སྲིད་སྐྱོང་བློ་བཟང་སེང་གེས་རྒྱ་གར་རྒྱལ་ཡོངས་སློབ་མའི་ལྷན་ཚོགས་ཐོག་གསུང་བཤད་གནང་བ།

ཟླ་འདིའི་ཚེས་༡༢ ཉིན་སྲིད་སྐྱོང་བློ་བཟང་སེང་གེས་རྒྱ་གར་གྱི་གྲོང་ཁྱེར་པུ་ནེ་རུ་རྒྱ་གར་རྒྱལ་ཡོངས་སློབ་མའི་ལྷན་ཚོགས་ཐེངས་ལྔ་པར་ཆོས་ ལུགས་དང་འབྲེལ་བའི་དཀའ་རྙོག་སྐོར་གྱི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་རེད།

Read more

ན་ནིང་ལོར་སྨན་པའི་ཟུར་བཅད་ཞབས་སྟེགས་གསུམ་པོ་དེ་འཕྲོ་བརླག་ཏུ་ཕྱིན་པ་རེད།

ཐེངས་འདིར་བོད་མིའི་འཛིན་རིམ་བཅུ་པའི་སློབ་མར་འགོ་ཁྲིད་ཀྱི་ཟབ་སྦྱོང་སྤྲད་པའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་གིས་འཕྲོད་བསྟེན་ལས་ཁུངས་ཀྱིས་པར་བསྐྲུན་ཞུས་པའི་<<རེ་བ་>>ཞེས་པའི་དབྱིན་ཡིག་ཐོག་ཡོད་པའི་ཕོ་མོའི་འཕྲོད་བསྟེན་དང་འབྲེལ་བའི་དཔེ་དེབ་འདོན་ཐེངས་གཉིས་པ་དང་། འཕྲོད་བསྟེན་ལས་ཁུངས་ཀྱི་དྲ་རྒྱ་ tibetanhealth.org ཞེས་པ་དབུ་འབྱེད་གནང་ཡོད་པ་རེད།

Read more

སློབ་གྲྭ་རྩིས་ལེན་བྱས་རྗེས་CST དགེ་རྒན་གྱི་གླ་ཆ་དེ་རང་འཇག་སྤྲད་ཐུབ་དགོས།

ཟླ་འདིའི་ཕྱི་ཚེས་༢ ཉིན་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་དྷ་ཤོད་བོད་ཁྱིམ་ཚོགས་ཁང་ནང་། རྒྱ་བལ་གཉིས་ཀྱི་འཛིན་རིམ་བཅུ་པའི་སློབ་ཕྲུག་གྲངས་༣༠༢ ལ་འགོ་ཁྲིད་ནུས་པ་སྐྱེད་སྲིང་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཐེངས་གཉིས་པ་དེ་འཚོགས་ཡོད་པ་དང་། ཕྱི་ཚེས་༥ ཉིན་འདི་གའི་གསར་འགོད་པས་ཐེངས་འདིའི་ཟབ་སྦྱོང་ཐོག་བཅར་བའི་དགེ་རྒན་ཁག་ཅིག་ལ་སློབ་གྲྭའི་གནས་སྟངས་དང་། ཤེས་ཡོན་སོགས་ཀྱི་ཐད་ནས་བཅར་འདྲི་བྱས་ཡོད།

Read more

སྨིན་གྲོལ་གླིང་དབུ་བརྙེས་ནས་ལོ་༥༠ འཁོར་བ།

སྔ་འགྱུར་གྱི་ཆོས་སྡེ་ཆེན་པོ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་བྱེས་ཀྱི་གདན་ས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་༥༠ འཁོར་བའི་མཛད་སྒོ་ཞིག་གདན་ས་དེ་ཉིད་དུ་འཚོགས་སོང་བ་དང། སྐབས་དེར་སྐུ་མགྲོན་གཙོ་བོར་སྔ་འགྱུར་རྙིང་མ་པའི་དབུ་འཛིན་༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་ཞབས་སོར་འཁོད་ཡོད་པ་རེད།

Read more

དབུ་མའི་ལམ་ནི་བོད་ཀྱི་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་ཁོ་ན་དེ་ཡིན།

