གསལ་བསྒྲགས།

དགེ་རྒན་ས་མིག

༄༅། །འདི་ག་སེར་བྱེས་འབྲིང་རིམ་སློབ་གྲྭར་(B.A.B.Ed.)ཤེས་ཡོན་གནས་ཚད་ལེགས་ལྡན་དབྱིན་ཇིའི་སྐད་ཡིག་དགེ་རྒན་གཅིག་དགོས་གལ་ཡོད་པས། ཚད་ལྡན་མཐོ་སློབ་ནས་(B.A.B.Ed.)ཐོན་མ་ཐག་པའམ་ཡང་ན་སློབ་ཁྲིད་གནང་མྱོང་ཡོད་པ་གང་ཞིག་ཞབས་ཞུ་གནང་འདོད་ཡོད་རིགས་ནས་རང་ཉིད་ཀྱི་ཁ་བྱང་དང་ཁ་པར་ཨང་གྲངས། ཨི་མེལ་རྟགས་བཅས་གསལ་འཁོད་ཀྱི་སྙན་ཞུའི་ཐོག ཤེས་ཚད་ལག་འཁྱེར་འདྲ་བཤུས་དང་འདྲ་དཔར་ཁ་གསར་གཅིག་བཅས་ཟླ་གཅིག་ནང་ཚུད་འདི་གའི་ཡིག་ཚང་དུ་འབྱོར་ངེས་གཏོང་གནང་དགོས་རྒྱུའི་གསལ་བསྒྲགས་སུ། སེར་བྱེས་འབྲིང་རིམ་སློབ་གྲྭའི་སློབ་སྤྱིའི་ཡིག་ཚང་ནས་ཕྱི་ལོ་༢༠༠༨ ཟླ་༡༢ ཚེས་༢༥ ལ།།PrincipalSera Je Secondary School(Affiliated to C.B.S.E)bylakuppe-571104Mysore Dist.KarnatakaINDIA

Bangchen admin· · 0 མཆན་འགྲེལ། ·

ལེགས་ཚོགས་རྒྱ་མཚོའི་གསལ་བསྒྲགས།

༄༅། །སྦེལ་ཀོབ་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ལྷུན་འགྲུབ་དཔལ་འབྱོར་མཆོག་ལ།

ཆེད་ཞུ།

སྐུ་ཉིད་ཀྱིས་སྒྲིག་གཞི་དང་ལམ་སྟོན་ཁག་ལས་ཁུངས་ཀྱི་འགྲོ་ཕྱོགས་དང་འགལ་བའི་ལས་དོན་བྱེད་བཞིན་འདུག་པ། གཤམ་གསལ་ལྟར།

༡ སྐབས་༡༤ པའི་སྤྱི་འཐུས་རྣམ་པ་གསུམ་སྦེལ་ཀོབ་ཏུ་ཕེབས་སྐབས་ཀྱི་ལས་སྡོམ་སྙན་ཐོའི་འདྲ་བཤུས་རང་བདེན་ཚོགས་ཆུང་དུ་བསྐུར་བ་ཚོགས་ཆུང་ལ་མ་སྤྲད་པར་སྒེར་ཉར་བྱས་འདུག

Bangchen admin· · 0 མཆན་འགྲེལ། ·

ཆོས་བརྡ་གསལ་བསྒྲགས།

༈ འཛམ་གླིང་ཡུལ་གྲུ་གང་ས་ནས་སྤྱིར་ནང་ཆོས་དང་ལྷག་པར་ཟབ་ལམ་འཇའ་ལུས་འཕོ་བའི་གདམས་ངག་ཉམས་ལེན་ལ་དོན་གཉེར་ཅན་མང་དག་ཞིག་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་

