ནང་ཆོས་དང་འབྲེལ་བའི་དྲི་བ་འགའ།

བོད་ཀྱི་དཔེ་མཛོད་ཁང་གི་དགེ་བཤེས་བསོད་ནམས་རིན་ཆེན་ལགས་ལ་འདི་ག་གསར་ཁང་གིས་བཅར་འདྲི་ཞུས།

དྲི་བ། ནང་པའི་གང་ཟག་ཅིག་བྱེད་པར་མཚན་ཉིད་གང་ཚང་དགོས་པ་རེད།
ལན། སྤྱོད་པའི་སྒོ་ནས་སངས་རྒྱས་དང༌། ཆོས། དགེ་འདུན་གསུམ་པོ་དེ་སྐྱབས་ཡུལ་ཡང་དག་པ་ཞིག་ཏུ་ངོས་འཛིན་དགོས་པ་དང༌། ལྟ་བའི་སྒོ་ནས་ལྟ་བ་བཀར་བཏགས་ཀྱི་ཕྱག་བརྒྱ་བཞི་ཁས་ལེན་མཁན་ཞིག་ལ་ནང་པ་ཟེར་གྱི་ཡོད་རེད། དེ་འདྲ་ཡིན་དུས་སྐྱབས་ཡུལ་དེ་ལ། སྐྱབས་སྟོན་ པ་པོ་སངས་རྒྱས་དང༌། སྐྱབས་དངོས་ཆོས། སྐྱབས་སྒྲུབ་པའི་ཟླ་གྲོགས་དགེ་འདུན་གསུམ་པོ་དེ་སྐྱབས་ཡུལ་རྣམ་དག་ཏུ་ཁས་ལེན་མཁན་དང༌། ཁ་ཙམ་ཚིག་ཙམ་མིན་པར་ཁ་དོན་མཚུངས་པའི་སྐྱབས་སུ་འགྲོ་མཁན་ཞིག་དང༌། སྐྱབས་འགྲོ་རྒྱུད་ལ་ཡོད་མཁན་གྱི་གང་ཟག་ལ་ནང་པ་ཟེར་གྱི་ཡོད་རེད། སྤྱིར་བཏང་ངས་ཁ་ཙམ་ཚིག་ཙམ་མ་ཡིན་པ་ཟེར་བ་དེ་དཔེར་ན། སྐྱབས་འགྲོའི་ཚིག་བཟང་པོ་དེ་འདྲ་གླུ་དང་གཞས་སུ་གཏོང་མཁན་དེ་ཚོ་ཁ་ཙམ་རེད་བསམ་གྱི་ཡོད། ཡང་དེ་ལས་ཅུང་དྲགས་པའི་སྐྱབས་འགྲོ་དང་སློབ་སྦྱོང་ལ་བསམ་བློ་མ་བཏང་བར་སྐྱབས་སུ་མཆི་ཞེས་རེ་བ་བྱེད་སྡོད་པ་དེ་ཚོ་ཚིག་ཙམ་ཟེར་བ་རེད། སྐྱབས་སུ་འགྲོ་བའི་རྒྱུ་དང་རྐྱེན་གང་དགོས་མིན་སློབ་སྦྱོང་མ་བྱས་ན་ཚིག་ཙམ་ཆགས་པ་རེད། ཁ་ཙམ་དང་ཚིག་ཙམ་གྱིས་སྐྱབས་སུ་སོང་ན་ཕན་ཐོགས་ཡོད་མ་རེད་ལབ་ཀྱི་མེད་དེ། དེ་ཙམ་གྱིས་ནང་པའི་གང་ཟག་མཚན་ཉིད་ལྡན་པ་ཞིག་ཆགས་ཀྱི་མ་རེད། ནང་པའི་གང་ཟག་དངོས་གནས་ཤིག་བྱེད་པར་སྐྱབས་འགྲོ་རྣམ་དག་ཅིག་རྒྱུད་ལ་དགོས་ཀྱི་རེད།

Read more

ནང་པའི་ཆོས་ཀྱི་སྒོ་སྐྱབས་འགྲོའི་སྐོར།

བོད་ཀྱི་དཔེ་མཛོད་ཁང་གི་དགེ་བཤེས་བསོད་ནམས་རིན་ཆེན་ལགས་ལ་འདི་ག་གསར་ཁང་གིས་བཅར་འདྲི་ཞུས།
དྲི་བ། སྐྱབས་འགྲོ་མ་ཤེས་པར་ནང་པ་ཡིན་ཞེས་ལབ་ན་འགྲིག་གི་ཡོད་པ་རེད་དམ།
ལན། སྤྱིར་བཏང་ནང་པའི་ཆོས་ཀྱི་སྒོ་དེ་སྐྱབས་འགྲོ་རེད། ང་རང་ཚོའི་རྒྱུད་ལ་སྐྱབས་འགྲོ་ཡག་པོ་ཡོད་ན་ནང་པའི་གྲལ་དུ་ཚུད་ཀྱི་རེད། སྐྱབས་འགྲོ་ཡག་པོ་མེད་ན་ནང་པའི་གྲས་སུ་ཚུད་ཀྱི་ཡོད་མ་རེད། སྐྱབས་འགྲོ་ཡག་པོ་ཤེས་ཀྱི་མེད་ཀྱང་ནང་པ་ཡིན་བསམ་སྡོད་མཁན་ཡོད་པ་རེད། ཡིན་ན་ཡང༌། ནང་པའི་གྲས་སུ་ཚུད་མི་ཚུད་དེ་སྐྱབས་འགྲོ་རྒྱུད་ལ་ལྡན་མི་ལྡན་དེ་རེད། སྐྱབས་འགྲོ་ཡོད་མེད་ལ་རག་ལས་པ་ཞིག་རེད།

Read more

ཆོས་ཉན་པའི་ཀུན་སློང་དང་ཀུན་སྤྱོད།

རྫ་དཔལ་སྤྲུལ་རིན་པོ་ཆེས་མཛད་པའི་སྙིང་ཏིག་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་སོགས་ལས་བཏུས།

ཆོས་ཉན་པའི་སྐབས་སུ་ལུས་ཆོས་གྲལ་དུ་སླེབས་པ་ཙམ་གྱིས་མི་ཕན་པར། གཙོ་ཆེ་ཤོས་ཀུན་སློང་ཁྱེར་སྟངས་དང༌། ཀུན་སྤྱོད་གཙོ་བོར་འཛིན་དགོས། ཀུན་སློང་ལ་མཚོན་ན་བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་དང༌། ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་སོགས་ཡོད་ཀྱང༌། འདིར་ལས་དང་པོ་བ་རྣམས་ཀྱིས་གོ་བདེ་བའི་ཆེད་དུ་བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་སྐོར་ངོ་སྤྲོད་མདོར་བསྡུས་ཙམ་ཞུ་རྒྱུ་ཡིན།

Read more

ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་བྱང༌།

ྋགོང་ས་མཆོག་གི་བཀའ་སློབ། རྣམ་རྒྱལ་གྲྭ་ཚང་ཤེས་ཡོན་ལྷན་ཚོགས་ནས་དཔར་འགྲེམས་བྱས་པ། བོད་ཀྱི་ནང་ཆོས་ངོ་སྤྲོད་སྙིང་བསྡུས་ཞེས་པའི་དེབ་ལས་བཏུས།

ནང་ཆོས། སྤྱིར་འཛམ་བུའི་གླིང་འདིའི་སྒང་ལ་བོད་པ་གཅིག་པུ་མ་རེད། ཤྲི་ལངྐ༌། འབར་མ། ཐའེ་ལན་ཌི་དེ་ཚོར་ནང་པ་མང་པོ་ཡོད་པ་རེད། རྒྱ་ནག་ལ་ཡོད་པ་རེད། འཇར་པན་ལའང་ཡོད་པ་རེད། ཀོ་རི་ཡ། ཝི་ཏི་ནམ་སོགས་ལུང་པ་མང་པོ་ཞེ་དྲག་ཡོད་པ་རེད། ལུང་པ་དེ་དག་ནུབ་ཕྱོགས་པར་འབྲེལ་བ་སྔ་མོ་ནས་ཞེ་དྲག་བྱུང་བསྡད་ཡོད་པ་རེད། ནང་པའི་ལུང་པ་མང་པོ་ཞིག་དབྱིན་ཇིའི་མི་སེར་སྤེལ་ཡུལ་གྱི་འོག་ལ་བསྡད་པ་རེད། དེ་ག་ནང་བཞིན་ཧཕ་རན་སིའི་མི་སེར་སྤེལ་ཡུལ་གྱི་འོག་ལ་བསྡད་པ་རེད། དེ་དུས་ནས་འབྲེལ་བ་ཞེ་དྲག་ཡོད་པ་རེད་དེ། ཡིན་ནའང་ནུབ་ཕྱོགས་པའི་ཚན་རིག་པའི་ནང་ནས། ནང་ཆོས་ནས་ཚུར་རིག་པ་བསླབ་རྒྱུའི་འབད་བརྩོན་བྱེད་མཁན་ཧ་ལམ་བྱུང་ཡོད་པ་མ་རེད། ཤར་ཕྱོགས་པའི་ཚན་རིག་པ་མཁས་པ་ཆེན་པོ་དེ། སྙན་གྲགས་ཆེན་པོ་དེས་ནང་ཆོས་ལ་དོ་སྣང་གཅིག་སླེབས་ནས། མ་འོངས་པ་ལ་ཚན་རིག་དང་ཆོས་མཉམ་དུ་འགྲོ་རྒྱུ་ཞིག་ཆགས་པ་ཡིན་ན། ནང་ཆོས་ཀྱིས་ཚན་རིག་དང་མཉམ་དུ་འགྲོ་གི་རེད་ཟེར་བ་ཞིག་ཁོང་གིས་བཤད་ཡོད་པ་རེད། མ་གཏོགས་གཞན་དམིགས་བསལ་ནང་ཆོས་ཀྱི་ནང་ནས་ཚན་རིག་པས་ཚུར་རེ་བ་བརྒྱབ་ནས་བསླབ་རྒྱུ་དེ་བྱུང་མྱོང་ཡོད་པ་མ་རེད།