ཟླ་འདིའི་ཚེས་༥ ནས་ཉིན་གཉིས་རིང་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་བཞུགས་མོལ་ལྷན་ཚོགས་ཐེངས་༢༧ པ་དྷ་སར་འཚོགས་པ་དང་། ཚེས་༦ ཉིན་ལྷན་ཚོགས་དེ་མཇུག་བསྒྲིལ་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད།

Read more

སྨན་པ་དང་སྨན་ཚད་ལྡན་མ་ཡིན་པར་སྟངས་འཛིན་བྱེད་དགོས།

དེ་རིང་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་བཙུགས་ནས་ལོ་བཅུ་གཅིག་འཁོར་བའི་ཉིན་མོ་དང་སྟབས་བསྟུན། དྷ་ས་བོད་གཞུང་སྨན་རྩིས་ཁང་གི་ཚོགས་ཁང་ནས། “གནས་ཡུལ་རྒྱ་གར་ནང་བོད་ཀྱི་གསོ་བ་རིག་པའི་སྲིད་ཇུས་དང་མ་འོངས་ལས་དོན་བྱེད་ཕྱོགས་”སྐར་ལ་ཚོགས་འདུ་ཞིག་འཚོགས་ཡོད་པ་རེད།

Read more

བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ།

ཟླ་འདིའི་ཚེས་ ༥ ཉིན་དྷ་སར་རྟེན་གཞི་བྱས་པའི་ཨེ་ཤི་ཡན་ཧལ་ཐ་རི་སོ་ཌི། (Asian health Resort ) ཞེས་པའི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་བཞུགས་མོལ་ལྷན་ཚོགས་ཐེངས་ཉེར་བདུན་པ་དབུ་འཛུགས་གནང་ཡོད་པ་རེད།

Read more

འཇང་དགུན་ཆོས་ཆེན་མོ་སྦེལ་ཀོབ་ཏུ་འཚོགས་པ།

ཟླ་འདིའི་ཚེས་༢ ནས་དུས་ཡུན་ཟླ་བ་གཅིག་རིང་འདི་ལོའི་རི་བོ་དགེ་ལྡན་པའི་འཇང་དགུན་ཆོས་ཆེན་མོ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ས་གནས་སུ་རྟེན་གཞི་བྱས་པའི་སེ་ར་ཐེག་ཆེན་གླིང་དུ་འཚོག་གི་ཡོད་པ་རེད།

Read more

ཨུ་རི་སུའི་སྲིད་གཞུང་གི་ཆབ་སྲིད་འགལ་ཟླའི་མི་སྣ་བཙོན་འཇུག

ཨུ་རི་སུའི་སྲིད་འཛིམ་པུ་ཀྲིན་གྱི་ཆབ་སྲིད་ཁ་གཏད་ནཱ་ཝལ་ནེ་(Alexei Navalny) ལ་ངན་བྱུས་མགོ་སྐོར་གྱི་ཁ་མཆུའི་གནད་དོན་འོག་ནག་ཉེས་བཙོན་འཇུག་ལོ་གསུམ་དང་ཕྱེད་ཀ་དང་། དེའི་ལྷན་དུ་ཁོང་གི་ཕུ་ནུའང་བཙོན་འཇུག་བྱས་ཡོད་འདུག

Read more

རྫ་ཆུ་ཁ་དང་མོན་གྷོ་ས་གནས་མི་མང་གི་བརྟན་བཞུགས།

ཕྱི་ཟླ་༡༢ ཚེས་༢༨ ཉིན་༧གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་རྟེན་གཞི་བྱས་པའི་ བྱང་རྩེ་གྲྭ་ཚང་དུ་གསུང་ཆོས་ཉིན་ལྔ་པའི་ཐོག མོན་གྷོ་གཞིས་ཆགས་མི་མང་དང་། ཁམས་རྫ་ཆུ་ཁ་སེར་སྐྱ་མང་ཚོགས་ཀྱིས་༧གོང་ས་མཆོག་ལ་མཁའ་འགྲོ་བསུན་བཟློག་དང་འབྲེལ་བའི་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།

Read more
Page 105 of 124« First...103104105106107...Last »