ནང་ཆོས་ངོ་སྤྲོད།

སྤང་བྱ་མི་དགེ་བའི་ལས།

 རྫ་དཔལ་སྤྲུལ་རིན་པོ་ཆེས་མཛད་པའི་སྙིང་ཐིག་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་བཏུས།
འཁོར་བའི་གནས་རིས་མཐོ་དམན་དེ་དག་ཏུ་སྐྱེ་བ་ནི། རང་རང་གི་ལས་དགེ་བ་དང་མི་དགེ་བ་བསགས་པའི་རྒྱུས་འགྲོ་བ། འཁོར་བ་ནི་ལས་ལས་སྐྱེས་ཤིང་ལས་ཀྱི་འབྲས་བུས་བྱས་པ་ཡིན་པས། མཐོ་རིས་དང་ངན་སོང་གི་གནས་སུ་འགྲོ་བ་ལ་བྱེད་པ་པོ་གཞན་མེད་ཀྱང༌། སྟེས་དབང་གིས་འགྲོ་བའང་མ་ཡིན་པས་རྣམ་པ་ཐམས་ཅད་དུ་དགེ་མི་དགེའི་རྒྱུ་འབྲས་ལ་དཔྱད་ནས། མི་དགེ་བའི་ཕྱོགས་སྤང་ཞིང༌། དགེ་བའི་ཕྱོགས་བསྒྲུབ་པ་ལ་འབད་དགོས། དེ་ལ་སྤང་བྱ་མི་དགེ་བ་བཅུ་ཡོད་པ་ལས། དང་པོ་ལུས་ཀྱི་ལས། སྲོག་གཅོད། མ་བྱིན་ལེན། འདོད་པས་ལོག་པར་གཡེམ་པ་དང་གསུམ་ཡིན། ངག་གི་ལས་རྫུན་ཕྲ་མ་ཚིག་རྩུབ་ངག་ཀྱལ་དང་བཞི། ཡིད་ཀྱི་ལས་བརྣབ་སེམས། གནོད་སེམས། ལོག་ལྟ་གསུམ་དང་བཅས་བཅུ་ཡོད།

Bangchen admin· · 0 མཆན་འགྲེལ། ·

ཀུན་སྤྱོད་བཟང་པོ་དགོས་པའི་སྐོར།

ྋརྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་རྡོ་རྗེ་མཆོག་གིས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་ཉི་ཤུ་པར་བསྩལ་བའི་བཀའ་སློབ་ལས་ཀུན་སྤྱོད་བཟང་པོ་དགོས་སྐོར་བཀའ་བརྒྱུད་སངྒྷ་སྨོན་ལམ་ཆེན་མོ་ཐེངས་ཉེར་གཉིས་པའི་དྲན་དེབ་ལས་ཚན་བཤུས་ཞུས།
ཀུན་སྤྱོད་བཟང་པོ་དགོས་པ་དེ་ཞེ་དྲག་གལ་ཆེན་པོ་ཆགས་བསྡད་ཀྱི་འདུག ཡིན་ནའང༌། བླ་མ་མང་པོ་ཞིག་གིས་ཀུན་སྤྱོད་བཟང་པོ་བཤད་བསྡད་ཀྱི་ཡོད་པ་རེད་དེ། ག་རེ་ཀུན་སྤྱོད་བཟང་པོ་རེད། ག་རེ་ཀུན་སྤྱོད་བཟང་པོ་མ་རེད་ཅེས་ཀུན་སྤྱོད་བཟང་ངན་གྱི་ས་མཚམས་འདྲ་བོ་དེ་ལ་མི་མང་པོ་མགོ་འཐོམ་བསྡད་ཡོད་རེད། བླ་མའི་ཞལ་ནས་མར་ཁྱོད་རང་ཀུན་སྤྱོད་བཟང་པོ་བྱེད་དགོས་རེད་ཅེས་ལབ་པ་ཡིན་ན་ཀུན་སྤྱོད་བཟང་པོ་བྱེད་སྟངས་སོ་སོས་ཧ་མ་གོ་བ་ཡིན་ན་ཀུན་སྤྱོད་བཟང་པོ་བྱེད་རྒྱུ་ཞིག་རྙེད་རྒྱུ་མེད་པ་རེད། ཀུན་སྤྱོད་བཟང་ངན་གྱི་རྣམ་གཞག་དེ་ང་རང་ཆོས་ལ་སློབ་སྦྱོང་བྱས། ཡ་རབས་བཟང་སྤྱོད་ཀྱི་དཔེ་ཆ་དེ་ཚོ་ལ་བལྟས་ནས་བསམ་བློ་བཏང་ཡོང་དུས། ཀུན་སྤྱོད་ངན་པ་ཟེར་བ་དེ་ཕལ་ཆེར་རང་དང་གཞན་ལ་འབྲས་བུ་སྡུག་བསྔལ་སྤྲད་བྱེད་ཅིག་དང༌།