Read more

ཆོས་ལུགས་མཐུན་སྒྲིལ་དགོས་སྐོར།

ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བྱང་ཨ་རིའི་ས་ཁུལ་ཡོངས་ཀྱི་ཆོས་ལུགས་རིས་མེད་ཀྱི་ཚོགས་འདུར་བསྩལ་བའི་བཀའ་སློབ། རིགས་སློབ་ལྷག་བརྩེགས་ཚོགས་ཆུང་ནས་བོད་བསྒྱུར་ཞུས་པ། ནང་པའི་ལྟ་སྤྱོད་ཀུན་བཏུས་ལས་བཏུས།

ང་ཚོ་འདིར་ཆོས་ལུགས་འདྲ་མིན་གྱི་མི་སྣ་དུ་མ་ཐུན་མོང་དུ་མཉམ་འཛོམས་བྱུང་བ་འདི་ནི་རྟགས་མཚན་བཟང་པོ་ཞིག་ཡིན། ཆོས་ལུགས་ལ་ནང་གསེས་ལྟ་བ་མི་འདྲ་བ་དུ་མ་ཞིག་ཡོད་པ་དང༌། ལྟ་བའི་གནད་དོན་འགའ་ཞིག་ནི་རྩ་བ་ནས་མི་མཐུན་པའི་རྒྱབ་འགལ་དུ་གྱུར་པའང་ཡོད། དཔེར་ན་ནང་པ་རྣམས་ཀྱིས་འཇིག་རྟེན་བཀོད་པ་པོ་ཁས་ལེན་གྱི་མེད་ལ། ཡེ་ཤུས་འཇིག་རྟེན་བཀོད་པ་པོ་ཞིག་གི་སྟེང་ནས་ལྟ་བ་རྣམས་བཤད་ཀྱི་ཡོད། དེ་ལྟར་ཁྱད་པར་ཆེན་པོ་ཡོད་ནའང་ངས་ཁྱེད་རང་ཚོའི་ཆོས་ལུགས་ལ་གུས་བརྩི་ཆེན་པོ་བྱེད་ཀྱི་ཡོད། དེ་ཡང་སྲིད་དོན་གྱི་རྒྱུ་མཚན་དང་ཡ་རབས་ཙམ་གྱི་ཆ་ནས་མ་ཡིན་པར་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་ཡིན། ལོ་ངོ་བརྒྱ་ཕྲག་མང་པོའི་རིང་ཁྱེད་ཚོའི་ལམ་ལུགས་འདིས་མིའི་སྤྱི་ཚོགས་ལ་ཞབས་འདེགས་ཆེན་པོ་བསྒྲུབས་ཡོད།

Read more

སྡུག་བསྔལ་དང༌། ཆགས་སྡང་འགོག་ཚུལ་དཔེ་དང་བཅས་པ།

སྡུག་བསྔལ་དང༌། ཆགས་སྡང་འགོག་ཚུལ་དཔེ་དང་བཅས་པ།

དེ་ལ་བྱམས་པ་ཟེར་བ་དེ་མཐའ་གཅིག་ཏུ་ཡུལ་དེ་ལ་ཡིད་དུ་འོང་བར་བལྟས་ནས་དེ་ལ་སྐྱིད་པ་ཞིག་བྱུང་ན། བདེ་བ་ཞིག་བྱུང་ན། ཡག་པོ་ཞིག་བྱུང་ན་བསམ་པའི་བློ་དེ་ལ་བྱམས་པ་ཟེར་གྱི་འདུག་གཱ། བྱས་ཙང་ཡུལ་དེ་ལ་ཞེ་ཐག་པ་ནས་སྡང་བའི་བློ་དེ་དང༌། ཡུལ་དེ་ལ་ཞེ་ཐག་པ་ནས་བྱམས་པའི་བློ་གཉིས་པོ་དེ་འཛིན་སྟངས་འགལ་བ་རེད་འདུག་གཱ།

