ནང་ཆོས་ངོ་སྤྲོད།

ལྷ་ཆོས་དགེ་བ་བཅུ་ཡི་སྐོར།

ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེའི་གསུང་ཉམས་མྱོང་རྒན་པོའི་བསླབ་བྱ་སོ་གཉིས་ཞེས་པ་ལས་བཏུས། བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༤༡
འདོན་ཐེངས་སྔོན་མའི་འཕྲོས།
སྲོག་བཅད་པའི་སྡིག་པའི་ནང་ནས་སྡིག་པ་ལྕི་ཤོས་ནི། རྒྱུ་མཚན་གང་ཡང་རུང་བས་ཁྲིམས་ཐོག་ནས་ནག་ཉེས་མེད་པར་འགྱུར་སྲིད་ནའང་ཡུལ་ཁྱད་པར་ཅན་ཕ་མ་བསད་ན་མཚམས་མེད་ཀྱི་ལས་ཏེ་ཆེས་མ་རབས་དང་ཐ་ཆད་ཡིན་པས་སྡིག་པ་ཤིན་ཏུ་ལྕི། དེ་བཞིན་དུ་རང་གི་ཕྲུ་གུ་དང་བཟའ་ཟླ་ཉེ་འབྲེལ།

Bangchen admin· · 0 མཆན་འགྲེལ། ·

ལྷ་ཆོས་དགེ་བ་བཅུ་ཡི་སྐོར།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༤༠

ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེའི་གསུང་ཉམས་མྱོང་རྒན་པོའི་བསླབ་བྱ་སོ་གཉིས་ཞེས་པ་ལས་བཏུས། 

ཆོས་ཞེས་པ་དེ་རོབ་ཙམ་དུ་བསྡུས་ན་ལྷ་ཆོས་དགེ་བ་བཅུ་སྟེ། ལུས་ཀྱི་སྒོ་ནས་སྲོག་གཅོད་པ། མ་བྱིན་པར་ལེན་པ། ལོག་གཡེམ་གསུམ་སྤོང་བ། ངག་གི་སྒོ་ནས་རྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ་བཞི་སྤོང་བ། ཡིད་ཀྱི་སྒོ་ནས་བརྣབ་སེམས། གནོད་སེམས། ལོག་ལྟ་གསུམ་སྤོང་བ་སྟེ་འདི་བཅུ་ནི་དགེ་བའི་ལས་ཏེ་ལྷ་ཆོས་དགེ་བ་བཅུ་ཡིན། དེ་དག་ཉམས་སུ་ལེན་པ་ལ་དེའི་ལྡོག་ཕྱོགས་མི་དགེ་བ་བཅུའམ་དུས་ནམ་ཡང་བྱ་མི་འོས་པའི་སྒོ་གསུམ་གྱི་ཀུན་སྤྱོད་དེ། དམ་པའི་ལྷ་ཆོས་དང་འགལ་བར་མ་ཟད། གཞན་གྱི་ལུས་ངག་ཡིད་གསུམ་ལ་དངོས་ཤུགས་བརྒྱུད་གསུམ་གང་རུང་ནས་འཚེ་བ་དང༌། འཇིག་རྟེན་མི་ལུགས་ཀྱི་ཡ་རབས་སྤྱོད་བཟང་དང་འགལ་བའི་མི་དགེ་བ་ཡིན་པའི་ཚུལ་གསལ་བར་ཤེས་པར་བྱས་ཏེ་སྤོང་རྒྱུ་གལ་ཆེ།

Bangchen admin· · 0 མཆན་འགྲེལ། ·

དགེ་སྡིག་དང་ཆོས་ཀྱི་གོ་དོན་སྐོར།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༣༩
ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེའི་གསུང་ཉམས་མྱོང་རྒན་པོའི་བསླབ་བྱ་སོ་གཉིས་ཞེས་པ་ལས་བཏུས། 