Bangchen admin· · 0 མཆན་འགྲེལ། ·

བསམ་པ་བཟང་པོ་བྱ་རྒྱུ།

ཇི་སྐད་དུ། བསམ་པ་བཟང་ན་ས་དང་ལམ་ཡང་བཟང༌།། བསམ་པ་ངན་ན་ས་དང་ལམ་ཡང་ངན།། ཐམས་ཅད་བསམ་པ་དག་ལ་རག་ལས་པས།། རྟག་པར་བསམ་པ་བཟང་ལ་འབད་པར་བྱ།། ཞེས་གསུངས་པ་བཞིན་དུ། ཕོ་མོ་རྒན་གཞོན་ཡོངས་ཀྱིས་རྒྱུན་དུ་བསམ་པ་བཟང་པོ་འབའ་ཞིག་ལ་ཕུགས་བཅོལ་དགོས། དེ་ཡང་བསམ་པ་བཟང་པོ་ཟེར་བ་གཞན་འགྲོ་བ་མིའི་རིགས་སུ་གཏོགས་པ་ཞིག་གམ། ཐ་ན་སྲོག་ཆགས་གྲོག སྦུར་ཡན་ཆད་ཅིག་གིས་སྡུག་བསྔལ་མྱོང་བཞིན་ཡོད་པ་མཐོང་ན། འདིའི་སྡུག་བསྔལ་དེ་འཕྲལ་དུ་མེད་པར་གྱུར་ན་ཅི་མ་རུང་སྙམ་དུ་སེམས་ཁུར་བྱ། དཔེར་ན་རང་ཉིད་ཀྱིས་ཐ་ན་ཉི་མ་ཚ་བའི་དུས་སུ་རླུང་བསིལ་བ་ཙམ་དང༌། གྲང་བའི་དུས་སུ་ཉི་འོད་ཅུང་ཟད་ཕོག་པའི་བདེ་ཡན་ཆད་འདོད་པ་ལས། ལུས་ལ་མེ་སྟག་ཕྲ་མོ་ཙམ་ལྷུང་བ་དང༌། ཚེར་མ་ཞིག་ཟུག་པ་ཙམ་དང༌།

Bangchen admin· · 0 མཆན་འགྲེལ། ·

ལས་དང་ལས་ཀྱི་འབྲས་བུ་ལ་ཡིད་ཆེས་བྱ་བ།

དེ་ལྟར་ཤི་ནས་མེད་དུ་མི་འགྲོ་བར་ཕ་རོལ་ཏུ་འགྲོ་དགོས་པ་ཚད་མས་གྲུབ་ཅིང༌། དེ་ཡང་འགའ་ཞིག་ནི་མི་དང་འགའ་ཞིག་ནི་དུད་འགྲོ་ཉིད་དུ་སྐྱེ་བར་ཡང་དེ་བཞིན་དུ་གྲུབ་ལ། དེར་སྐྱེ་ནས་ཀྱང་འགའ་ཞིག་གིས་ནི་བྱ་བ་བཟང་པོ་གཞན་གྱི་སྲོག་སྐྱོབ་པ་དང༌། དབུལ་པོ་ལ་སྦྱིན་པ་སྟེར་བ། དྲང་བདེན་བྱེད་པ་སོགས་ཡ་རབས་ཀྱི་སྤྱོད་པ་རྣམས་རང་གིས་ངང་གིས་བྱེད། འགའ་ཞིག་ནི་སྲོག་གཅོད་པ། རྐུ་འཕྲོག་བྱེད་པ། རྫུན་གྱིས་གཞན་བསླུ་བ་སོགས་མ་རབས་ཀྱི་སྤྱོད་པ་རྣམས་རང་གིས་ངང་གིས་དགའ་ཞིང་སྤྱོད། འགའ་ཞིག་ནི་མི་ཚེ་ཧྲིལ་པོར་ནད་སྣ་ཚོགས་ཀྱིས་མནར་ནས་སྨན་དཔྱད་གང་གིས་ཀྱང་མི་ཕན་པར་ཤི། ལ་ལ་ནི་ཚེ་གང་པོར་ནད་ཅི་ཡང་མེད་པར་འཆི་ཚེ་ཡང་བདེ་བར་ཤི། ལ་ལས་ཚེ་གང་པོར་འབད་པ་སྣ་ཚོགས་བྱས་ཀྱང་ཐ་ན་ཉིན་གཅིག་གི་ཟས་གོས་ཕུན་སུམ་ཚོགས་པ་ཙམ་ཡང་རྙེད་པར་དཀའ་ལ་གཞན་གྱིས་ལོངས་སྤྱོད་རྒྱ་ཆེན་པོ་བྱིན་ཀྱང་འཕྲལ་དུ་ཟད་དེ་སྔར་གྱི་དེ་ག་རང་དུ་འགྱུར་བ་དང༌།

Bangchen admin· · 0 མཆན་འགྲེལ། ·

འཚོ་བ་དངོས་དང་སྦྱར་ནས་བདེན་པ་བཞི་ངོ་སྤྲོད།

བཅོམ་ལྡན་འདས་ཀྱིས་རྒྱུ་འབྲས་ཀྱི་རྟེན་འབྱུང་ཟེར་བ་འདིའི་ལྟ་གྲུབ་དེའི་ཐོག་ནས་ཆོས་འཁོར་དང་པོ་གསུངས་ཡོང་དུས། བདེན་བཞིའི་ཆོས་འཁོར་ཟེར་བ་འདི་རེད། སྡུག་བསྔལ་བདེན་པ། ཀུན་འབྱུང་བདེན་པ། འགོག་པའི་བདེན་པ། ལམ་གྱི་བདེན་པ་ཟེར་ནས་བདེན་པ་བཞི་གསུངས་ཀྱི་འདུག་གཱ། བདེན་པ་བཞི་གསུངས་དགོས་པ་དེ། སྡུག་བསྔལ་བདེན་པ་དང་འགོག་པའི་བདེན་པ་ཟེར་བ་དེ་ང་ཚོར་དགོས་པ་དེ་རེད། ང་ཚོའི་དོན་རྩ་དེ་རེད།

Bangchen admin· · 0 མཆན་འགྲེལ། ·