དགེ་རྒན་

དགེ་རྒན་ཚོས་སྐབས་བབས་སློབ་ཚན་ངོ་སྤྲོད་བྱེད་ཐུབ་ཙམ་མིན་པར། ཕྲུ་གུ་ལ་རྣམ་འགྱུར་སྟོན་སྟངས་དང། ཕྲུ་གུའི་བསམ་བློ་འཁྱེར་སོ། ཕྲུ་གུ་འདི་དག་གི་མི་ཚེའི་མདུན་ལམ་སྟོན་རྒྱུའི་ལས་འགན་ཡོད་པ་ཞིག་ཡིན་བསམ་པའི་ཐོག་ནས་སློབ་སྦྱོང་སྤྲོད་དགོས། དགེ་རྒན་གྱི་ངོས་ནས་བྱམས་བརྩེའི་ཚོར་བ་ཁྱོན་ནས་མེད་པར་སློབ་ཚན་དེ་སྐད་འཁོར་བཏང་བའི་བཟོ་འདྲ་ཞིག་བཤད། ཆུ་ཚོད་ཟིན་པ་དང། སྐད་འཁོར་བཀག་པ་ལྟར་ཁྲོབ་སེ་བཞག་ནས་ཕྱིན་པ་ཡིན་ན། གཏན་ནས་མི་འགྲིགས། གཞན་དོན་ཁུར་དུ་འཁྱེར་བའི་ལྷག་བསམ་དེ་ཚོའི་ཚོར་སྣང་དེ་དག་དགེ་རྒན་གྱི་རྣམ་འགྱུར་སྤྱོད་ལམ་གྱི་ཐོག་ནས་ཕྲུ་གུ་ལ་མྱོང་ཚོར་སླེབས་ཐུབ་པ་ཞིག་བྱུང་བ་ཡིན་ན་དགེ་མཚན་ཤིན་ཏུ་ཆེན་པོ་ཡོད།                     ༸གོང་ས་མཆོག་གིས།

ལེགས་བཤད་གཅེས་བཏུས།

རྒྱུ་མཚན་གང་ནས་བསམ་བློ་བཏང་པ་ཡིན་ནའང་དངོས་གནས་མི་ལུས་ཐོབ་ནས་གོ་ཆོད་པ་ཞིག་ཡོང་གི་ཡོད་པ་རེད། འདི་ཕར་བཞག་ནས་སོ་སོ་སྒེར་རང་མགོ་གང་ཐོན་ཕྱིན་པ་ཡིན་ན་འཕྲལ་སེལ་སྐྱིད་པོ་ཡོང་མདོག་ཁ་པོ་རེད་དེ། ཆེ་ས་ནས་བསམ་བློ་བཏང་བ་ཡིན་ན་སྤྱིར་མི་ལུས་ཐོབ་པའི་གོ་ཆོད་ཡོད་པ་མ་རེད་ལ། ལྷག་པར་དུ་བོད་མི་རིགས་ཆགས་འཇིག་གི་མཚམས་ལ་སྐྱེས་པའི་མི་ཐོག་འདིར་རང་མགོ་གང་ཐོན་ཕྱིན་པ་ཡིན་ན་ལས་རྒྱུ་འབྲས་ལ་འགྲོ་ཡི་མ་རེད། བོད་ནང་ལོགས་ལ་མི་དེ་ཚོ་གནས་སྟངས་གང་འདྲ་ཞིག་གི་སྒང་ལ་གནས་ཡོད། ང་རང་ཚོ་བཙན་བྱོལ་ནང་ལ་དེང་སང་ཕྲན་བུའི་མཐུན་རྐྱེན་འཛོམས་སུ་ཕྱིན་ནས་དྲག་ཏུ་ཕྱིན་ཡོད་པ་རེད་མ་གཏོགས། ༡༩༥༩ ལོར་དང་པོ་རྒྱ་གར་ལ་སླེབས་ནས་མི་དམངས་མང་ཆེ་བ་ལམ་བཟོ་བྱས་ནས་བསྡད་དུས་དཀའ་ལས་གང་འདྲ་ཞིག་བརྒྱབ་པ་ནས་བསྡད་པ་རེད། གཞིས་ཆགས་ཁག་ལ་ཆ་བཞག་པ་ཡིན་ནའང་ཚ་བ་ངལ་དུབ་དེ་འདྲའི་འོག་ལ་དཀའ་ལས་བརྒྱབ་ནས་ང་ཚོའི་བཙན་བྱོལ་གྱི་སྒྲིག་འཛུགས་དེ་ད་ལྟ་འདི་འདྲ་ཞིག་ཆགས་པ་རེད། མདོར་ན་གཞིས་བྱེས་སྤྱི་བོ་གནམ་བསྟན་ཡོངས་རྫོགས་ད་དཀའ་ངལ་འདི་འདྲ་ཞིག་འཕྲད་པའི་དུས་འདིར་རང་མགོ་གང་ཐོན་དུ་ཕྱིན་པ་ཡིན་ཐབས་སྡུག་རེད།       ྋགོང་ས་མཆོག་གིས།