སྔོན་འགྲོའི་གཏམ། མར་གྱུར་སེམས་ཅན་ཐམས་ཅད་དམ་འགྲོ་བ་རིགས་དྲུག་གི་ནང་ནས་འགྲོ་བ་མིའི་མཐོང་ཆོས་སུ་ཡོད་པའི་སེམས་ཅན་དུད་འགྲོ་རྟ་ནོར་ལུག་གསུམ། རི་དྭགས་དང༌། གཅན་གཟན། བྱ་བྱེའུ། འབུ་སྲིན་ནས་བཟུང་མིའི་འགྲོ་བའི་བར་སྲོག་ཡོད་མཁན་ཐམས་ཅད་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་ནའང་མི་དང་དུད་འགྲོ་གཉིས་ཀྱིས་འདོད་པའི་བདེ་བ་དང་མི་འདོད་པའི་སྡུག་བསྔལ་གཉིས་ལ་ཁྱད་པར་ཆེན་པོ་ཡོད།

Bangchen admin· · 0 མཆན་འགྲེལ། ·

ཡར་མཆོད་མར་སྦྱིན་གྱི་དགེ་འབྲས་དང་དཀོན་མཆོག་གི་ཁྱད་པར་སྐོར།

ྋགོང་ས་མཆོག་གིས་༢༠༠༨ ལོར་གཞོན་སྐྱེས་ཚོར་གནང་བའི་ནང་ཆོས་ངོ་སྤྲོད་ལས་སྒྲ་ཕབ་བྱས།

བང་ཆེན་སྤྱིའི་འདོན་ཐེངས་ ༢༣༨

བཀའ་འདྲི།དཀོན་མཆོག་གསུམ་ལ་དད་གུས་ཀྱིས་མཆོད་པ་ཕུལ་བ་དང༌། སེམས་ཅན་སྐྱོ་པོའི་རིགས་ལ་རོགས་རམ་ཕན་ཐོགས་བྱས་པ་གཉིས་ལས་དགེ་བའི་འབྲས་བུ་གང་ཞིག་ཆེ་བ་ཡོད་དམ་ཞེས་ཞུ་རྒྱུ་དང༌། གཉིས་པ་ནི་ྋསྐྱབས་མགོན་རིན་པོ་ཆེ་སྐུ་ཐོག་འདིའི་ནང་བོད་དུ་ཕེབས་ཐུབ་པ་དང༌། གཞིས་ལུས་མི་མང་རྣམས་ལའང་འདི་ལྟ་བའི་བཀའ་སློབ་ཟབ་རྒྱས་ཤིག་གནང་ཐུབ་པའི་གདེངས་ཚོད་ཇི་ཙམ་ཡོད་དམ།

བཀའ་ལན། དྲི་བ་དང་པོ། མཆོད་པ་ལའང་ཟང་ཟིང་གི་མཆོད་པ་དང༌། སྒྲུབ་པའི་མཆོད་པ་བཅས་གཉིས་ཡོད་པ་ལས། དེ་ཡང་ཇི་སྐད་དུ།རྗེ་བཙུན་མི་ལའི་གསུང་ལས། ནོར་ཟང་ཟིང་གི་འབུལ་བ་བདག་ལ་མེད། །ཕ་བླ་མའི་ཞབས་ཏོག་སྒྲུབ་པས་འཇལ། །    ཞེས་གསུངས་པ་བཞིན་སྒྲུབ་པའི་མཆོད་པ་གལ་ཆེ་བ་ཡིན་ཞིང༌། མདོ་སྡེ་རྒྱན་གྱི་ནང་དུའང་དེ་བཞིན་གསུངས་ཡོད། དེས་ན་མཆོད་པ་ཞེས་པ་བརྒྱ་མཆོད་དང་སྟོང་མཆོད་འབུལ་བ་ལྟ་བུ་དེ་ཙམ་མིན་པར། མཆོད་པ་གཙོ་བ་ནི་སྒྲུབ་པའི་མཆོད་པ་ཡིན།

