སྦེང་ལོར་༸གོང་ས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱིའི་ས་མིག་གསལ་བསྒྲགས།

༄༅།   བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་འཛིན་སྐྱོང་ཁོངས་སྦེང་ལོར་༸གོང་ས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱིའི་ས་མིག་ སྟོང་པ་ཡོད་ན།  གཤམ་འོག་གི་དགོས་ངེས་ཆ་རྐྱེན་དང་ཉེར་མཁོའི་ཡིག་ཆ་ཁག་ཚང་ཞིང་ཞུགས་འདོད་ཡོད་རིགས་ཚོས་ཕྱི་ལོ་ ༢༠༡༩ ཕྱི་ ཟླ་ ༡༠ ཚེས་ ༡༥ འགྱངས་མེད་བོད་ཁྱིམ་སྤྱི་ཁྱབ་གཙོ་འཛིན་མཆོག་གི་གློག་ཕྲིན་ཁ་བྱང་  thuptend@gmail.com  ཐོག་འཚང་སྙན་ འབུལ་དགོས་རྒྱུ།   ཆ་རྐྱེན་ཚང་བའི་སྙན་འབུལ་ཁག་ལ་ཡིག་རྒྱུགས་སམ་ངག་རྒྱུགས་བཅས་འདེམས་རྒྱུགས་ལམ་ནས་འདམས་རྒྱུ་ཡིན།  ། ཀ   དགོས་ངེས་ཆ་རྐྱེན། ༡   འབུམ་རམས་པའི་ཕྱག་འཁྱེར་རམ་ཉེ་བའི་འབུམ་རམས་པ།  ( Ph.D or M.Phil. ) ༢   ཉུང་མཐར་ཡང་ལོ་ལྔའི་འཛིན་སྐྱོང་གི་ཉམས་མྱོང་དགོས། ༣   རང་ལོ་  ༣༠ ནས་ ༤༥ བར། ཁ།   ཉེར་མཁོའི་ཡིག་ཆ་ངེས་འབུལ་དགོས་པ། ༡     གཟུགས་ཐང་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ཕྱག་འཁྱེར། ༢    བཙན་བྱོལ་བོད་མིའི་དྭང་བླང་དཔྱ་ཁྲལ་ལག་དེབ་ཀྱི་དཔྱ་དངུལ་དུས་ཐོག་ཕུལ་བའི་ངོ་བཤུས། ༣    གནས་ཡུལ་རྒྱལ་ཁབ་ཏུ་གནས་སྡོད་ཆོག་པའི་ལག་འཁྱེར་དུས་ཐོག་ཡོད་པའི་ངོ་བཤུས། ༤     […]

ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་སློབ་འཇུག་དུས་འགྱངས་གསལ་བསྒྲགས།

CENTRAL INSTITUTE OF HIGHER TIBETAN STUDIES (DEEMED UNIVERSITY) Sarnath, Varanasi-221007 No. F.6/SoE/CTE/CIHTS/2019-20/57  04th June 2019 NOTIFICATION FOR EXTENSION OF ADMISSION DEADLINE Reference: http://cuts.ac.in/admin/uploads/pages/admission/Admission_Notice_2019_20.pdf It is hereby notified for the information of all concerned that the last date for submission of application for the admission to Innovative B.A.B.Ed. four years integrated, and 2-year B.Ed. courses of […]

བོད་ཀྱི་བང་ཆེན་དུ་གསར་འགོད་པའི་ས་མིག་གསལ་བསྒྲགས།

འདི་ག་བོད་ཀྱི་བང་ཆེན་གསར་ཁང་དུ། གསར་འགོད་པ་གཅིག་གི་ས་མིག་ཡོད་པས། ལས་གནས་འདིར་ཞུགས་འདོད་ཡོད་རིགས་ཚོས། ཟླ་༥ པའི་ཚེས་༡༠ ཉིན་གྱི་གོང་དུ་སྙན་ཞུ་ཕུལ་ཟིན་པ་དགོས་པ་དང་། དེའི་རྗེས་སུ་འདེམ་སྒྲུག་གི་བརྒྱུད་རིམ་ཐོག་སྙན་ཞུ་ཕུལ་མཁན་དོ་བདག་རྣམས་ལ་འབྲེལ་བ་བྱེད་རྒྱུ་ཡིན། དགོས་ངེས་ཆ་རྐྱེན། ༡། བོད་ཡིག་གཙོ་བོར་བྱས་ཏེ་སྐད་ཡིག་གཉིས་པ་དབྱིན་ཡིག་དང་རྒྱ་ཡིག་ག་རུང་རང་སྐྱ་འཕེར་བ། ༢། རང་བཙན་ལག་དེབ་ཀྱི་དཔྱ་དངུལ་དུས་ཐོག་ཕུལ་ཟིན་པ། ༣། རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་འཁྱེར་ R.C ཡོད་པ། སྙན་ཞུ་དེ་tibetexpress@gmail.com ཐོག་གཏོང་གནང་མཛད་དགོས། ​བོད་ཀྱི་བང་ཆེན་གསར་ཁང་ནས།།

རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ་པར་སྐྲུན་དང་བླུ་ཡོན་གཏོང་རྒྱུའི་གསལ་བསྒྲགས།

འབྲས་བློ་གླིང་དཔེ་ཐུབ་ཁང་ཚན་གྱིས་གོ་སྒྲིག་འོག་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་གིས་དཔེ་ཁྲིད་མཛད་མཁན་གྱི་དགེ་རྒན་རྣམ་པ་དང་། རྗེ་ཡབ་སྲས་ཀྱི་གསུང་ལ་ཞིབ་འཇུག་གནང་མཁན་སོགས་ལ་ཕན་ཐོགས་འབྱུང་བའི་རེ་བས་ལས་གཞི་འདི་ཉིད་མགོ་བརྩམས། ཐོག་མར་དགེ་བཤེས་བརྒྱད་ཀྱིས་སྐུ་འབུམ་བྱམས་པ་གླིང་ནས་ཆེད་དུ་གདན་འདྲེན་ཞུས་པའི་སྐུ་འབུམ་པར་མ་དང་ཞིབ་བསྡུར་གྱིས་ཞུས་དག་བྱས། དེ་ནས་ལོ་ངོ་དྲུག་གི་རིང་སྐུ་འབུམ་པར་མ་དེ་ཉིད་དང་བསྡུར་ནས་ཞུས་དག་ལན་ལྔ་ཙམ་བྱས་ཡོད། དེའི་རྗེས་ལོ་ངོ་གཉིས་ཀྱི་རིང་དགེ་བཤེས་བཞི་ཡིས་གཙང་པར་དང་། ཞོལ་པར། སྐུ་འབུམ་པར་མ་བཅས་དང་ཡིག་འབྲུ་རེ་རེ་བཞིན་ཞིབ་ཏུ་བསྡུར་ནས་མི་མཐུན་པ་རྣམས་མཆན་དུ་བཀོད། མཐར་གསུང་འབུམ་དུ་དྲངས་པའི་བཀའ་བསྟན་གྱི་ལུང་རྣམས་ལུང་ཁུངས་ཉིད་ལ་གཏུགས་ཏེ་ཤོག་གྲངས་སོགས་ཁ་གསལ་བཀོད་ཅིང་ཞུས་དག་མཐིལ་ཕྱིན་པ་བགྱིས། དེའི་རྗེས་སུ་ཞུས་དག་ཐེངས་བདུན་པ་མགོ་བཙུགས་ཟིན་ཅིང་རིང་མིན་ཆ་ཚང་ལེགས་གྲུབ་ཐུབ་པའི་རེ་བ་ཡོད། མདོར་ན་སྐུ་འབུམ་པར་མ་གཞིར་བཟུང་རྗེའི་གསུང་འབུམ་པོད་གྲངས་ ༡༩ རྒྱལ་ཚབ་རྗེའི་གསུང་འབུམ་པོད་གྲངས་བརྒྱད་ ༨ མཁས་གྲུབ་རྗེའི་གསུང་འབུམ་པོད་གྲངས་ ༡༦ བཅས་ཁག་གསུམ་བསྡོམས་པའི་པོད་གྲངས་ ༤༣ སྟེང་སྐུ་འབུམ་པར་མའི་ནང་མི་བཞུགས་པ་རྒྱལ་ཚབ་རྗེའི་གསུང་ཚད་མ་རིགས་གཏེར་གྱི་འགྲེལ་པ། བདེན་གཉིས་འགྲེལ་པ་སོགས་བཞུགས་པའི་པོད་གཅིག་བཅས་ཁྱོན་བསྡོམས་པོད་གྲངས་ ༤༤ ཅན་གྱི་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ་འདི་ཉིད་ཚར་གྲངས་དྲུག་བརྒྱ་ཐམ་པ་པར་སྐྲུན་ཞུ་གཏན་འཁེལ་བ་དང་། དེ་མཚུངས་འཕྲུལ་དེབ་ཏུའང་འགྲེམ་སྤེལ་ཞུ་འཆར་ལགས། ལོ་མང་རིང་ཞུས་དག་བཏང་བའི་སྐབས་ཀྱི་འགྲོ་སོང་གཏན་ནས་མ་བརྩིས་པར་པར་སྐྲུན་གཅིག་པུའི་འགྲོ་གྲོན་སྔོན་རྩིས་ལྟར་ན་ཚར་གྲངས་ ༦༠༠ ལ་ཁྱོན་བསྡོམས་ཧིན་སྒོར་བྱེ་བ་གཅིག་དང་འབུམ་ལྔ་བཅུ་ལྔ་དྲུག་(༡༥༦༠༠༠༠༠)ཙམ་འགྲོ་ངེས་པ་དང་། ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ་ཚར་རེར་འགྲོ་གྲོན་ཧིན་སྒོར་ཉི་ཁྲི་དྲུག་སྟོང་(༢༦༠༠༠)འགྲོ་ངེས་ཡིན། གོང་གསལ་ཚར་གྲངས་ ༦༠༠ ནས་ཚར་གྲངས་ལྔ་བརྒྱ་ ༥༠༠ ཐམ་པ་དེ་ཚོགས་པ་དང་མི་སྒེར་སོ་སོར་བླུ་ཡོན་འབུལ་རྒྱུ་ལགས་ན། ཐུགས་མཁོ་མཆིས་ཚེ་གཤམ་གསལ་ཁ་བྱང་ཐོག་ ༢༠༡༩ ཟླ་ ༦ ཚེས་ ༡༥ སྔོན་ཚུད་དུ་འབྲེལ་བ་གནང་སྟེ་ཐད་ཀར་དངུལ་རྐྱང་གནང་བའམ། ཡང་ན་དངུལ་ཁང་བརྒྱུད་ཕྱག་དངུལ་བསྐུར་གནང་མཛད་ནས་སྔ་འདོན་འཛིན་བྱང་དུས་ཐོག་ཏུ་བཞེས་རོགས་ཞུ་རྒྱུ། དུས་ཚོད་དེའི་ནང་ཚོད་དུ་བསྔགས་མཁན་གང་བྱུང་བ་ལ་དཔགས་ནས་པར་སྐྲུན་ཞུ་རྒྱུ་ལས་དེའི་རྗེས་སུ་བླུ་ཡོན་འབུལ་རྒྱུ་གཏན་ནས་མེད་པས་དེ་ལུགས་ངེས་པར་དུ་དགོངས་པར་འཇགས་དགོས། གདན་ས་དང་བཤད་གྲྭ་ཁག་གིས་གཙོས་པའི་དཔེ་ཁྲིད་དགེ་རྒན་རྣམ་པ་དང་། སློབ་གཉེར་ཧུར་ཐག་གནང་བཞིན་པའི་སློབ་གཉེར་བ་ཚོའི་ཆེད་དུ་གསུང་འབུམ་ཚར་རེར་སྒོར་ ༦༠༠༠ བྱས་ནས་བླུ་ཡོན་འབུལ་རྒྱུ་དང་། དེ་མིན་བླུ་ཡོན་ཞུ་རྒྱུར་ཕྱག་དངུལ་འདང་ངེས་ཀྱི་གླ་ཡོད་དགེ་རྒན་དང་། ལས་བྱེད་པ། ཕྱི་རྒྱལ་གྱི་ཆོས་ཚོགས་ཁག །བླ་བྲང། དཔེ་མཛོད་ཁང་། སློབ་གཉེར་ཁང་། དེ་མཚུངས་ཕྱག་དཔེ་འདི་བླུ་ཡོན་ཞུས་ནས་གདན་སའི་སློབ་གཉེར་བ་ཚོར་འབུལ་འདོད་ཡོད་པའི་སྦྱིན་བདག་བཅས་ཀྱིས་གསུང་འབུམ་ཚར་རེར་བླུ་ཡོན་སྒོར་ ༢༦༠༠༠ ཆ་ཚང་གནང་རོགས་ཞེས་འབོད་བསྐུལ་ཞུ་རྒྱུ་ཡིན། ཞལ་འདེབས་ཀྱི་འབོད་བསྐུལ། གོང་གསལ་དགེ་རྒན་རྣམ་པ་དང་སློབ་གཉེར་བ་རྣམས་ལ་གསུང་འབུམ་དཔེ་བསྡུར་མ་ཚར་རེར་སྒོར་ […]