་དམ་ྋསྐྱབས་མགོན་རིན་པོ་ཆེས་གསུངས་པ་ནང་བཞིན་འཇིག་རྟེན་བཀོད་པ་པོ་ལྟ་བུ་ཡིན་ན། དཀོན་མཆོག་ནས་མར་གསུངས་པ་དང་བཀོད་སྒྲིག་བྱས་པ་ལྟ་བུ་རེད། ང་ཚོས་བཤད་པ་ལྟར་ན། མི་ཐ་མལ་པ་ཞིག་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཉམས་ལེན་བྱས་པ་ལ་བརྟེན་ནས་དགེ་འདུན་ཆགས་རྒྱུ་ཡོད་རེད། སངས་རྒྱས་རྒྱུ་ཡོད་རེད། འགོག་ལམ་གྱི་ཆོས་དེ་དག་རང་རྒྱུད་ལ་སྐྱེ་རྒྱུ་ཡོད་རེད། སོ་སོ་ཡར་འགྲོ་བའི་འགོ་འཛུགས་རྒྱུ་ཡོད་པ་དེ་རེད།

Read more

ནང་ཆོས་དང་འབྲེལ་བའི་དྲི་བ་འགའ།

མཚན་ཉིད་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་དཀོན་མཆོག་དབང་འདུས་ལགས་སུ་འདི་ག་གསར་ཁང་གིས་བཅར་འདྲི་ཞུས།
འདོན་ཐེངས་སྔོན་མའི་འཕྲོས།
ནད་ན་ཚ་ཡིན་ནའང་སོ་སོས་སྤྱོད་ལམ་བསྟེན་སྟངས་མ་འགྲིག་པ་དང༌། ཁ་ལག་ཟ་སྟངས་མ་འགྲིག་པ། ཡང་ན་ཕྱི་ལོགས་ཀྱི་འབྱུང་བ་འཁྲུགས་པ་ལ་བརྟེན་ནས་སྡུག་བསྔལ་དེ་ཡོང་གི་ཡོད་རེད། དེ་བཞིན་ཚོར་བ་བདེ་སྡུག་ཐམས་ཅད་རྒྱུ་རྐྱེན་ལ་བརྟེན་ནས་ཡོང་དགོས་ཀྱི་རེད། རྒྱུ་དང་རྐྱེན་དེ་ཕྱི་ལོགས་རྐྱང་རྐྱང་མ་ཡིན་པར་ནང་ལ་ཡང་རག་ལས་ཀྱི་རེད། དཔེར་ན། ན་ཚ་ཞིག་ལ་ཆ་བཞག་ན། མི་སེམས་སྟོབས་ཆེ་ཆུང་དབང་གིས་སྡུག་བསྔལ་ཆེ་ཆུང་ཡོང་གི་རེད། མི་ཏོག་ཙམ་བློ་ཁོག་ཆེན་པོ་ཡོད་མཁན་ཞིག་ཆམ་པ་ན་བ་ཡིན་ན་དེ་ཙམ་གྱིས་སྐྱོན་གྱི་མ་རེད། མི་བློ་ཁོག་ཆུང་ཆུང་ཡོད་མཁན་ཞིག་ཡིན་ན། ཆམ་པ་ཙམ་ན་བ་ཡིན་ན་ཡང་སྡུག་སྐད་ཞེ་བོ་རྒྱག་གི་འདུག་གཱ་དེ་ག་རེ་རེད་ཟེར་ན། ན་ཚ་གཅིག་པ་གཅིག་རྐྱང་ཡིན་ཡང་སེམས་སྟོབས་ཆེ་ཆུང་གི་དབང་གིས་བཟོད་བསྲན་ཡོད་མཁན་དེ་ལ་སྡུག་བསྔལ་ཆུང་ཆུང་དང༌། བཟོད་བསྲན་མེད་མཁན་ལ་སྡུག་བསྔལ་ཆེན་པོ་ཆགས་ཀྱི་རེད།

Read more

ནང་ཆོས་དང་འབྲེལ་བའི་དྲི་བ་འགའ།

མཚན་ཉིད་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་དཀོན་མཆོག་དབང་འདུས་ལགས་སུ་འདི་ག་གསར་ཁང་གིས་བཅར་འདྲི་ཞུས།

འདོན་ཐེངས་སྔོན་མའི་འཕྲོས།
བཅོམ་ལྡན་འདས་ནི་ཧ་ཅང་རྟོགས་པ་མཐོན་པོ་ཡིན་པས། གནས་ལ་བྱིན་གྱིས་བརླབས་པ་དེ་ལོ་སྟོང་ཕྲག་མང་པོར་སྡོད་ཀྱི་ཡོད་རེད། ཁ་ཤས་ཀྱིས་ལོ་ཉིས་བརྒྱ་ཙམ་འདུག་གི་རེད་ཟེར་གྱི་ཡོད་རེད། དེར་བརྟེན་གནས་དེ་དག་ལ་ཕྱིན་ནས་སྒོམ་རྒྱག་པ་ལ་སོགས་པ་དགེ་བ་བྱས་པ་ཡིན་ན་ཤུགས་ཆེ་བ་ཡོང་གི་ཡོད་རེད། གནས་སྐོར་ཟེར་བ་ལྟེ་བ་དེ་སྒོམ་རྒྱག་པ་དང་དགེ་བ་བྱེད་པ་དེ་རེད། ཕྱོགས་གཅིག་ནས་བཅོམ་ལྡན་འདས་དྲན་པ་དེ་རེད།
དྲི་བ། ནམ་རྒྱུན་བོད་པའི་སྤྱི་ཚོགས་ནང་དུ་རིགས་བཟང་ངན་བརྩི་བའི་གོམས་གཤིས་ཤིག་ཡོད་པ་དེ་ནང་ཆོས་དང་མཐུན་གྱི་ཡོད་དམ།

Read more

ནང་ཆོས་དང་འབྲེལ་བའི་དྲི་བ་འགའ།

མཚན་ཉིད་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་དཀོན་མཆོག་དབང་འདུས་ལགས་སུ་འདི་ག་གསར་ཁང་གིས་བཅར་འདྲི་ཞུས།

འདོན་ཐེངས་སྔོན་མའི་འཕྲོས།

དྲི་བ། ནམ་རྒྱུན་སྤྱི་ཚོགས་ནང་དུ་དགོན་པ་དང་ལྷ་སྐུ་རྟེན་གསུམ་ལ་སྐོར་བ་བྱེད་པ་དེ་ནང་ཆོས་ནང་གལ་ཆེན་པོ་ཅི་ཙམ་རེད།
ལན། དེ་གལ་ཆེན་པོ་རེད། དངོས་ཡོད་གནས་ཚུལ་དང་མཐུན་པ་རེད། བཅོམ་ལྡན་འདས་ཀྱིས་གསུངས་པ་བཞིན་གནས་ཚུལ་ག་རེ་ཡིན་ཡང་བརྟག་དཔྱད་བྱེད་དགོས་ཀྱི་རེད། སྐོར་བ་བྱེད་པ་དེ་ཆོས་ལ་ཞེ་དྲག་དགའ་པོ་ཡོད་སྟབས་སྐོར་བ་བྱེད་ཀྱི་ཡོད་པ་རེད། འདུན་པ་རེད། དཔེར་ན། འོད་ལ་ཆགས་པའི་འབུ་དེ་ཚོས་ཤེལ་ཏོག་ལ་སྐོར་བ་བྱེད་ཀྱི་འདུག་གཱ འོད་ལ་ཆགས་པའི་དབང་གིས་སྐོར་བ་བྱེད་ཀྱི་ཡོད་རེད། དེ་བཞིན་ང་ཚོས་ཆོས་ལ་ཞེ་དྲག་དགའ་པོ་ཡོད་པ་ཡིན་ཙང༌། སྐོར་བ་རྒྱག་གི་ཡོད་རེད། ང་ཚོས་ནམ་རྒྱུན་མཐོང་བ་དེ་གཅིག་པུ་རེད། རྒྱུ་མཚན་ལྟེ་བ་དེ་ནང་ཆོས་ནས་ག་རེ་གསུང་གི་ཡོད་རེད་ཟེར་ན། སྐུ་དེས་གསུངས་བཞག་པའི་གསུང་ལ་དགའ་པོ་ཡོད་པ་ཡིན་ཙང་དེའི་སྐུ་དང༌། གསུང༌། དེ་ཉམས་སུ་ལེན་མཁན་གྱི་དགེ་འདུན་དེ་དག་ལ་སྐོར་བ་བྱེད་ཀྱི་ཡོད་རེད། འོད་ལ་ཆགས་པ་ནང་བཞིན་དེ་དགོས་ཀྱི་ཡོད་རེད། སྐོར་བ་བྱེད་པ་གཅིག་པུས་འགྲིག་གི་རེད་གསུང་གི་ཡོད་མ་རེད། ལྟེ་བ་དེ་སློབ་སྦྱོང་ཐོག་ནས་ཡོང་དགོས་ཀྱི་རེད། སྐོར་བ་བྱེད་པ་དེ་ཞོར་གྱི་ལས་ཀ་རེད། འབུ་འོད་ལ་ཆགས་པ་དེ་དཔེ་བཞག་ན་མཚུངས་པོ་ཡོད་རེད།