Bangchen admin· · 0 མཆན་འགྲེལ། ·

བརྩེ་བས་ཕོངས་པར་ཆོས་ཀྱིས་ཞི་བདེ་སྐྲུན་ཐབས་སྐོར།

ྋགོང་ས་མཆོག་གིས་༢༠༠༨ ལོར་གཞོན་སྐྱེས་ཚོར་གནང་བའི་ནང་ཆོས་ངོ་སྤྲོད་ལས་སྒྲ་ཕབ་བྱས།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༣༦

དྲི་བ། སྤྱིར་བཏང་ཕ་མའི་བརྩེ་བ་ཡག་པོ་ཐོབ་པ་དང༌། ཁོར་ཡུག་བཟང་པོའི་ནང་དུ་འཚར་ལོངས་བྱུང་བའི་མི་དེ་རང་བཞིན་གྱིས་སེམས་པ་བཟང་ཞིང༌། གཤིས་རྒྱུད་འཇམ་པ། སེམས་ཀྱི་འཚར་ལོངས་ཀྱང་མགྱོགས་པ་སོགས་གང་ཅིར་ཕ་མའི་བརྩེ་བ་ཡག་པོ་མ་ཐོབ་པ་དང༌། ཁོར་ཡུག་ངན་པའི་ནང་གནས་པ་དེ་ལས་ལེགས་པ་ཡོང་གི་འདུག ཕ་མའི་བརྩེ་བ་རྩ་བ་ནས་མ་ཐོབ་པ་དང༌། ཁོར་ཡུག་ངན་པའི་ནང་དུ་འཚར་ལོངས་བྱུང་བའི་མི་དེར་ནང་ཆོས་ཀྱི་ཐབས་ལམ་གང་ཞིག་སྤྱད་ནས་མི་དེའི་སེམས་ཞི་བདེ་བག་ཕེབས་ཤིག་བཟོ་ཐབས་ཡོད་དམ་ཞུ་རྒྱུ་ཡིན།

Bangchen admin· · 0 མཆན་འགྲེལ། ·

གནའ་དེང་གི་ཤེས་ཡོན་ལ་སྦྱངས་བརྩོན་དགོས་པའི་སྐོར།

ྋགོང་ས་མཆོག་གིས་༢༠༠༨ ལོར་གཞོན་སྐྱེས་ཚོར་གནང་བའི་ནང་ཆོས་ངོ་སྤྲོད་ལས་སྒྲ་ཕབ་བྱས།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༣༥
ང་ཚོའི་བོད་དོན་གྱི་གནས་ཚུལ་ལ་ཆ་བཞག་ན་ཡང༌། འཚེ་བ་མེད་པའི་ལམ་ལ་འགྲོ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོར་འཛམ་གླིང་གིས་རྒྱབ་སྐྱོར་ཐོབ་པ་དེའང༌། འཚེ་བ་མེད་པའི་ལམ་ལ་བརྟེན་ནས་འགྲོ་ཡི་ཡོད་པས་རྒྱབ་སྐྱོར་མང་པོ་ཞིག་དེའི་ཐོག་ནས་ཐོབ་ཀྱི་འདུག ཉེ་ཆར་བོད་ནང་གི་གནས་ཚུལ་ལ་བཞག་ན། རྒྱ་ཕྱོགས་ནས་བོད་པས་འཚེ་བ་བྱེད་ཀྱི་འདུག་ཅེས་ཤུགས་ཆེན་པོ་ཤོད་ཀྱི་འདུག དེ་དྲག་གནོན་བྱེད་རྒྱུའི་རྒྱུ་མཚན་ཆགས་ཀྱི་ཡོད་པས་རེད། ང་ཚོས་སྐབས་དེར་འཛམ་གླིང་སྤྱི་ཡོངས་ལ་རེ་སྐུལ་བྱས་ཏེ། བོད་ནང་གི་ས་གནས་ས་ཐོག་ཏུ་ཞིབ་འཇུག་བྱེད་མཁན་མི་བཏང་ནས་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་བྱེད་རོགས་ཞེས་བརྗོད་པ་ཡིན། བོད་ནང་ཟང་ཟིང་བྱུང་བ་དེ་དག་རྒྱ་ཕྱོགས་ནས་ང་ཚོ་རྒྱ་གར་ནས་བསྐུལ་བ་རེད་ཟེར་གྱི་ཡོད་རེད།