Bangchen admin· · 0 མཆན་འགྲེལ། ·

འབྲས་བློ་གླིང་སྨན་ཁང་གི་སྨན་པའི་ས་མིག་གསལ་བསྒྲགས།

འདི་ག་འབྲས་སྤུངས་བློ་གསལ་གླིང་སྨན་ཁང་དུ་རང་རིགས་བོད་མི་སྨན་པ་ཞིག་བྱུང་ན་གང་ཅིའི་ཐད་ལེགས་པར་མངོན་ཏེ་མང་ཚོགས་སུ་གསལ་བསྒྲགས་ཞུ་རྒྱུ་ལ། གོང་གསལ་སྨན་ཁང་དུ་རྒྱ་ལུགས་སྨན་པའི་ས་མིག་ཞིག་འདུག་ན། དེར་ཞུགས་འདོད་ཡོད་རིགས་རྣམས་ནས་གཤམ་གསལ་འབྲེལ་གཏུག་ཁ་པར་དང་ཁ་བྱང་ཐོག་ཏུ་གང་མྱུར་འབྲེལ་གནང་ཡོད་པའི་དགོངས་འཇགས་ཞུ།

Bangchen admin· · 0 མཆན་འགྲེལ། ·

ལས་བྱེད་ས་མིག་གསལ་བསྒྲགས།

༄༅། ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པར་ཆབ་སྲིད་བཙོན་བཙོན་པའི་མི་ཚེའི་ལོ་རྒྱུས་རྩོམ་སྒྲིག་གི་ལས་བྱེད་ས་མིག་ཅིག་ཡོད་ན། གཤམ་གསལ་ཆ་རྐྱེན་ཁག་ཚང་ཐོག་ཞུགས་བློ་ཡོད་མཁན་རྣམས་ནས་ཕྱི་ལོ་ ༢༠༠༨ ཟླ་ ༡༢ པའི་ཚེས་ ༢༠ འགྱངས་མེད་འདི་གར་སྙན་ཞུ་འབུལ་ཐུབ་པ་དགོས་ལ། ཟླ་ ༡༢ ཚེས་ ༣༠ ཉིན་ངག་རྒྱུགས་ཀྱི་ལམ་ནས་འདེམས་སྒྲུག་བྱེད་རྒྱུ་ཡིན།

Bangchen admin· · 0 མཆན་འགྲེལ། ·

ལས་བྱེད་ས་མིག་གསལ་བསྒྲགས།

༄༅། ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པར་ཆབ་སྲིད་བཙོན་བཙོན་པའི་མི་ཚེའི་ལོ་རྒྱུས་རྩོམ་སྒྲིག་གི་ལས་བྱེད་ས་མིག་ཅིག་ཡོད་ན། གཤམ་གསལ་ཆ་རྐྱེན་ཁག་ཚང་ཐོག་ཞུགས་བློ་ཡོད་མཁན་རྣམས་ནས་ཕྱི་ལོ་ ༢༠༠༨ ཟླ་ ༡༢ པའི་ཚེས་ ༢༠ འགྱངས་མེད་འདི་གར་སྙན་ཞུ་འབུལ་ཐུབ་པ་དགོས་ལ། ཟླ་ ༡༢ ཚེས་ ༣༠ ཉིན་ངག་རྒྱུགས་ཀྱི་ལམ་ནས་འདེམས་སྒྲུག་བྱེད་རྒྱུ་ཡིན།

Bangchen admin· · 0 མཆན་འགྲེལ། ·

ཏྲེ་ཧོར་སྐྱིད་སྡུག་གི་གསལ་བསྒྲགས།

རྒྱལ་ཁབ་ཕྱི་ནང་གང་སར་ཡོད་པའི་ཏྲེ་བོ་ཁམས་རིགས་ཡོངས་ལ་ཞུ་རྒྱུ།

འདི་ལོའི་༢༠༠༨ཕྱི་ཟླ་གསུམ་པ་ཚན་ཆད་ས་བྱི་ཞི་རྒོལ་ཆེན་པོའི་ནང་ཞུགས་པའི་གཞིས་བཞུགས་བོད་ཀྱི་དཔའ་བོ་དཔའ་མོ་ཚོས་ལུས་སྲོག་བློས་བཏང་གིས་མཛད་རྗེས་རྒྱ་ཆེར་བཞག་པའི་གནས་ཚུལ། འཛམ་གླིང་མི་དམངས་ཡོངས་ཀྱིས་མཁྱེན་རྟོགས་དང་མི་རབས་རྗེས་མ་ཚོས་ཕ་མེས་ཡང་མེས་ཆོས་ཀྱི་མཛད་རྗེས་གང་ཞིག་བཞག་པ་ཤེས་པ་བཅས་ཀྱི་ཆེད་དུ་ད་ལྟའི་དངོས་བྱུང་གི་ལོ་རྒྱུས་ཡིག་ཐོག་ཏུ་འགོད་རྒྱུ་གལ་ཆེ་ཡིན་པ་བཤད་མ་དགོས་པའི་ཐོག ས་ཁུལ་སོ་སོ་ནས་དེ་དོན་འགན་ཁུར་ཕྱར་གྲུ་མཉམ་འདེགས་དགོས་པས།