Read more

ནང་ཆོས་དང་འབྲེལ་བའི་དྲི་བ་འགའ།

མཚན་ཉིད་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་དཀོན་མཆོག་དབང་འདུས་ལགས་ལ་འདི་ག་གསར་ཁང་གིས་བཅར་འདྲི་ཞུས།
དྲི་བ། ནང་ཆོས་ཀྱི་ནང་ནས་འཇིག་རྟེན་བཀོད་པ་པོ་ཁས་མི་ལེན་པའི་གནད་འགག་གང་ལ་ཐུག་པ་རེད།
ལན། ནང་ཆོས་རང་གི་ཐོག་ནས་བཤད་པ་ཡིན་ན་དགག་བྱ་འགོག་པ་དེར་ཐུག་བསྡད་ཡོད་རེད། གནས་ཚུལ་དངོས་གནས་བྱས་པ་ཡིན་ན་ཐར་པའི་རྣམ་གཞག་ལ་ཐུག་གི་ཡོད་རེད། འཇིག་རྟེན་བཀོད་པ་པོ་ཁས་བླངས་ན་ཐར་པའི་རྣམ་གཞག་ར་འཕྲོད་ཐུབ་ཀྱི་ཡོད་མ་རེད། འཇིག་རྟེན་བཀོད་པ་པོ་འགོག་པ་དེ་ནང་པའི་གྲུབ་མཐའ་སྨྲ་བ་བཞིའི་ནང་ནས་གྲུབ་མཐའ་འོག་མས་ཀྱང་འགོག་གི་ཡོད་རེད་མ་གཏོགས་གྲུབ་མཐའ་གོང་མས་འགོག་པ་གཅིག་པུ་མ་རེད། གསལ་པོར་བཤད་པ་ཡིན་ན། ནང་པའི་དབུ་མ་པའི་བཤད་སྟངས་ལྟར་ན་བདེན་གྲུབ་འགོག་གི་ཡོད་རེད།

Read more

ནང་ཆོས་དང་འབྲེལ་བའི་དྲི་བ་འགའ།

བོད་ཀྱི་དཔེ་མཛོད་ཁང་གི་དགེ་བཤེས་བསོད་ནམས་རིན་ཆེན་ལགས་སུ་འདི་ག་གསར་ཁང་གིས་བཅར་འདྲི་ཞུས།
དྲི་བ། ནང་པའི་ཆོས་ལ་ཆོས་ལུགས་གཞན་དང་མ་འདྲ་བའི་ཁྱད་ཆོས་གང་ཡོད་དམ།
ལན། སྤྱིར་བཏང་ནང་པའི་ཆོས་དང་ཆོས་ལུགས་གཞན་དག་མི་མཐུན་པ་ཞེ་དྲག་ཡོད་རེད། བསམ་པ་མི་འདྲ་བ་མང་པོ་ཡོད་རེད། སེམས་ཅན་རེ་རེ་ལ་ནང་པའི་ཆོས་དང་ཆོས་ལུགས་གཞན་དག་གིས་ཕན་ཐོགས་མི་ཐོགས་བཤད་ཤེས་ཀྱི་མ་རེད། ཕན་ཐོགས་མཁན་མི་འདྲ་བ་མང་པོ་ཡོད་རེད། ཁ་ཅིག་ལ་ཕན་ཐོགས་མེད་ཀྱང་ཕར་ཕྱོགས་གཞན་དག་ལ་ཕན་ཐོགས་མཁན་དེ་འདྲ་ཡོད་རེད། གཞི་རྩའི་ནང་པའི་ཆོས་དང་ཆོས་ལུགས་གཞན་ཕྱི་རོལ་པ་ཡེ་ཤུ་དང་ཁ་ཆེ་སོགས་ཀྱི་ཁྱད་པར་ནི། ཆོས་ལུགས་གཞན་དག་མང་ཆེ་བས་སྣོད་བཅུད་ཀྱི་འཇིག་རྟེན་དང་བདེ་སྡུག་ཟེར་བ་བྱེད་པ་པོ་དཀོན་མཆོག་ཟེར་བ་ཞིག་གིས་བྱས་པ་རེད་ཟེར་བ་དང༌། འགའ་ཤས་ཀྱིས་ལྷ་ཡིས་བྱས་པ་རེད་ཟེར་བ་ལྟ་བུ་མང་ཆེ་བས་དེ་འདྲ་ཤོད་ཀྱི་ཡོད་རེད། ནང་པས་དགེ་སྡིག་བླང་དོར་ཟེར་བ་རྒྱུ་ལ་བརྟེན་ནས་བྱུང་བ་དང༌། གཙོ་བོ་སོ་སོའི་བསམ་བློའི་ཀུན་སློང་ཡག་ཉེས་ལ་རག་ལས་པ་རེད། ཀུན་སློང་བཟང་པོ་ཞིག་བྱས་པ་ཡིན་ན་འབྲས་བུ་བདེ་བ་དང་ཡག་པོ་ཞིག་ཡོང་གི་རེད།

Read more
Page 4 of 6« First...23456