Read more

སྡུག་བདེན་གསུམ་གྱི་ངོ་བོ་ངོས་འཛིན་ཚུལ།

འདོན་ཐེངས་སྔོན་མའི་འཕྲོས།

སྡུག་བསྔལ་དང་སྡུག་བསྔལ་བ་གཉིས་ལ་ཁྱད་པར་ཆེ། དེ་འདྲ་ཡིན་དུས། ཟག་བཅས་ཚོར་བ་བདེ་བ་ལས།། ཡིད་འབྱུང་ཕྱི་རོལ་པ་ལའང་མཆིས།། ཟག་བཅས་ཀྱི་ཚོར་བ་བདེ་བ་དེ་སྡུག་བསྔལ་ཡིན་པ་ཤེས་པ་དེ་མུ་སྟེགས་པ་ལ་ཡང་ཡོད་པ་རེད། སྤྱིར་བཏང་ང་ཚོའི་མི་ལ་ཕལ་ཆེར་ཡོད་པ་མ་རེད་དེ། ཡིན་ན་ཡང་མུ་སྟེགས་པའི་ཏིང་ངེ་འཛིན་དོན་དུ་གཉེར་མཁན། བསམ་གཟུགས་སྒོམ་མཁན་དེ་ཚོའི་གྲས་ཟག་བཅས་ཀྱི་ཚོར་བ་བདེ་བ་ལ་ཡིད་འབྱུང་ནས། འདོད་པའི་ཡོན་ཏན་ལ་རྦད་དེ་ཉེས་དམིགས་སུ་མཐོང་ནས། དེ་ལས་ཡིད་ཐག་བསྲིང་ནས་ནང་གི་ཏིང་ངེ་འཛིན་གྱི་རོ་ལ་ཆགས་ནས་ཏིང་ངེ་འཛིན་རྩེ་གཅིག་ཏུ་སྒོམ་རྒྱུ། མདོར་ན་ཁམས་གོང་མ་དེ་ཞི་བ་ལ་བལྟས། རང་ས་ཡིན་ན་ཡང་འདྲ། འདི་ལྟར་ལབ་ན་ཡག་པོ་མེད་དམ།

Read more

སྡུག་བདེན་གསུམ་སོ་སོའི་ངོ་བོ་ངོས་འཛིན་ཚུལ།

ྋགོང་ས་མཆོག་གི་བཀའ་སློབ་ནང་ཆོས་ངོ་སྤྲོད་སྙིང་བསྡུས་ལས་བཏུས།

བཅོམ་ལྡན་འདས་ཀྱིས་བདེན་བཞི་གསུང་ཡོང་དུས། བདེན་བཞིའི་ངོ་ལ་བཟླས་པ་ཟེར་བ་དེ་གསུངས་ཚར་བའི་རྗེས་ལ། བདེན་བཞིའི་བྱ་བ་ལ་བཟླས་པ་ཟེར་བ་དེ། བྱ་བ་ལ་བཟླས་པ་ཟེར་བ་དེས་བླང་དོར་གསུངས་ཀྱི་ཡོད་པ་རེད། སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་བྱ། དེས་བླང་དོར་གྱི་གནས་གང་འདྲ་ཞིག་སྟོན་པ་རེད་ཟེར་ན། སྡུག་བསྔལ་ཟེར་བ་དེ་ཤེས་དགོས་ཀྱི་རེད་ཟེར། སྡུག་བསྔལ་ཤེས་དགོས་ཀྱི་རེད་གསུངས་པ་དེ། འདུ་བྱེད་ཀྱི་སྡུག་བསྔལ་གཙོ་བོར་གསུངས་ཀྱི་ཡོད་པ་རེད།