Bangchen admin· · 0 མཆན་འགྲེལ། ·

ཆུ་སྒང་༥༠ དུས་དྲན་གོ་སྒྲིག་ཚོགས་ཆུང་གི་ཆེའི་གསལ་བསྒྲགས།

མདོ་ཁམས་ཆུ་བཞི་སྒང་དྲུག་༥༠ དུས་དྲན་གོ་སྒྲིག་ཚོགས་ཆུང་གི་གལ་ཆེའི་གསལ་བསྒྲགས།

དགོངས་པའི་མངའ་མཁྱེན་ལྟར། མདོ་ཁམས་ཆུ་བཞི་སྒང་དྲུག་བོད་ཀྱི་བསྟན་སྲུང་དང་བླངས་དམག་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བའི་དངོས་གཞིའི་མཛད་སྒོ་ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༡༦ ཉིན་བཞུགས་སྒར་རྡ་རམ་ས་ལའི་གངས་སྐྱིད་ལས་བྱེད་གསོལ་ཐབ་ཡང་སྟེང་ཚོགས་ཁང་དུ་འཚོགས་ཡོད་ཅིང༌། དེ་དུས་གསལ་བསྒྲགས་སྔོན་སོང་ལྟར་ཕྱི་ལོ་ ༡༩༥༨ ལོར་ལྕགས་ཚ་གྲི་གུ་ཐང་དུ་ཐོག་མ་བོད་ཀྱི་བསྟན་སྲུང་དང་བླངས་དམག་ཁོངས་སུ་འཛུལ་ཞུགས་རང་རེ་དཔའ་བོ་རྣམས་ལ་གཟེངས་བསྟོད་ཕྱག་འཁྱེར་ཕུལ་ཟིན་ཀྱང༌། བར་ལམ་བྱས་རྗེས་ཅན་མང་དག་ཅིག་ནས་ཕྱག་ཁྱེར་ཐོབ་མེད་པ་དང༌། མུ་མདོ་ཁམས་ཆུ་བཞི་སྒང་དྲུག་༥༠ དུས་དྲན་གོ་སྒྲིག་ཚོགས་ཆུང་གི་གལ་ཆེའི་གསལ་བསྒྲགས།

Bangchen admin· · 0 མཆན་འགྲེལ། ·

ནག་ཕྱོགས་ཟིལ་གྱིས་གནོན་པའི་སྔོན་བརྡ།

༈ བོད་གངས་ཅན་གྱི་བསྟན་སྲིད་ལ་འཇབ་ནས་རྒོལ་བའི་དགྲ་བོའི་རང་མཚང་དམར་རྗེན་དུ་འདོན་པའི་བདེན་པའི་རང་སྒྲ་སྲིད་གསུམ་ནག་ཕྱོགས་ཟིལ་གྱིས་གནོན་པའི་སྔོན་བརྡ།