Bangchen admin· · 0 མཆན་འགྲེལ། ·

ནང་ཆོས་ལ་སློབ་གཉེར་བྱེད་རྒྱུ་གལ་ཆེ་བའི་སྐོར།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༣༤
འདོན་ཐེངས་སྔོན་མའི་འཕྲོས།
དེ་ནི་གཞུང་གི་འགྲོ་སྟངས་ལྟར་བཤད་ན། འཚེ་བ་དང་འཚེ་བ་མེད་པའི་ལས་ཞེས་པ་དབྱེ་བ་འབྱེད་པའི་སྐབས་ལ་གཏིང་རིང་པོའི་སྒོ་ནས། འཚེ་བ་མེད་པ་ཞེས་པ་དེ་སྤྱོད་པ་ཁོ་ནའི་ཐོག་ནས་དབྱེ་བ་འབྱེད་རྒྱུ་ཁག་པོ་རེད། དཔེར་ན། གཞན་ལ་མགོ་སྐོར་དང༌། བསླུ་བྲིད་བྱེད་པའི་དོན་དུ་སྐད་ཆ་ཚིག་འཇམ་པོ་དང༌། གད་མོ་བགད་ནས་འཛུམ་གྱིས་བསུ་བ། ལག་རྟགས་སྤྲོད་པ་སོགས་བྱས་ན། བྱ་བ་དེ་འཚེ་བ་མེད་པ་རེད། ཀུན་སློང་དེ་མགོ་སྐོར་བཏང་སྟེ་སེམས་གནག་བྱེད་པ་དང༌། ཡང་ན་དེའི་ས་ནས་ཁེ་བཟང་ཟ་བའི་ཆེད་དམིགས་པ་ཡིན་དུས་དོན་གྱི་ཆ་ནས་འཚེ་བ་རེད།
    དེ་མིན་ཕ་མ་ཤ་ཚ་ཅན་གྱིས་ཕྲུ་གུ་འཚུབ་པོ་ཞིག་ལ་གཤེ་གཤེ་གཏོང་བ་དང༌། གདོང་ནག་པོ་བསྟན་པ། ཉེས་རྡུང་ཕྲན་བུ་བཏང་བ་བཅས་དང༌། དེ་བཞིན་དགེ་ཕྲུག་ཅིག་ལ་དགེ་རྒན་ཤ་ཚ་རྣམ་དག་ཅིག་གིས་མཐའ་གཅིག་ཏུ་ཕན་སེམས་དང༌། བརྩེ་བའི་བསམ་པས་སྐབས་རེ་བཀའ་བཀྱོན་དང༌། ཁྲིམས་གཏོང་བ། ཕན་སེམས་ཁོ་ནས་ཏོག་ཙམ་གདུག་རྩུབ་བྱས་ཀྱང༌། སྤྱོད་པ་དེ་འཚེ་བའི་རྣམ་པ་རེད་དེ། དོན་དུ་འཚེ་བ་མིན། གང་ལགས་ཤེ་ན། སྙིང་རྗེའི་བསམ་པས་བྱས་པ་རེད། དེས་ན་གསང་སྔགས་རྡོ་རྗེ་ཐེག་པའི་གདུལ་བྱ་གསང་སྔགས་ཉམས་ལེན་བྱེད་མཁན་ཚད་ལོངས་པ་ཞིག་ཡིན་ན། བྱང་ཆུབ་ཀྱི་སེམས་ཡོད་རེད། བརྒྱ་ཆ་བརྒྱ་ཐག་ཆོད་པ་རེད། ང་ཚོ་ལྟ་བུ་ཚད་མ་ལོངས་པའི་གནས་ཚུལ་ནི་ཐ་དད་རེད། དེར་བརྟེན་གུང་ཐང་རིན་པོ་ཆེས། གསང་སྔགས་དེ་ཡང་འཕྲལ་གྱི་རྐྱེན་སེལ་ལས།། ཚེ་དང་ནོར་སྒྲུབ་དབང་སྡུད་མངོན་སྤྱོད་སོགས།། ཚེ་འདིའི་ལག་ཆ་ཁོ་ནར་འཁྱེར་བ་ནི།། ས་མཆོག་ཙན་དན་སོལ་བར་བྱས་འདྲ་བས།། ཆོས་ཀྱིས་ངན་སོང་བསྒྲུབས་པ་མ་བྱེད་ཨང༌།།
    ཞེས་གསང་སྔགས་ཀྱི་སྒོ་ནས་ཞི་སོགས་ཀྱི་ལས་བསྒྲུབ་རྒྱུ་ཡོད་ཀྱང༌། རང་དོན་ཁོ་ནའི་ཆེད་ཞི་སོགས་ཀྱི་ལས་སྒྲུབ་པ་ཡིན་ན། དེ་ནི་ངན་སོང་གི་རྒྱུ་སྡིག་པའི་ལས་བསགས་པ་ལས་ཕན་ཐོགས་གང་ཡང་མེད་ཅེས་པ་རེད།