Read more

ཆོས་ཀྱིས་སྤྱི་ཚོགས་ཡར་རྒྱས་སོགས་ལ་མི་གནོད་པའི་སྐོར།

ྋགོང་ས་མཆོག་གིས་བོད་རིགས་ན་གཞོན་རྣམས་ལ་གནང་བའི་བཀའ་སློབ་༵༵ནང་ཆོས་ངོ་སྤྲོད་སྙིང་བསྡུས་ཀཀཞེས་པའི་དེབ་ལས་བཏུས།
ཆོས་ཀྱིས་ལུང་པ་ཡར་རྒྱས་ལ་གནོད་ཀྱི་རེད་ཟེར་བའི་སྐད་ཆ་ཞིག་ཡོད་པ་རེད། འདིར་བསམ་བློ་གཏོང་དགོས་པ་རེད། ང་ཚོའི་ཆོས་ཀྱི་ཐོག་ནས་ཚེ་འདི་དང་ཕྱི་མ། དུས་རྒྱུན་གཏན་གྱི་འདུན་མ་བསྒྲུབ་རྒྱུ་ཟེར་བ་ཞིག་ང་ཚོས་བསམ་བློ་གཏོང་གི་ཡོད་པ་རེད་ལ། ཡིན་ཐག་ཆོད་རེད། དེ་གལ་ཆེན་པོ་རེད། མི་ཚེ་འདི་མཐོང་བསྡད་པའི་མི་ཚེ་ཞིག་རེད། མི་ཚེ་ཕྱི་མ་ཟེར་བ་དེ་མཐོང་མི་ཐུབ་པའི་གནས་ཚུལ་གཏིང་རིང་པོ་ཞིག་ཆགས་ཡོང་གི་ཡོད་པ་རེད། དེ་འདྲ་ཡིན་དུས་ཙ་ནས་མཐོང་ཐུབ་པ་དང་མཐོང་མི་ཐུབ་པ་གཉིས་པོ་བསྡུར་བ་ཡིན་ན། མཐོང་མི་ཐུབ་པའི་གནས་ཚུལ་དེ་འགན་ལྕི་བ་རེད། དེ་འདྲ་ཡིན་དུས། སྤྱིར་བཏང་ང་རང་ཚོ་ནང་པ་སངས་རྒྱས་པའི་ཆོས་ཉམས་ལེན་ངོ་མ་བྱེད་མཁན་ཞིག་ཡིན་ན། ཚེ་འདི་འགྲིགས་འགྲོ་ཡི་རེད་བསམ་པ་ཞིག་དང༌།

Read more

བསྟན་པ་ལ་འཇུག་པའི་སྒོ་སྐྱབས་འགྲོའི་སྐོར།

ྋགོང་ས་མཆོག་གིས་ཨ་རིའི་ཧ་ཝཌ་གཙུག་ལག་སློབ་གཉེར་ཁང་དུ་གསུངས་པ་རིགས་སློབ་ལྷག་བརྩེགས་ཚོགས་ཆུང་ནས་འགྲེམས་སྤེལ་ཞུས་པ་སེམས་ཀྱི་ཞི་བདེ་དང༌། དཔལ་སྤྲུལ་སྔོན་འགྲོ་ལས་བཏུས།
བདེན་པའི་ཆོས་འཁོར་ལ་མ་ཞུགས་གོང་སྐྱབས་གནས་གསུམ་གྱི་རྣམ་གཞག་ཐོག་བགྲོ་གླེང་བྱས་ན་སྙམ། དེ་ལ་ནང་ཆོས་ཀྱི་ཐོག་ནས་སྐྱབས་སུ་འགྲོ་སྟངས་གང་འདྲ་ཞིག་ཡིན་མིན་དང༌། ནང་པ་ཡིན་མིན་གྱི་དབྱེ་བ་འབྱེད་མཚམས་ཇི་ལྟར་ཡིན་ཞེ་ན། སྐྱབས་འགྲོའི་ཡུལ་སངས་རྒྱས་དང༌། ཆོས་དང༌། དགེ་འདུན་བཅས་དེ་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་པ་དང༌། ལྟ་བའི་ཆ་ནས་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པ་འདི་ལ་ནང་པ་ཞེས་བརྗོད། དེ་ལ་སངས་རྒྱས་ནི་སྐྱབས་སྟོན་པ་པོ་ཡིན་པ་དང༌། སྐྱབས་དངོས་ནི་ཆོས་ཡིན། དེ་ཡང་བཅོམ་ལྡན་ཉིད་ཀྱིས། བདག་ནི་ཁྱོད་ལ་ཐར་པའི་ལམ་བསྟན་གྱི།། ཐར་པ་རང་ལ་རག་ལས་ཤེས་པར་གྱིས།། ཞེས་དང༌། ཡང་དེ་བཞིན་དུ། བདག་ཉིད་བདག་གི་མགོན་ཡིན་ཏེ། ཞེས་སོགས་གསུངས། དགེ་འདུན་ནི་སྐྱབས་སྒྲུབ་པའི་ཟླ་གྲོགས་ཡིན།

Read more
Page 5 of 6« First...23456