ང་ཚོའི་མིག་ལམ་དུ་མཐོང་བཞིན་པའི་བོད་བསྟན་སྲིད་མི་རིགས་དང་བཅས་པ་རྩ་བརླག་ཏུ་འགྲོ་རྒྱུའི་ཤི་གསོན་གྱི་མཚམས་སུ་སླེབ་པའི་ཡིད་སྐྱོ་བའི་གནས་ཚུལ་འདི་རྒྱུ་མེད་ལས་བྱུང་མེད་ལ་རྒྱ་དམར་གྱིས་བཙན་འཛུལ་གཅིག་པོ་ལས་བྱུང་བ་ཡང་མིན། ཚད་ཐུབ་ཀྱི་ལྷ་དང་བླ་མའི་ལམ་སྟོན་གྱིས་མ་འདེངས་པའང་མིན། གློ་བུར་དུ་ཐོག་འབབ་པ་ལྟ་བུའང་མིན། དེ་ནི་བརྒྱུད་ལམ་མང་པོ་ཞིག་ནས་འཐུས་ཤོར་དང༌། རྗེས་ལུས། ལྡོག་ཕྱོགས་ཀྱིས་བྱ་སྤྱོད་མང་བ་སོགས་ལས་བྱུང་ཡོད་པའི་ཚབས་ཆེ་ཤོས་ཞིག་ནི་དོལ་རྒྱལ་གྱི་གནད་དོན་དེ་ཆགས་ཡོད། ད་ལྟའི་ཆར་གདན་ས་ཁག་གིས་ཐུགས་ཁུར་ཆེ་བཞེས་ཀྱིས་སྤང་བླང་མཛད་པ་དེས་བསྟན་པའི་དག་ཐེར་རྨད་དུ་བྱུང་བ་ཞིག་བྱུང་ཡོད། ད་དུང་ཡང་ལོ་རྒྱུས་ཐོག་ལྷག་པའི་གནད་དོན་དེ་དཀར་པོ་དཀར་པོ་ཡིན་པ་དང༌། ནག་པོ་ནག་པོ་ཡིན་པ་གསལ་པོར་བཟོ་དགོས་པ་དང༌། དེ་ཡང་གོམ་པ་དང་པོ་དེ་གདན་ས་ཁག་གིས་སྤོ་དགོས་པ་ཞིག་ཏུ་མཐོང༌། གང་ཡིན་ཞེ་ན། གཞན་དག་གིས་གདོང་ལེན་བརྒྱ་ཕྲག་བྱས་པ་ལས་གདན་ས་ཁག་གིས་གདོང་ལེན་ཐེངས་གཅིག་བྱས་པ་གྲུབ་འབྲས་ཆེ་བ་བྱུང་བ་མཐོང་ཆོས་ཡིན། བོད་ཀྱི་བསྟན་སྲིད་ལ་འགལ་རྐྱེན་བཟོ་མཁན་ལ་དོལ་རྒྱལ་དང་དོལ་རྒྱལ་ཚོགས་པ་རྒྱ་དམར་སྲིད་གཞུང་བཅས་བྱེད་ཐབས་གཅིག་མཚུངས་ལྟ་བུར་མཐོང༌།

Bangchen admin· · 0 མཆན་འགྲེལ། ·

ཧི་མ་ལ་ཡའི་ནང་པའི་སློབ་ཕྲུག་བདེ་དོན་ཚོགས་པའི་གསལ་བསྒྲགས།

ཕྱི་ལོ་༢༠༠༨ ཟླ་༡༡ ཚེས་༢༠ ཉིན་སྔ་དྲོའི་ཆུ་ཚོད་༩ ཐོག་རྒྱ་གར་ཧི་མ་ལ་ཡའི་ནང་པའི་སློབ་ཕྲུག་ཚོགས་པས་འབོད་བསྐུལ་ཞུ་དོན་བཞིན། འདི་ག་ཀར་ཝལ་རྫོང་གི་མི་མང་སྐུ་ཚབ་Amelia Shri V.S. Patil མཆོག་དང་ཧི་མ་ལ་ཡའི་ཚོགས་མི་རྣམས་དང་ལྷན་དུ་དུས་ཚོད་སྐར་མ་༤༥ རིང་གཙོ་བོ་དོན་ཚན་གཉིས་ཐོག་ཚོགས་འདུ་གལ་ཆེན་ཞིག་འཚོགས་པ་རེད། ༡ ཧི་མ་ལ་ཡའི་སློབ་ཕྲུག་རང་ལོ་༡༨ ལོན་པ་རྣམས་ལ་རྒྱ་གར་གྱི་འོས་ཤོག་ས་གནས་འདིར་བླུག་ཆོག་སྐོར་དང༌། Shri Patil མཆོག་ནས་འོས་ཤོག་ཐོབ་ཐང་ངེས་པར་དུ་དགོས་པ་དང༌། དེར་བརྟེན་གཞུང་ངོས་ནས་ཁྱེད་རང་ཚོའི་དཀའ་ངལ་མང་པོ་ཞིག་སེལ་ཐུབ་ཀྱི་རེད་ཅེས་གསུངས་བྱུང༌།

Bangchen admin· · 0 མཆན་འགྲེལ། ·