Bangchen admin· · 0 མཆན་འགྲེལ། ·

གཞན་ལ་འཚེ་བའི་ལས་ཀྱི་སྐོར།

ྋགོང་ས་མཆོག་གིས་༢༠༠༨ ལོར་གཞོན་སྐྱེས་ཚོར་གནང་བའི་ནང་ཆོས་ངོ་སྤྲོད་ལས་སྒྲ་ཕབ་བྱས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༣༣ 

དྲི་བ། རང་གི་སྲོག་སྐྱོབ་ཆེད་གཞན་གྱི་སྲོག་ལ་གནོད་པ་བྱས་ན། དེའི་འཚེ་བའི་ལས་དེ་ནང་པའི་ལྟ་གྲུབ་དང་འགལ་གྱི་ཡོད་མེད་དང༌། དེས་མཚོན་པའི་དེང་སྐབས་རྒྱ་དམར་གྱིས་བོད་ནང་མནར་གཅོད་མང་པོ་བཏང་བ་དེར་རང་ཉིད་སྲུང་སྐྱོབ་ཆེད་གནས་སྟངས་ལ་དཔག་པའི་ལས་འགུལ་ཞིག་སྤེལ་ན། དེ་ྋརྒྱལ་བ་རིན་པོ་ཆེའི་བཀའ་དགོངས་དང་འགལ་བ་ཆགས་ཀྱི་ཡོད་དམ།
བཀའ་ལན། སོ་ཐར་གྱི་སྐབས་སུ་ལུས་ངག་གི་ལས་བདུན་ཏེ། སྲོག་གཅོད་པ་དང༌། མ་བྱིན་ལེན་པ། ལོག་གཡེམ། རྫུན་དང༌། ཕྲ་མ། ཚིག་རྩུབ། ངག་འཁྱལ་བཅས་བདུན་པོ་དེ་ལ་གནང་བའི་སྐབས་མེད་པ་རེད། སོ་ཐར་གྱི་མིང་ལའང་སོ་སོར་ཐར་པ་ཞེས་བརྗོད་པ་ནི། རང་ཉིད་ཐར་བའི་དོན་ཙམ་རེད། རང་གཅིག་པུའི་དོན་དག་རེད། དེ་འདྲ་ཡིན་དུས་རང་གཅིག་པུའི་ཆེད་དུ་བསམས་ནས་དཔེར་ན། སོ་སོ་ལ་ཉེན་ཁ་ཞིག་ཡོང་སྐབས་དེར་ཁ་གཏད་བཅག་ནས་ཕ་རོལ་པོ་གསོད་དགོས་ཞེས་ལབ་རྒྱུ་ཕལ་ཆེར་ཁག་པོ་རེད།