Education is exactly like key.

The excerpt for the 196th issue was taken from the speeches of H.H.The Dalai Lama.  That is: Education is exactly like key. With the help of that key, one must open the doors of every knowledge and with the help of one’s inner talents and skills, one must be able to see and utilize all […]

ལེགས་བཤད་གཅེས་བཏུས།

གྲྭ་ས་གྲྭ་ཚང་ཁག་ལ་གཙུག་ལག་ཁང་ཆེན་པོ་བརྒྱབ། འགྲོ་སོང་ཆེན་པོ་བཏང༌། ཁྲ་ཁྲ་ཟིང་ཟིང་བཟོ་རྒྱུ་འདིར་དགོས་པ་ཆེ་བ་མི་འདུག དེ་ལས་ལྟོ་ཞིམ་ཙམ་ཟོས། སློབ་སྦྱོང་ཡག་པོ་བྱས་ན་རང་དབང་ལོན་སྐབས་དེ་ཡང་ལུས་སོང༌། དེ་ཡང་ལུས་སོང་བསམ་པའི་སེམས་ཁྲལ་བྱེད་མི་དགོས་པ་ཡོང་གི་རེད།ྋགོང་ས་མཆོག་གིས།ང་ཚོ་བོད་མི་ཚོས་ཁ་ནས་ཛ་དྲག་པོ་རེད་ཅེས་ལབ་པ་རེད་མ་གཏོགས། བསམ་བློ་ལྷན་སྐྱེས་ཀྱི་འཁྱེར་སྟངས་དེ་ཛ་དྲག་མེད་པ་དང་དུས་ཚོད་ཡོད་པ་ཞིག བག་ཡངས་པོ་དང་ལྷོད་ཡངས་བྱས་ནས་བསྡད་ན་འགྲིག་པའི་བསམ་བློ་ཞིག་སླེབས་བསྡད་མེད་དམ།བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས། ང་རང་ཚོ་བཙན་བྱོལ་དུ་བསྡད་པའི་གནས་ཚུལ་འོག་ང་ཚོར་སྡུག་པོ་གཏོང་མཁན་གྱི་དགྲ་བོ་ཉིན་ལྟར་མིག་གི་མདུན་དུ་གནས་པའི་དངངས་སྐྲག་གི་ཚོར་བ་དེ་མེད་པར་ལོ་མང་སོང་ཙང༌། ཞིབ་ཏུ་བསམ་བློ་བཏང་ན་མ་གཏོགས་འཆར་ཅན་གྱི་གནས་ཚུལ་ཆགས་ནས། ལས་ཀ་འཐུས་ཤོར་ཡང་མངོན་གསལ་དོད་པོའི་ཞབས་འདྲེན་མ་ཞུས་ཙམ་བྱུང་ན་དེས་འགྲིགས་པ་དང་ལ་དག་པའི་བསམ་བློ་གཏོང་སྟངས་ཤིག་ཡོད་པ་དེ་ཚོ་ནོར་འཁྲུལ་རེད།།ྋགོང་ས་མཆོག་གིས། ལས་བྱེད་པ་ཟེར་བ་མང་ཚོགས་ཀྱི་དཔོན་པོ་དང༌། སྐྱིད་པོ་གཏོང་མཁན་ཞིག་མིན། ལས་བྱེད་པ་ནི་མང་ཚོགས་ཀྱི་གཡོག་པོ་དཀའ་ངལ་དང་ལེན་བྱེད་མཁན་ཞིག་ཡིན། ལས་བྱེད་པ་ཡིན་ཕྱིན་སྤྱིར་བཏང་མི་མང་ལས་ལྷག་པའི་སྙིང་སྟོབས་དང༌། སྤྱོད་ཚུལ་བཟང་པོ་ཞིག་ངེས་པར་དུ་ཡོད་དགོས།ྋགོང་ས་མཆོག་གིས། འདས་པའི་དུས་རབས་གཅིག་ནང་འཛམ་གླིང་ཀུན་ལ་བྱུང་བ་བཞིན། བླ་ཆེན་དང་མི་ཆེན་དབར་ལ་འབྲེལ་བ་ཆེན་པོ་ཆགས། བླ་ཆེན་གྱི་རྒྱབ་སྐྱོར་མི་ཆེན་གྱིས་བྱས། མི་ཆེན་གྱི་རྒྱབ་སྐྱོར་བླ་ཆེན་གྱིས་བྱས། དོན་དག་ཡང་སྙིང་འབབ་ས་དེ་ནི་ཚེ་གཅིག་གི་ལྟོ་གོས་གཏམ་གསུམ་གྱི་ཐོག་ལ་བབས་བསྡད་པའི་གནས་ཚུལ་ཞིག་ཆགས་པ་རེད། དེ་ནི་ཆོས་དང་རྒྱབ་འགལ་མ་གཏོགས། ཆོས་དང་མཐུན་པ་མ་རེད།ྋགོང་ས་མཆོག་གིས། ཕྱི་ལོ་ ༡༩༦༠ ཐམ་པའི་ལོར་བོད་མི་རྣམས་དམ་ཚིག་ལྕགས་ཀྱི་གོང་བུ་ལྟར་ཆིག་བསྒྲིལ་དུ་གནས་རྒྱུའི་མནའ་གན་མཐུ་མོ་ཆེ་ཕུལ་བ་ད་ལྟའང་འགྱུར་མེད་དུ་གནས་ཡོད། ཆོལ་ཁ་ཆོས་ལུགས་ཀྱི་འཁོན་རྩོད་ཙག་ཙིག་འགའ་ཤས་མཐོང་བཞིན་པ་འདི་ཚོ་རང་བྱུང་གི་མགོ་ཁྲིད་ལས་མེད་རེ་ཟུང་གིས་རང་གི་འཚོ་ཐབས་སུ་རྩོད་རྙོག་ཅི་རིགས་ཤིག་རྒྱུན་གནས་ཐུབ་ཐབས་བྱས་པའམ། གང་ཟག་རེ་ཟུང་གི་བེད་སྤྱོད་འོག་ནས་བྱས་པ་ཞིག་རེད། བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེས། ང་ཚོར་བདེན་པ་ཡོད་པའི་གནས་ཚུལ་དེའི་ཐོག་ནས་འཐབ་རྩོད་བྱེད་ཀྱི་ཡོད་པ་ཡིན་ཙང༌། རྒྱ་མི་དཔལ་འབྱོར་གྱི་ཐོག་ནས་སྟོབས་ཤུགས་ཇི་ཙམ་ཆེན་པོ་ཆཊ་ཀྱང་ང་ཚོའི་འཐབ་རྩོད་དེ་མཚམས་འཇོག་རྒྱུའི་གནས་ཚུལ་ཞིག་རྩ་བ་ནས་ཆགས་ཀྱི་མ་རེད། སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས། ཆོས་འཇིག