Bangchen admin· · 0 མཆན་འགྲེལ། ·

ནང་ཆོས་ཀྱི་སྤྱིའི་ཁྱད་ཆོས་སྐོར།

ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག་ལ་ནང་ཆོས་སྐོར་འདི་ག་གསར་ཁང་གིས་བཅར་འདྲི་ཞུས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༣༢  

དྲི་བ། ནང་པའི་ཆོས་ཞེས་པ་དེ་དད་པ་གཅིག་པུས་མི་འགྲིག་པར་དེ་ལ་སློབ་སྦྱོང་བྱེད་དགོས་ཞེས་པའི་རྒྱུ་མཚན་ག་རེ་ཡིན་ནམ།
ལན། མ་མཐའ་ཡང་ཚེ་ཕྱི་མ་དོན་དུ་གཉེར་མཁན་ཞིག་ཡིན་ན། ཚུལ་ཁྲིམས་སྲུང་དགོས་ཀྱི་ཡོད་རེད། ཚུལ་ཁྲིམས་ཟེར་བ་དེ་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཡིན་པ་ཤེས་དགོས་ཀྱི་རེད། སྲོག་གཅོད་པ་ལྟ་བུར་ཆ་བཞག་ན་རྒྱུ་དང་ཀུན་སློང༌། ངོ་བོ། འབྲས་བུ་ཞེས་མང་པོ་ཡོད་རེད། སྲོག་གཅོད་པའི་ཀུན་སློང་ག་འདྲ་རེད། བསམ་པ་ག་འདྲ་ཞིག་རེད། བསམ་པ་ངན་པ་ཞིག་ཁུར་ནས་མི་ལ་གནོད་པ་བྱེད་པ་དང༌། རི་དྭགས་གསོད་པ་དང༌། མི་གསོད་པ་ལ་སོགས་པ་ཡོང་གི་ཡོད་རེད།

 

Bangchen admin· · 0 མཆན་འགྲེལ། ·

ནང་ཆོས་ལས་ཉམས་ལེན་གྱི་རིམ་པའི་སྐོར།

 བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༣༡
ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག་ལ་ནང་ཆོས་སྐོར་འདི་ག་གསར་ཁང་གིས་བཅར་འདྲི་ཞུས།
དྲི་བ། ནང་པའི་ཆོས་ཀྱི་གོ་དོན་དང་ཁྱད་ཆོས་མདོར་བསྡུས་ཤིག་གསུང་རོགས།
ལན། ནང་པ་སངས་རྒྱས་པའི་ཆོས་ཞེས་པ་འདི་འདྲ་ཞིག་རེད། ང་ཚོ་མི་ཚང་མས་བདེ་བ་འདོད་ཀྱི་ཡོད་རེད། སྡུག་བསྔལ་འདོད་ཀྱི་ཡོད་མ་རེད། དེ་ང་ཚོ་ཚང་མ་གཅིག་པ་རེད། སྲོག་ཆགས་ཚང་མ་གཅིག་པ་རེད། བྱང་ཙང་བདེ་བ་འདོད་པ་ཡིན་དུས་བདེ་བའི་རྒྱུ་དེ་སྒྲུབ་དགོས་ཀྱི་ཡོད་རེད། སྡུག་བསྔལ་མི་འདོད་པ་ཡིན་དུས་སྡུག་བསྔལ་གྱི་རྒྱུ་དེ་སྤང་དགོས་ཀྱི་ཡོད་རེད། བདེ་བའི་རྒྱུ་དེ་ག་འདྲ་སྒྲུབ་དགོས་རེད་ཟེར་ན། ཚེ་འདིའི་བདེ་བའི་དོན་ལ་ངེས་པར་དུ་ཆོས་བྱེད་དགོས་པ་ཡོད་མ་རེད། བདེ་བ་ལ་རིགས་མཚུངས་གཉིས་ལྟ་བུ་ཞིག་རེད། ཚེ་འདིའི་བདེ་བ་དང༌། ཚེ་ཕྱི་མའི་བདེ་བ་གཉིས་རེད།

Bangchen admin· · 0 མཆན་འགྲེལ། ·