་རྟེན་གང་གི་ཐོག་ནས་བཤད་ཀྱང༌། དགོས་དོན་གཅིག་གིས་གཅིག་ལ་ཡིད་ཆེས་བྱེད་དགོས། རང་བཞན་སུ་ཡིན་ཡང་སྐྱོན་གཏན་ནས་མེད་པ་ཤིན་ཏུ་དཀོན། སྐྱོན་གཅིག་ཡོད་པ་རྒྱུ་མཚན་དུ་བྱས་ཏེ་མི་དེ་ནག་པོ་ནག་རྐྱང་དང༌། དགེ་མཚན་གཅིག་ཡོད་པའི་རྒྱུ་མཚན་གྱིས་མི་དེ་དཀར་པོ་དཀར་རྐྱང་ལ་བཏང་ན་ནོར་འཁྲུལ་རེད།ྋགོང་ས་མཆོག་གིས། སྒྲིག་གཞི་ཟེར་བ་འདི་ངེས་པར་དུ་དགོས་པ་ཞིག་རེད། སྒྲིག་གཞི་གཏན་འབེབས་ཡོད་པའི་ཆ་ནས་ལས་དོན་ཚགས་ཚུད་དུ་འགྲོ་རྒྱུར་ཕན་གྱི་ཡོད་པ་རེད། འོན་ཀྱང་སྐབས་རེ་སྒྲིག་གཞིའི་ཐོག་ནས་ལས་ཀ་ལམ་སེང་བྱེད་བདེ་མེད་པ་ཡོང་སྐབས་ཁ་ཤས་ཀྱིས་ལས་ཀ་བྱེད་སྙིང་མ་འདོད་པར་སྒྲིག་གཞིར་ཁག་བཞག་སྟེ་ལས་ཀར་གཡོལ་ཐབས་དང༌། དུས་འགྱངས་ཡོང་གི་ཡོད་པ་རེད། དེ་འདྲིའི་སྐྱོན་མི་ཡོང་བ་བྱེད་དགོས།།ྋགོང་ས་མཆོག་གིས། རྒྱ་མིས་མི་བདེན་བརྫུན་སྒྲིག་ཁོ་ནས་ཉིན་ནས་ཉིན་བསྟུད། ལོ་ནས་ལོ་བསྟུད་དེ་མིའི་བསམ་བློའི་ནང་སྒྱུར་བཅོས་གཏོང་ཐུབ་ཀྱི་ཡོད་ན། ང་རང་ཚོས་བདེན་པའི་རྒྱུ་མཚན་གཅིག་ནས་གཉིས་སུ་བགྲངས་ཏེ་ཁུངས་ལུང་ལྡན་པའི་སྐད་ཆ་ཤོད་ཀྱི་ཡོད་པ་མ་གཏོགས། ང་ཚོས་ཧམ་པའི་སྐད་ཆ་དང༌། དགའ་མིན་དགའ་མདོག མི་བདེན་རྫུན་བསྒྲིགས་ཤོད་ཀྱི་ཡོད་པ་མ་རེད། བདེན་པ་བདེན་ཐུབ་ཀྱི་སྐད་ཆ་བཤད་པའི་ཐོག་ནས་མི་ལ་ངེས་ཤེས་རྙེད་ཐུབ་པ་ཞིག་དང༌། མི་ལ་སེམས་ཤུགས་སྐྱེ་ཐུབ་པ་ཞིག་ལོས་ཡོང༌། སྤྲ ྋགོང་ས་མཆོག་གིས། རླབས་ཆེན་མི་རིགས་ཀྱི་མཇུག་མཐུད་དེ་སྲིད་ཀྱི་ལས་ཀ་ཡིན་ནའང་རེད། ཆོས་ཀྱི་ལས་ཀ་ཡིན་ནའང་རེད། གང་ལྟར་མི་ཐོག་རྒན་པ་དེ་དག་གི་བྱ་བ་ལས་འཕྲོས་རྣམས་མཇུག་སྐྱེལ་མཁན་ཞིག་དགོས་ཀྱི་ཡོད་པ་ཡིན་དུས། […]